དེ་འདྲའི་ཉེན་ཁ་ལ་ཨང་། མྱུར་བགྲོད་གཞུང་ལམ་དུ……

政务   2024-12-20 18:10   西藏  



    ཟླ་12ཚེས་16ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་ཉིང་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཉིང་ཁྲི་ནས་ལྷ་སར་སྐྱོད་སའི་མྱུར་བགྲོད་གཞུང་ལམ་དུ་སྐོར་གཡེང་བྱེད་སྐབས། 1852KMལམ་དུམ་དུ་རྒྱབ་བཞོན་བརྒྱབ་པའི་གློག་སྒུལ་སྦག་སྦག་ཅིག་སྐྱོད་བཞིན་པ་མཐོང་བ་རེད།

     “འདི་ལྟར་བྱས་ན་རང་ཉིད་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་མ་འཁུར་བ་ཞིག་རེད་ལ། མི་གཞན་གྱི་ཚེ་སྲོག་བདེ་འཇགས་ལའང་འགན་མ་འཁུར་བ་ཞིག་རེད། གལ་སྲིད་འགྲིམ་འགྲུལ་ལས་འཛོལ་ཐོན་ཚེ་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་སྲིད” ཅེས་མི་དམངས་ཉེན་རྟོག་པས་ཁ་ཏ་བསླབ་བྱ་བྱས་པ་དང་སྦྲགས། བདེ་འཇགས་འགན་ལེན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཕྲལ་དུ་མྱུར་བགྲོད་གཞུང་ལམ་ནས་འབབ་ཏུ་བཅུག་པ་དང་། སྦག་སྦག་བདེ་འཇགས་ཁུལ་དུ་སླེབས་རྗེས་མི་དམངས་ཉེན་རྟོག་པས་སྔོན་ཆད་ཐོན་པའི་གནས་ཚུལ་ངོ་མ་དང་ཟུང་འབྲེལ་བྱས་ནས། སྐྱོན་བརྗོད་སློབ་གསོ་ནན་པོ་བརྒྱབ་པ་མ་ཟད། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས་དེར་བརྩི་སྲུང་ཞུས་ཏེ་གནས་ཚུལ་དེའི་རིགས་སླར་ཡང་མི་ཐོན་པ་བྱེད་དགོས་པའི་ཁ་ཏ་བསླབ་བྱའང་བྱས་པ་རེད།



འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ།






    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་རེ་བདུན་པར་གཞིགས་ན། འགྲུལ་པ་དང་། འཕྲུལ་སྒུལ་མིན་པའི་འཁོར་རིགས། ཐོ་ཕྲུག་སོགས་དང་དེ་བཞིན་ཆུ་ཚོད་རེར་མྱུར་ཚད་མཐོ་ཤོས་སྤྱི་ལེ་70མན་ལས་གཏོང་རྒྱུ་མེད་པའི་འཕྲུལ་སྒུལ་འཁོར་རིགས་གཞན་དག་མྱུར་བགྲོད་གཞུང་ལམ་དུ་བསྐྱོད་ཆོག་གི་མེད།


མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གནད་དོན་ཐག་གཅོད་འདི་ལྟར་བྱེད་དགོས།

བྱང་ཐང་དུ་ཆུ་ཟོམ་ཁུར་ཏེ་ཆུ་ལེན་པའི་ལོ་རྒྱུས་མཇུག་འགྲིལ་བ།

གླུ་འདི་ནས་སྦག་ཞྭ་དང་སྲུང་ཐག་གི་གལ་ཆེན་རང་བཞིན་རྟོགས་ཐུབ།





     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章