༄༅།།བྱིས་པའི་གདོན་ཆེན་བཅོ་ལྔའི་གཟུངས་བཞུགས་སོ།།

文摘   2024-11-27 10:27   云南  

༄༅།།བྱིས་པའི་གདོན་ཆེན་བཅོ་ལྔའི་གཟུངས་བཞུགས་སོ།།  སྟོན་པའི་བཀའ།

    ༄༅།།ཞང་ཞུང་སྐད་དུ།   ན་མ་སང་གྷ་ཡཱ།    སུམ་པའི་སྐད་དུ།   བྷ་ཧ་ལ་པྲ་པན་ཙ།   བོད་སྐད་དུ།  བྱིས་པའི་གདོན་ཆེན་བཅོ་ལྔ་ལ།  བསྲུང་བའི་གཟུངས་མཆོག་འདི་བསྟན་དོ།    གཤེན་ཆེན་ཡེ་གཤེན་གཙུག་ཕུད་ཀྱིས།    གཡུང་དྲུང་ཤེལ་གྱི་བྲག་དཀར་ལ།  སྟོན་པ་གཤེན་རབ་མི་བོ་ལ།   པུས་མོ་གཡས་པའི་ལྷ་ང་བཙུག    དད་གུས་མོས་པའི་མེ་ཏོག་ཕུལ།   ཡང་དག་བསྟན་པ་སངས་རྒྱས་ལ།    ཕྱག་འཚལ་པ་ནི་མཆོད་བསྟོད་དོ།    བདག་གིས་ལས་རྣམས་ཐམས་ཅད་དུ།     སྟོང་ཆེན་རབ་དུ་འཇོམས་པ་ཡིས།    ཀླུ་རྣམས་ནད་དང་བྱིས་པའི་གདོན།      དེ་དག་མི་ལ་གནོད་པར་བྱེད།   སྲིད་དང་དབང་དང་སྐུར་བར་བྱེད།  གནོད་སྦྱིན་སྲིན་པོ་ཕོ་ཉར་འགྱེད།    རྒྱལ་པོ་རྣམས་ཀྱི་མཐིང་མི་ནུས།    བསྟན་པ་ཡང་ནི་མི་ནུས་སོ།    གང་གི་མངལ་ལ་བུ་ཆགས་པ།    གང་དག་མངལ་དུ་ཟ་བར་གདོན།    སྐྱེས་བུ་བུད་མེད་སོ་སོ་ལ།   ཐིག་ལེ་ལྡགས་ཤིང་མངལ་ཁྲག་སྐམ།   དེ་དག་ཡོངས་སུ་བསྲུང་བའི་གཟུངས།    ཨཱོྃ་ན་མ་སང་གྷ་ཡཱ༔  བ་ཏ་ས་མ་ཡཱ༔  གསད་ཡ་ཐེ་ཏན༔  ཨ་སྨྲྀ་ཏེ༔  ཨ་ཀྲ་ཕུ༔  ཤེ་ས་ཧི༔ ཧ་བྷི་བ་ལེ༔  པ་ན་ཧ་རི་ནི༔  སརྦ་ཨ་ར་ཙི་ཏེ་ཧེ༔      བྷ་ར་བྷ་ར༔     གྷ་ཧ་བ་ཏི༔   གོའུ་ཏ་མེ༔  གོ་གོ་མ་ནི་ར་ན་ཙི༔   ཛམ་པ་ནི༔   ཕུ་ཡེ་ད་ར་ན་སྭཱཧྭཱ༔    པྲ་བྷ་ནི་སྭཱཧྭཱ༔   བྷ་ཧ་ལ་པྲ་བནྩ་ན་སྭཱཧྭཱ༔    ཛ་ཡེ་བི་ཛ་ཡེ་སྭཱཧྭཱ༔    བྱིས་པའི་གདོན་ཆེན་ལ་སོགས་པའི།    མངལ་གྱི་ནང་དུ་གནས་མི་སྟེར།     སྐྱེས་པ་བུད་མེད་མི་ནུས་ཡང་།   དབང་པོ་རྣམས་ཀྱང་མྱོས་པར་བྱེད།    མེར་མེར་པོ་དང་ནུར་ནུར་པོ།    བུ་ཡི་ས་བོན་མ་རུང་བགྱིས།    གང་ཡང་མངལ་ནི་ཐུར་དུ་འགྱུར།    ཤ་མ་མི་འབྱུང་ནད་བགྱིད་པ།    དེ་རྣམས་ཀྱིས་ནི་མིང་བརྗོད་དེ།   