ཚེ་ཆེ་གེ་མོའི་བློ་ཁོག་ལ། ལྷ་ནག་མྱུར་བགྲོད་གཞུང་ལམ་དུ……

政务   2024-12-27 17:32   西藏  


    2024ལོའི་ཟླ་12ཚེས་25ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ནག་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཅིང་བོད་མྱུར་བགྲོད་གཞུང་ལམ་དུ་ཉེན་ཟོན་སྐོར་ཞིབ་བྱེད་སྐབས། ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་སྤྱི་ལེ་3807དང་སྨི་500ཡི་ལམ་ཟུར་དུ་འཁོར་རྟགས་ཡུས་DP787Yཡིན་པའི་རླངས་འཁོར་ཞིག་ཁ་བཀག་ཡོད་པ་མཐོང་། ཉེན་རྟོག་པས་ལམ་ཟུར་དུ་རླངས་འཁོར་ཁ་བཀག་དོན་ཅི་ཡིན་ལྟ་བར་བསྐྱོད་པས། ཚེ་ཆེ་གེ་མོར་ཁ་ལོ་བའི་ལག་ཁྱེར་མེད་བཞིན་དུ་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་དོགས་གཞི་ཡོད་པ་ཤེས། 



    ཚེ་ཆེ་གེ་མོའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་དམིགས་ཏེ། ལྷ་སའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལག་བསྟར་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བབ་མཐུན་གྱི་ཉེས་ཆད་བཏང་ཡོད་པ་རེད།



    “《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་གཏན་འབེབས་ལྟར་ན། འཕྲུལ་སྒུལ་འཁོར་རིགས་གཏོང་མཁན་གྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་ཁྲིམས་བཞིན་ལེན་དགོས། ལག་ཁྱེར་མེད་བཞིན་དུ་འཁོར་རིགས་གཏོང་བ་ནི་ཁྲིམས་འགལ་གྱི་བྱེད་སྤྱོད་ཅིག་ཡིན་པ་དང་། དེས་ཁྱེད་རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོ་སྲིད”ཅེས་མི་དམངས་ཉེན་རྟོག་པས་ཚེ་ཆེ་གེ་མོར་སྐྱོན་བརྗོད་དང་སློབ་གསོ་ནན་པོ་བཏང་བ་དང་། ཚེ་ཆེ་གེ་མོས་ཀྱང་ཁ་ཏ་སློབ་གསོ་དང་ལེན་བྱས་ནས་ཁྲིམས་སྲུང་དང་བདེ་འཇགས་ཀྱི་སྒོ་ནས་སྐྱོད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།


གསར་དུ་བཀས་བཅད་པའི་ཐ་སྙད། སྤྱོད་གོ་ཆེ། ཚང་མས་འདི་ལྟར་སྤྱོད་ཅིག

ས་ཆ་འདི་དག་ལ་གངས་ཧ་ཅང་ཆེ་བ་འབབ་རྒྱུའི་ཉེན་བརྡ་སེར་པོ་བཏང་འདུག

བོད་ཀྱི་རོལ་དབྱངས་མཁས་ཅན་ཨ་ཇོ་རྣམ་རྒྱལ་ལགས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
   ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། 



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章