བྱང་ཐང་དུ་ཆུ་ཟོམ་ཁུར་ཏེ་ཆུ་ལེན་པའི་ལོ་རྒྱུས་མཇུག་འགྲིལ་བ།

政务   2024-12-18 09:18   西藏  



    ཉེ་ཆར། གསར་འགོད་པ་ཤན་རྩ་རྫོང་འཁྱག་ཤང་དེ་ལྷེམ་གྲོང་ཚོའི་ཆོས་དར་དང་འཆི་མེད་བཟའ་ཚོའི་ཤེལ་ཁང་དུ་སླེབས་སྐབས། ཆུ་ཀ་ལ་ནས་དོན་པའི་ཆུ་སྒྲ་རྣ་བའི་བུ་གར་ལྷང་ལྷང་དུ་འཛུལ་འོང་། འགྲམ་དུ་བསྐྱོད་ནས་ལག་པ་རེག་སྐབས་ཆུ་ཚ་པོ་རེད་འདུག གསར་འགོད་པས་དགའ་ཚོར་ཆེན་པོས་སྐད་ཆ་དྲིས་པ་བརྒྱུད། ས་བབ་མཐོ་ཚད་སྨི་4860ཟིན་པའི་དེ་ལྷེམ་གྲོང་ཚོར་ཆུ་ཀ་ལ་ཁྲིད་ཟིན་པ་གཞི་ནས་ཤེས། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱེད་རིང་། དེ་ལྷེམ་གྲོང་ཚོའི་དུད་ཚང་55ཚང་མར་ཆུ་ཀ་ལ་ཁྲིད་པས། ཡུལ་དེའི་འབྲོག་པ་མང་ཚོགས་དབྱར་དགུན་རིང་ཆུ་ཟོམ་ཁྱེར་ནས་ཆུ་ལེན་པར་འགྲོ་བའི་ལོ་རྒྱུས་མཇུག་འགྲིལ་ཡོད།


    ཆོས་དར་གྱིས་ཕྱིར་དྲན་བྱེད་བཞིན་དུ། དེ་ལྷེམ་གྲོང་ཚོའི་ཡུལ་མིའི་འཚོ་བའི་འཐུང་ཆུ་ལེན་སྟངས་ལ་འགྱུར་ལྡོག་ཆེན་པོ་ཐེངས་4བྱུང་བ་སྟེ། 2006ལོའི་གོང་དུ་གྲོང་ཚོའི་མདུན་གྱི་གཙང་པོ་ནས་ཆུ་ལེན་པར་འགྲོ་དགོས་པས། ཆུ་ཐེངས་གཅིག་ལེན་པར་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་འགོར་བ་དང་། ཉིན་གཅིག་ལ་མ་མཐར་ཡང་ཆུ་ལེན་པར་ཐེངས་གཉིས་ཙམ་འགྲོ་དགོས། 2006ལོར་གྲོང་ཚོར་ཁྲོན་པ་གསུམ་དྲུས་པས་ཁྲོན་པ་ནས་ཆུ་ལེན་རྒྱུ་ཡོད་མོད། འོན་ཀྱང་དགུན་ཁ་ཁྲོན་པར་འཁྱགས་པ་ཐེབས་ཏེ་ཆུ་ལེན་ཁག་པོ་ཡོད། 2019ལོར་འོད་ཤུགས་གློག་གཏོང་གི་འཕྲུལ་ཁྲོན་སྤྱོད་འགོ་ཚུགས་པས་ཆུ་ལེན་པར་སྟབས་བདེ་རུ་སོང་རུང་འཕྲུལ་ཁྲོན་ནས་ཁྱིམ་བར་ཉིན་གཅིག་ལ་ཐེངས་ཁ་ཤས་འགྲོ་དགོས་ཀྱི་ཡོད། 2022ལོར་མཛེས་མཐུན་གྲོང་གསེབ་བསྐྲུན་པས། ཆུ་ལེན་པར་ཐག་རིང་པོ་འགྲོ་དགོས་མེད་པར་རང་ཁྱིམ་ནས་ཆུ་ལེན་ཐུབ་ཀྱི་ཡོད། 
    སྔར་ནས་བཟུང་། ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་ཡི་ཡོད། ཆུ་ཐིགས་གཅིག་ལས་ཉི་མའི་འོད་ཟེར་ལྟ་བུའི་ཏང་གི་སྲིད་བཟང་གི་བཀའ་དྲིན་ཚོར་ཐུབ་ཀྱི་ཡོད་ལ། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དག་ཟས་གོས་འགྲོ་སྡོད་གང་ས་ནས་མངོན་ཐུབ་ཀྱི་ཡོད།


    ཁྱིམ་ཚང་གི་གཙང་སྦྲ་ལེགས་སུ་ཕྱིན་པ་དང་། འཚོ་བའི་འཐུང་ཆུ་དེ་བས་གཙང་བ། ཁྱིམ་ཚང་གི་ངལ་རྩོལ་ཁུར་པོ་ཡང་དུ་ཕྱིན་པ་སོགས་འཁྱག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཀྲེན་ཁུན་གྱིས་ཁྱིམ་ཚང་དུ་ཆུ་ཀ་ལ་ཁྲིད་རྗེས་ཀྱི་འགྱུར་ལྡོག་སྐོར་གླེང་ཞིང་། ཆོས་དར་གྱིས་ཧྲུའུ་ཅིའི་སྐད་ཆའི་འཕྲོ་མཐུད་ནས“ངལ་རྩོལ་ནུས་ཤུགས་ལ་བཅིངས་འགྲོལ་ཐོབ་པས་ང་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་སོང་། 2017ལོར་གྲོང་ཚོའི་མཉམ་ལས་ཁང་ནས་དུད་ཚང་སོ་སོར་ཆ་སྙོམས་སྒོར་7000ལྷག་ཙམ་ལས་བགོ་འགྲེམས་རྒྱག་ཐུབ་ཀྱི་མེད། འོན་ཀྱང་ད་ལྟ་དུད་ཚང་རེར་ཆ་སྙོམས་སྒོར་15000ལྷག་ཙམ་རྒྱག་གི་ཡོད”ཅེས་བརྗོད་པ་དང་། མཇུག་ཏུ་ཆོས་དར་གྱིས “ད་ལྟའི་འཚོ་བ་སྐྱིད་པོ་འདི་འདྲ་རྨི་ལམ་དུའང་འཁོར་མ་མྱོང་། འདི་ནི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་དང་ཁ་འབྲལ་ཐབས་མེད”ཅེས་བརྗོད།


▶ རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོཊ་ཡོངས་ནས་ཁྱབ་གདལ་གཏོང་དགོས།

ས་ཆ་འདི་དག་ལ་གློག་མིག་གསར་པ་14བསྒར་འདུག ཁ་ལོ་བ་ཚོས་ཡིད་གཟབ་གྱིས།

2025ལོ་ནས་གློག་སྒུལ་སྦག་སྦག་འདི་རིགས་གཏོང་ཆོག་གི་མི་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章