སྟོན་པའི་ཞལ་ནས་གསུངས་པ་ཡིས།    སྲིད་པ་ཐམས་ཅད་ང་ལ་ཉོན།    འཇམ་པ་པོ་དང་རི་དྭགས་རྒྱལ།   སྐེམ་བྱེད་བརྗེད་བྱེད་ཁུ་ཚུར་ཅན།    མ་མོ་དང་ནི་ཛ་མི་ག།   འདོད་པ་ཅན་དང་ནམ་གྲུ་དང་།   སྲུལ་པོ་དང་ནི་མ་དགའ་བྱེད།   བྱ་བ་དང་ནི་གཉའ་ལག་ཅན།   ཡང་དག་ཉོན་མོངས་སྐེམ་བྱེད་གདོན།   ལ་ལ་དག་ནི་ལུས་མི་བྱེད།   ལ་ལ་དག་ནི་ཡན་ལག་མི་བྱེད།  དེ་དག་ཐམས་ཅད་ཀླུ་ལས་བྱུང་།    གདོན་རྣམས་ཉི་ཤུ་ཐམ་པ་སྟེ།   ཡོན་བདག་སྲིད་པ་རྣམས་ལ་འཛུག།  བྱིས་པ་རྣམས་ནི་སྐྲག་པར་བགྱིད།    ཇི་ལྟར་བྱིས་པ་འཇིགས་པ་ཡིས།   མཚན་དང་གཟུངས་དུ་བརྗོད་པར་བགྱིས།    འཇམ་པ་པོས་ནི་ཟིན་གྱུར་ན།   མིག་ཀྱང་རབ་ཏུ་འགྱུར་བར་བགྱིས།    རི་དྭགས་རྒྱ་ཡིས་ཟིན་པ་ནི།   སྐྱུག་པ་མི་བཟད་སྐྱུག་པར་འགྱུར།   སྐེམ་བྱེད་ཀྱིས་ནི་ཟིན་གྱུར་ན།    སྐེམ་བྱེད་པས་ནི་བྱིས་པ་སྐེམ།     བརྗེད་བྱེད་ཀྱིས་ནི་ཟིན་གྱུར་ན།    འགྲོ་ཞིང་ད་ལྟར་ངུ་སྒྲ་འབྱིན།   ཝུ་བ་དང་ནི་ཁ་ཆུ་འཛགས།   ཁུ་ཚུར་ཅན་གྱིས་རབ་ཟིན་པ།   ཁུ་ཚུར་བཅའ་ཞིང་འབྱེད་པར་བགྱིད།    མ་མོ་ཡིས་ནི་ཟིན་གྱུར་ན།    རྒོད་ཅིང་དེ་བཞིན་སྒྲ་ཡང་འབྱིན།   ཛ་མི་ཀས་ནི་རབ་ཟིན་ན།   ནུ་སྒོ་ནུ་བར་མངོན་མི་དགའ།   འདོད་པ་ཅན་གྱིས་ཟིན་འགྱུར་ན།   མལ་ནས་གཉིད་ལོག་ངུ་བར་འགྱུར།    ནམ་གྲུས་རབ་ཏུ་ཟིན་འགྱུར་ན།    ལྕེ་ལ་སོ་ནི་འཆའ་བར་བགྱིས།    སྲུལ་པོས་རབ་ཏུ་ཟིན་གྱུར་ན།    ཀུ་ཅོ་འདོན་ཅིང་སྒྲ་ཡང་འབྱིན།    མ་དགའ་བྱེད་པས་ཟིན་འགྱུར་ན།   འགུལ་བར་རབ་ཏུ་འགགས་པར་འགྱུར།   བཞིན་བརྒྱན་ཅན་གྱི་ཟིན་གྱུར་ན།   རིམས་ཀྱིས་བཏབ་ཅིང་འཁྲུག་པར་འགྱུར།   མི་འཕང་པས་ནི་ཟིན་གྱུར་ན།   སྐྱུག་བུས་འདེབས་ཤིང་སྡམ་པ་འབྱུང་།    བྱིས་པ་ཇི་ལྟར་སྐྲགས་གྱུར་ན།    འདི་མི་གཟུགས་ནི་མཆོད་པར་བགྱིས།    འཇམ་པ་པོ་ནི་བ་ལང་གཟུགས།  རི་དྭགས་རྒྱལ་པོའི་རི་དྭགས་འདྲ།   སྐེམ་བྱེད་པ་ནི་རི་དྭགས་གཟུགས།   