ཁ་ས། ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུར……

政务   2024-12-28 16:21   西藏  


    ཟླ་12ཚེས་27ཉིན། ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

    ཝང་ཅུན་ཀྲེང་གིས་གསུངས་དོན། མིག་སྔའི་བོད་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད། གྲུབ་འབྲས་འདི་འདྲ་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་པའི་འབྲས་བུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འབད་འཐབ་ཧུར་ཐག་བྱས་པའི་འབྲས་བུ་བཅས་ལས་བྱུང་བ་ཞིག་རེད། ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་མི་སྣས་ཀྱང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་གཅིག་གྱུར་གྱིས་བོད་ཀྱི་ཆོས་ལུགས་ལས་དོན་ཧུར་ཐག་ངང་ཡག་པོ་སྒྲུབ་དགོས། ཆོས་ལུགས་ལས་དོན་གྱི་དམིགས་བསལ་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཆོས་ལུགས་ཀྱི་ལོ་རྒྱུས་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ནན་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་དུས་སྐབས་ཀྱི་ཆོས་ལུགས་ཀྱི་འཕེལ་རྒྱས་ཁྱད་ཆོས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཚན་རིག་དང་མཐུན་པའི་ལས་ཀའི་བྱེད་ཐབས་ལ་ཡང་དག་པའི་ངང་སྟངས་འཛིན་དང་བེད་སྤྱོད་བྱེད་པ། ཆོས་ལུགས་ལས་དོན་གྱི་ངོ་བོར་ངོས་འཛིན་གཏིང་ཟབ་བྱས་ཏེ་དད་ལྡན་མང་ཚོགས་ཚུད་པའི་མི་རིགས་ཁག་གི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཐུབ་པར་བྱས་ནས་རང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ཚོགས་ར།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་སྤེལ་བཏང་བར་ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་བྱེད་པ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་བཞིན་ཤུགས་སྣོན་རྒྱག་པ། དགོན་སྡེའི་སྤྱི་པའི་ཞབས་ཞུ་འགན་ལེན་ནུས་ལྡན་བྱེད་པ། ལྗོངས་ཡོངས་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་གསུམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ཆོས་ལུགས་ཁྱབ་ཁོངས་ནས་ཞི་མཐུན་གྱི་རྣམ་པ་བཟང་པོ་མངོན་ཞིང་། ཆབ་སྲིད་ཀྱི་ལངས་ཕྱོགས་དེ་བས་བརྟན་པ་དང་། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་བྱ་སྤྱོད་དེ་བས་རང་རྟོགས་སུ་གྱུར་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་བས་བརྟན་དུ་ཕྱིན་པ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་འདེགས་ཞུ་སེམས་སྔར་བས་ཆེ་རུ་ཕྱིན་པ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་བཅས་བྱུང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། རྒྱ་ཆེའི་ཆོས་ཕྱོགས་ལས་རིགས་མི་སྣས་གྲུབ་འབྲས་མུ་མཐུད་དར་སྤེལ་གཏོང་བ་དང་ཡང་འབད་བསྐྱར་འབད་བྱས་ཏེ་རང་སྟོབས་ཀྱི་ནུས་པ་སྔར་བས་འདོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་སྐུལ་ཁྲིད་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་བཏོན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། རླབས་ཆེན་གྱི་གཙོ་འཛིན་ལ་བརྩི་བཀུར། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་རིམ་བྱོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བློ་གཅིག་སེམས་གཅིག་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། “མོས་སེམས་ལྔ”སྔར་བས་ཟབ་ཏུ་བཏང་ནས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་དང་སློབ་གསོ་གཏོང་བའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་དེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རང་རྟོགས་ཀྱི་དོན་གཉེར་བྱ་ཡུལ་ལ་འགྱུར་བར་བྱེད་དགོས། “ཚད་གཞི་བཞི”བརྩི་སྲུང་ལག་བསྟར་ནན་ཏན་བྱས་ཏེ་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་དངོས་འབྲེལ་ཐུབ་པར་བྱས་ནས“གྲྭ་བཙུན་ཡག་པོ་བཞི”བརྩོན་ལེན་བྱས་ཏེ། མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པ་བཟང་པོར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། “འཛུགས་གཏོད་བཞིའི”ནང་མུ་མཐུད་ཞུགས་ནས“ཆོས་སྒོར་ཞུགས་ཀྱང་རྒྱལ་གཅེས་མི་བརྗེད་པ་དང་སྒོམ་ལ་ཞུགས་ཀྱང་འགྲོ་ཕན་མི་བརྗེད་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། བདག་པོའི་རྣམ་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ“དོན་ཆེན་བཞི”དང“འཛུགས་གཏོད་བཞི”དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་སྐུལ་འདེད་གཏོང་དགོས། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ལག་ལེན་བསྟར་ཏེ་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་གང་ལེགས་འདོན་པ་དང་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།


    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཏན་ཏིག་ཁུར་ཏེ་ཆོས་ལུགས་ལས་དོན་དེ་ལས་ཀའི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་དགོས། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་དོ་དམ། སྤྱི་ཚོགས་ཀྱིས་མཐུན་སྦྱོར། ཆོས་པས་རང་གཅུན་བཅས་བྱེད་པའི་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་རྣམ་པ་གཏོད་པར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ལེགས་པར་སྒྲུབ་པའི་ཏང་སྲིད་ལས་བྱེད་པའི་དཔུང་ཁག་དང་། ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་དཔུང་ཁག མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་སློབ་ཁྲིད་ཞིབ་འཇུག་དཔུང་ཁག་བཅས་གསོ་སྐྱོང་ཧུར་ཐག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།


ཁ་ས། ལྗོངས་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ལྷ་སར་འཚོགས་འདུག

ལྷ་སར་དཔྱིད་གསར་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་འཛུགས་རྒྱུ་རེད་འདུག

བོད་ཀྱི་རོལ་དབྱངས་མཁས་ཅན་ཨ་ཇོ་རྣམ་རྒྱལ་ལགས།




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
 ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ། 



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章