མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གནད་དོན་ཐག་གཅོད་འདི་ལྟར་བྱེད་དགོས།

政务   2024-12-18 18:12   西藏  

    ཟླ་12ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་ཞུ་བཅར་ལ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ་རེད།

ཝང་ཅུན་ཀྲེང་གིས་ཞུ་བཅར་སྣེ་ལེན་ཚོམས་ཆེན་དུ་འབྲེལ་ཡོད་ལས་དོན་མཁྱེན་རྟོགས་གནང་བཞིན་པ།


    ཝང་ཅུན་ཀྲེང་ཞུ་བཅར་སྣེ་ལེན་ཚོམས་ཆེན་དང་། འགོ་ཁྲིད་ཀྱི་ཞུ་བཅར་དང་ལེན་ཁང་། ཁྲིམས་རྩོད་པའི་ཞུ་བཅར་དང་ལེན་ཁང་། འདུམ་འགྲིག་ཁང་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ལོ་འཁོར་མོའི་ཞུ་བཅར་སྣེ་ལེན་ཞུ་ཚད་དང་། ཡིག་འབུལ་ཞུ་བཅར་གྱི་རིགས་གཙོ་བོ། ཐེངས་གཅིག་རང་ལ་འདུམ་འགྲིག་བྱེད་ཚད། འགྱངས་ཆད་གཉིསབཅོས་སྒྲིག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཡིག་འབུལ་ཞུ་བཅར་ལས་བྱེད་པས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཝང་ཅུན་ཀྲེང་གིས་ཞུ་བཅར་སྣེ་ལེན་ཚོམས་ཆེན་དུ་འབྲེལ་ཡོད་ལས་དོན་མཁྱེན་རྟོགས་གནང་བཞིན་པ།

    རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱི་ཞུ་བཅར་སྣེ་ལེན་ཁང་དུ་ཝང་ཅུན་ཀྲེང་གིས་ཡིག་འབུལ་ཞུ་བཅར་ལ་ཡོང་མཁན་མང་ཚོགས་ཁག་གཉིས་ལ་སྣེ་ལེན་ཞུས་ནས། མང་ཚོགས་ཀྱིས་གོང་ཞུ་བྱས་པའི་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ནན་ཏན་གསན་པ་དང་། གནད་དོན་གྱི་འབྱུང་རྩ་དང་། སྒྲུབ་གཉེར་གྱི་དཀའ་གནད། ཐག་གཅོད་ཀྱི་འཕེལ་རིམ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ས་གནས་ས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་མཉམ་དུ་ཐག་གཅོད་ཇུས་གཞིར་ཞིབ་འཇུག་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་སྔར་བས་འགན་འཁྲི་ནན་དཀྲིས་ཀྱིས་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལྟ་བཤེར་སྒྲུབ་སྐུལ་ལ་རྗེས་སྙེགས་བྱེད་པ། ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་པ་ལས་མིའི་འགྱངས་ཆད་གླ་ཆ་གང་མགྱོགས་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡིག་འབུལ་ཞུ་བཅར་ལས་དོན་ནི་མང་ཚོགས་སྒོ་རྩར་ཡོང་ནས་སྒྲུབ་རོགས་ཞུས་པ་ཞིག་དང་། ཡུལ་བབ་དམངས་འདུན་གྱི་མཚོན་བྱེད་ཅིག ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ཞིག་བཅས་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། རང་རྟོགས་ངང་ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཡིག་འབུལ་ཞུ་བཅར་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་འདེད་གཏོང་བ་དང་། བརྩེ་སེམས་དང་འགན་འཁྲི་བློ་ལ་བཅངས་ཏེ་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པ། སེམས་གཏིང་ནསགཏན་འཁེལ་གཉིསལ་བརྩི་བཀུར་ཞུ་བ་དང་ལྷག་བསམ་རྣམ་དག་གིསསྲུང་སྐྱོང་གཉིསལག་བསྟར་བྱེད་པ་དེ་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པའི་ཞིབ་ཕྲའི་གྲུབ་འབྲས་ཐོག་ནས་མངོན་པར་བྱེད་དགོས།


▶ རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོཊ་ཡོངས་ནས་ཁྱབ་གདལ་གཏོང་དགོས།

ས་ཆ་འདི་དག་ལ་གློག་མིག་གསར་པ་14བསྒར་འདུག ཁ་ལོ་བ་ཚོས་ཡིད་གཟབ་གྱིས།

མ་ཉེས་ཁག་གཡོགས་བྱས་པའི་ཉེན་རྟོག་པ་ཁོང་ལ་དྲང་པོས་གཞུང་བསྲངས་ནས……





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章