བརྗོད་བྱེད་པ་ནི་ཝ་འདྲའོ།   ཁུ་ཚུར་ཅན་ནི་བྱ་རོགས་གཟུགས།   མ་མོ་དེ་ནི་མི་ཡི་གཟུགས།   ཛ་མི་ཀ་ནི་རྟ་ཡི་གཟུགས།   འདོད་པ་ཅན་ནི་ཁྲ་ཡི་གཟུགས།    ནམ་གྲུ་ཁྱི་ཞེས་བགྱིས་དེ་ཡི།    ཧྲུལ་པོ་ཕག་གི་གཟུགས་ཀྱིས་སོ།   མ་དགའ་བྱེད་པ་བྱི་ལའི་གཟུགས།   བྱ་ནི་འདོད་ཆགས་གཟུགས་ཀྱིས་སོ།   གཉའ་ལག་ཅན་ནི་བྱ་ཁའི་གཟུགས།   བཞིན་བརྒྱན་འུག་པའི་གཟུགས་ཅེས་ཏེ།    མི་འཕྱང་པ་ནི་འཕར་བའི་གཟུགས།   འདི་དག་བྱིས་པ་སྐྲགས་པར་བགྱིད།   འདི་དག་བུ་འཕྲོག་མ་རུང་པ།   བྱིས་པའི་གདོན་རྣམས་འཇོམས་བགྱིས་པ།    གཡུང་དྲུང་ཞགས་པས་བཅིངས་ནས་ཀྱང་།    འདི་དག་ཤིན་ཏུ་འགུག་པར་བགྱིས།   གནོད་སྦྱིན་སྡེ་དཔོན་ཆེན་པོ་ནས།   དྲི་ཟ་ཙན་ཏན་ཞེས་བགྱིས་པ།    སྟོན་པས་ཡི་གེའི་ཕྱག་རྒྱ་དེས།   ཀླུ་གདོན་ཆོ་འཕྲུལ་རྣམས་ལེགས་པ།   བཅོ་ལྔ་དེ་དག་ཁུགས་ཤིག་ཅེས།   ཕོ་ཉ་ཡང་ནི་བཏང་བར་བྱ།   དེ་དག་རྣམ་པ་འདི་དག་གཅིག    བཅིང་བ་བསྡམ་ལས་གྲོལ་བར་བྱེད།    དེ་ནས་འཇིག་རྟེན་མགོན་པོ་ལ།    ཐལ་སྦྱར་འཁོད་ནས་འདི་སྐད་གསོལ།    སྲོག་ཆགས་ས་བོན་འཇིག་བགྱིད་པ།   འབྱུང་པོ་འདི་དག་ལྷགས་ནས་ནི།    གཤེན་རབ་ཀྱི་ནི་སྤྱན་ལྔ་རུ།    འདི་དག་ཐམས་ཅད་བཤད་མ་ཐག།     བུ་མེད་གང་ཞིག་བུ་མཚམས་ལ།    འདི་ཡི་བཅིང་པ་འཛིན་ཅིང་ཁྲོལ།   ཚེས་བརྒྱད་དང་ནི་བཅུ་བཞི་ལ།   བླ་མ་བོན་དང་གཟུངས་སྡེ་ལ།   སྐྱབས་སུ་མཆིས་ལ་ཀླུ་རྣམས་མཆོད།   དཀར་མངར་དར་ཟབ་རིན་པོ་ཆེ།    བསང་གསུར་ལེགས་པར་བསྔོ་བར་བགྱིས།   ཉོན་མོངས་ཀླུ་ལ་ཁྲུས་བགྱིས་ཏེ།   ཀླུ་གཉན་དབང་སྡུད་ཕྱག་རྒྱ་བཅའ།   མཚེ་དང་ཉུངས་ཀར་སྔགས་ལ་གཏོར།   འཆང་བདག་མདུན་དུ་གྲལ་སྒྲིགས་ལ།    སྦྱིན་པོར་ཉུངས་ཀར་བཞག་ནས་ནི།    རང་ཉིད་གཤེན་རབས་སྐུ་བསྐྱེད་ལ།    ནད་གྲོལ་འདི་དག་བྱ་བ་ལ།    ལོ་ཡི་གྲངས་ཀྱིས་ལས་བགྱིས་ལ།    དེ་ཡི་བར་དུ་ཕན་པར་བགྱིས།    གཞོན་ནུ་རྣམས་ནི་དཔལ་བསྐྱེད་དང་།    