ལྷ་ས་སྐྱིད་ཆུའི་ཆུ་འགོ་གང་ནས་རྒྱུག་མིན་མཁྱེན་ནམ།

政务   2024-12-20 09:27   西藏  


    གཉན་ཆེན་ཐང་ལྷ་རི་རྒྱུད་དང་གངས་ཏི་སེ་རི་རྒྱུད་གཉིས་ཀྱི་རྒྱུད་དུ་ཆུ་རྒྱུན་མང་པོ་ཡོད་པའི་ནང་གཙོ་ཆེ་བ་ནི་ཡར་ཀླུངས་གཙང་པོ་དང་། ལྷ་ས་སྐྱིད་ཆུ། སྙེ་མོ་མ་ཆུ་སོགས་ཡིན། དེའི་ནང་ནས་ཀྱང་ཁུལ་དེའི་གཙང་པོ་གཙོ་བོ་ནི་ས་ཁུལ་ཡོངས་སུ་ཁྱབ་པའི་ལྷ་ས་སྐྱིད་ཆུ་ཡིན་པས་དེས་ཁུལ་ཡོངས་ཀྱི་ཆུ་རྒྱུན་འབབ་ཡུལ་རྒྱ་ཁྱོན་གྱི་80%ཡན་ཟིན་གྱི་ཡོད་པ་རེད།

    ལྷ་ས་སྐྱིད་ཆུ་ནི་ཡར་ཀླུངས་གཙང་པོའི་ཆུ་རྒྱུན་མ་ལག་གི་ཁོངས་སུ་གཏོགས་ཤིང་། ཡར་ཀླུངས་གཙང་པོའི་ཡན་ལག་ཆེ་བ་ལྔའི་ཡ་གྱལ་ཞིག་དང་། ས་ཁུལ་དེའི་ཆུ་རྒྱུན་འབབ་ཡུལ་རྒྱ་ཁྱོན་ཆེ་ཤོས་དང་། རིང་ཤོས་ཀྱི་ཆུ་རྒྱུན་ཞིག་ཡིན། དེ་ཉིད་གཉན་ཆེན་ཐང་ལྷ་རི་རྒྱུད་ཀྱི་ནུབ་དང་དབུས་ཁུལ་ནས་རྒྱུ་བ་དང་། ལྷ་རི་དང་། ནག་ཆུ། འདམ་གཞུང་། ལྷུན་གྲུབ། མལ་གྲོ་གུང་དཀར། སྟག་རྩེ། སྟོད་ལུང་བདེ་ཆེན། གྲོང་ཁྱེར་ལྷ་ས། ཆུ་ཤུར་བཅས་རྫོང་དགུ་དང་གྲོང་ཁྱེར་གཅིག་བཅས་ཀྱི་ཁོངས་སུ་རྒྱུགས་པ་དང་། ཆུ་འགོ་ནི་གཉན་ཆེན་ཐང་ལྷ་རི་རྒྱུད་ཀྱི་ལྷ་རི་རྫོང་གི་སྨྲི་ཏི་ཁ་ཆུས་ཀྱི་ཕུ་མཚོ་ལ་ཐུག་པ་དང་། ཆུ་ཤུར་རྫོང་གི་ཤར་ལྷོའི་ཕྱོགས་ནས་ཡར་ཀླུངས་གཙང་པོར་འགྲིལ་གྱི་ཡོད། ལྷ་སའི་སྐྱིད་ཆུ་ནི་སྨྲི་ཏི་གཙང་པོ་དང་། གསེབ་རིང་གཙང་པོ། རྭ་སྒྲེང་གཙང་པོ། འབྲི་གུང་གཙང་པོ། འདམ་ཆུ། ལྷ་ཆུ། བཟང་ཆུ། ཡུལ་ངན་ཆུ། མལ་གྲོ་མ་ཆུ། སྟོད་ལུང་ཆུ་ལ་སོགས་པ་ལས་གྲུབ་ཡོད།


མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གནད་དོན་ཐག་གཅོད་འདི་ལྟར་བྱེད་དགོས།

བྱང་ཐང་དུ་ཆུ་ཟོམ་ཁུར་ཏེ་ཆུ་ལེན་པའི་ལོ་རྒྱུས་མཇུག་འགྲིལ་བ།

གླུ་འདི་ནས་སྦག་ཞྭ་དང་སྲུང་ཐག་གི་གལ་ཆེན་རང་བཞིན་རྟོགས་ཐུབ།





     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章