བཞིན་ལག་ཤིན་ཏུ་དག་པར་བགྱིས།    སྟོན་པས་སྤྲུལ་བ་གཡུང་དྲུང་སེམས་དཔའ་ཡེ་གཤེན་གཙུག་ཕུད་ཀྱིས།   སྔགས་འདི་བཟླས་པ་ཡིས།    ཧ་མ་ར་ཛ་ན་མ་པ་ར་བ།    དགོས་པ་བཞིན་དུ་བཀའ་བསྩལ་པ།     སྟོན་པའི་བཀའ་ཉན་མ་འདོད་ན།   ཀླུ་ཁྱོད་རྣམས་མགོ་བོ་ཡང་ཚལ་པ་བདུན་དུ་ཀས་པས་སྔགས།     ཨཱོྃ་དུ་ན་ཡ་ན༔  གསད་ཡ་ཐེ་ཏན༔   རི་དུ་སེང་གེ་ནད་གེ་སད༔   བྷ་བྷེ་བེ་ནེ༔  ཨ་ནན་ཏིའ་པ་ཏི༔   སུ་ལུ་གི་རི་གི་རི་ཤ་བི་རི་གུ་རུ་ནི་ས་མ་ད་པ༔   རེ་ལ་སེ་ནེ་ད་མ༔  ཏེ་ལ་སེ་ན༔   ས་པ་ར༔   ས་ག་ནེ་ཏུ་ར་འུ་ཤན་སྭཱཧྭཱ༔   སྟོན་པས་རིགས་སྔགས་འདི་བརྗོད་པས།    བྱིས་པའི་གདོན་ཆེན་བཅོ་ལྔ་བཟློགས་པར་འགྱུར་རོ། 

  ན་མོ་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། བཀའ་མདོ་རྒྱུད་ལུང་མན་ངག་རྣམས་ཀྱི་བཀའ་བདེན་པ་དང༌། གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བཀའ་བདེན་པ་དང༌། རྒྱུད་གསུམ་འཛིན་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་སྒྲུབ་གཤེན་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཡས་ཀྱི་བདུད་གཡོས་པ་བཟློག་ཅིག མས་ཀྱི་སྲི་ལང་བ་བཟློག་ཅིག བྱེའོ་བཙན་འདྲོལ་བ་བཟློག་ཅིག མཐོན་པོའི་དམུ་བརྩོད་པ་བཟློག་ཅིག རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག་ཅིག གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག་ཅིག ས་བདག་ཀླུ་གཉན་གྱི་གཏད་དུ་བཅུག་པ་བཟློག་ཅིག སྲིན་པོའི་ཙ་ཀྲ་བསྐོར་བ་བཟློག་ཅིག བན་བོན་གྱི་བྱད་ཁ་གཏོང་བ་བཟློག་ཅིག ཕྲ་མེན་གྱི་ངན་སྔགས་བསྐོར་བ་བཟློག་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག གློ་བུར་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཅིག གདོན་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཅིག ཕོ་བརྒྱའི་མདའ་བདར་བ་བཟློག་ཅིག མོ་བརྒྱའི་དུག་གཡོས་པ་བཟློབ་ཅིག ཀིང་ཀང་དང་བཞི་གཤེད་བཟློག་ཅིག ལོ་ངན་དང་ཟླ་ཟུར་བཟློག་ཅིག ལྟས་ངན་དང་དགྲ་ཐན་བཟློག་ཅིག མོ་ངན་དང་རྨི་ངན་བཟློག་ཅིག བོན་ཟོར་དང་ཆོས་ཟོར་བཟློག་ཅིག ཕུར་བུའི་དབལ་སོ་བཟློག་ཅིག དྲང་སྲོང་གིས་དམོད་པ་གཏོང་བ་བཟློག་ཅིག མུ་སྟེགས་ཀྱི་ངན་སྔགས་བཟློག་ཅིག བདུད་ཀྱི་ཆོ་འཕྲུལ་ངན་པ་བཟློག་ཅིག མི་མཐུན་པའི་འགལ་རྐྱེན་བར་ཆད་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག། །།

      རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་ལྷ་སྲིན་ཕམ་རྒྱལ་རྩོད་དུས་གསུངས་པ་ནི། ཞི་བར་གྱུར་ཅིག་བདུད་ཀྱི་སྡེ། །སྟོང་པར་གྱུར་ཅིག་ངན་སོང་གསུམ། །དར་ཞིང་རྒྱས་གྱུར་གཡུང་དྲུང་བོན། །དེ་བཞིན་ཡོངས་ཁྱབ་སེམས་ཅན་རྣམས། །བྱང་བར་གྱུར་ཅིག་སྡིག་དང་སྒྲིབ། །འཕེལ་བར་གྱུར་ཅིག་དགེ་བའི་ཚོགས། །བཀྲ་ཤིས་ཐོབ་ཅིག་ཡོན་གྱི་བདག །ཐོས་པར་གྱུར་ཅིག་སྟོན་པའི་བཀའ། །བཙན་པར་གྱུར་ཅིག་སྨོན་ལམ་མཐའ། །ཕྱོགས་བཅུའི་དུས་གསུམ་བདེ་བར་གཤེགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །གཉིས་མེད་ངང་ལ་མཉམ་གྱུར་ཅིག །སྟོན་པའི་ཐུགས་རྗེ་ཆེ་བར་ཤོག ལྷ་ཡི་སྨོན་ལམ་བཙན་པར་ཤོག །བོན་གྱི་བསྟན་པ་དར་བར་ཤོག །སེམས་ཅན་བདེ་སྐྱིད་འཛོམས་པར་ཤོག །མུ་དགེ་སྡིག་ཚོགས་ནུབ་པར་ཤོག །སྲིན་གྱི་དམོད་པ་རྒུད་པར་ཤོག །འཁོར་བ་སེམས་ཅན་ཐམས་ཅད་ཀྱང༌། །སྡུག་བསྔལ་མྱ་ངན་རྒྱུན་ཆད་ནས། །བཀྲ་ཤིས་དམ་པ་ཐོབ་པར་ཤོག ། ཅེས་མདོ་གཟེར་མིག་ལས་བྱུང་བའོ། །བདེར་གཤེགས་སྤྱན་དྲངས་ཕྱག་འཚལ་མཆོད་པ་ཕུལ་བ་དང༌། །བཤགས་དང་སྡོམ་དང་གསོལ་བ་བཏབ་པ་དང༌། །སྨོན་ལམ་བཏབ་པའི་དགེ་བ་ཅི་བསགས་པ། །འགྲོ་བ་རྣམས་དང་ཐུན་མོང་སྤྱིར་བྱས་ཏེ། །ཀུན་ཀྱང་བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །བདག་གཞན་དོན་དུ་བྱང་ཆུབ་ས་ལ་བསྔོ། །སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས། །དམིགས་པ་མེད་པར་བསྔོས་པ་ཇི་བཞིན་དུ། །བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། །བདག་ཀྱང་དེ་བཞིན་དུ་དམིགས་པ་མེད་པར་ཡོངས་སུ་བསྔོ་བར་བགྱིའོ། ྋ །རྗེ་རྒྱལ་བ་འདུས་པའི་ངོ་བོ་ཉིད། །བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པར། །ཆགས་མེད་ཀྱི་རང་གྲོལ་ལ་སྤྱོད་པར་ཤོག །སྒྱུ་ལུས་ལ་ཞེན་པ་མི་ཆགས་པར། །སྒྱུ་མ་ཡི་མཚན་ཉིད་འཛིན་པར་ཤོག །འདོད་ཡོན་ལ་ཞེན་པ་མི་ཆགས་པར། །ཆོག་ཤེས་ཀྱི་གཏེར་ལ་སྤྱོད་པར་ཤོག །བར་ཆད་ཀྱི་རྐྱེན་ཁར་མི་འཆོར་བར། །རང་སེམས་ལ་ངེས་ཤེས་འཁྲུངས་པར་ཤོག །ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བར། །དོན་ཟབ་ཀྱི་རོ་མཆོག་མྱོང་བར་ཤོག །ཀུན་རྫོབ་ཀྱི་སྣང་བ་ལ་མི་འགག་པར། །དོན་དམ་གྱི་ཞེན་ཡུལ་གྲོལ་བར་ཤོག །ཐབས་ཀྱི་ལམ་མཆོག་རྙེད་པ་དང༌། །ཤེས་རབ་ཀྱི་ས་གནས་བགྲོད་པར་ཤོག །སྟོང་གསལ་དུ་སྣང་བ་ལྷན་ཅིག་ཏུ། །སྣང་སྟོང་དུ་རང་ངོ་འཕྲད་པར་ཤོག །རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་དུས། །འོད་གསལ་དུ་མ་བུ་འཕྲད་པར་ཤོག །མཁྱེན་པའི་ཉི་མ་ཤར་བ་དང༌། །བརྩེ་བའི་འགྲོ་ལ་ཕན་པར་ཤོག །སྒོ་གསུམ་གྱི་རྣམ་སྨིན་ཀུན་བྱང་ནས། །སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག །བསམ་སྦྱོར་དག་པའི་སྨོན་ལམ་འདི། །སྨོན་པ་བཞིན་དུ་འགྲུབ་པར་ཤོག ྋ །སྨོན་ལམ་འདི་བཏབ་དགེ་བའི་མཐུ་དཔལ་གྱིས། །ནད་མུག་མཚོན་གྱི་བསྐལ་པ་ཞི་བ་དང༌། །དཔལ་འབྱོར་བསོད་ནམས་ཕུན་སུམ་ཚོགས་པ་ཡིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སངས་རྒྱས་བསྟན་པ་རབ་དར་ནས། །སེམས་ཅན་དཔལ་འབྱོར་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུའི་རྒྱ་མཚོ་ལྟར། །དུས་ནམ་རྟག་ཏུ་བཀྲ་ཤིས་ཤོག ། ཅེས་བདབ་བོ། །གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ  སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章