སྙིང་ཁམས་ཁྲག་རྩའི་ནད་ཡོད་ན་དགུ་འདྲེན་དུས་འདི་དག་ལ་དོ་སྣང་གྱིས།

政务   2024-12-24 09:52   西藏  


 གནམ་གཤིས་གྲང་རུ་འགྲོ་བའི་སྐབས་སུ། མིའི་ལུས་ཕུང་གི་ཁྲག་རྩ་ཕྲ་མོ་དག་འཁུམ་པ་དང་སྙིང་ཁ་གཡུག་ཚད་མགྱོགས་སུ་ཕྱིན་པ། ཁྲག་ཤེད་ཇེ་མཐོར་འགྲོ་བ་བཅས་ལས་སྙིང་གི་གནོན་ཤུགས་ཇེ་ཆེར་ཕྱིན་ཏེ། སྙིང་གཟེར་རྒྱག་པའམ་ཡང་ན་སྙིང་རྩ་འགག་པ་སོགས་ཀྱི་གནས་ཚུལ་ཐོན་སྲིད། ལུས་སྟོབས་ཞན་པའི་རྒན་རྒོན་ཚོ་དྲོད་ཚད་དམའ་རུ་འགྲོ་བའི་སྐབས་སུ་རྒྱུན་དུ་ཆམ་པ་དང་ཆམ་རིམས་སོགས་དབུགས་ལམ་མ་ལག་གི་ནད་གཞི་དག་མཉམ་དུ་འབྱུང་སྲིད་ལ། གློ་བུར་དུ་སྙིང་རྩ་འགག་པའམ་གློ་བུར་དུ་རྐྱེན་ལམ་དུ་ཤོར་བ་སོགས་ཀྱི་གནས་ཚུལ་ཐོན་སྲིད།

 སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་དོ་སྣང་བྱེད་དགོས་པ་གཤམ་གསལ། 

1

 དྲོད་ཚད་དང་རང་ཉིད་ཀྱི་གཟུགས་པོར་གཞིགས་ནས་གོས་གྱོན་དགོས་པ་དང་དུས་ཚིགས་བརྗེ་དུས་ཕྱི་ལ་སྐྱོད་སྐབས་གྱོན་གོས་འཐོལ་པ་ཞིག་འཁྱེར་ན་ལེགས།

2

 ལུས་པོ་གསོ་བའི་བཟའ་བཏུང་མང་དྲགས་མི་རུང་། སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོའི་ངོས་ནས་བརྗོད་ན། ཚྭ་མང་བ་དང་ཞག་ཚིལ་མང་བའི་བཟའ་བཏུང་གིས་ནད་གཞི་ཇེ་སྡུག་ཏུ་འགྲོ་མགྱོགས་སུ་གཏོང་བས།  བཟའ་བཏུང་གི་ཐད་ནད་པས་དམར་ཟས་དང་དཀར་ཟས་མཉམ་བསྲེས་དང་། ཚྭ་དང་ཞག་ཚིལ་ཉུང་བའི་བཟའ་བཏུང་བསྟེན་ན་ལེགས།

3

ལུས་རྩལ་འོས་འཚམ་རྩེ་དགོས། ལུས་རྩལ་འོས་འཚམ་བརྩེས་ན་ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་གཏོང་ཐུབ། དུས་ཚིགས་འགྱུར་ལྡོག་འགྲོ་བའི་སྐབས་སུའང་སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་ལུས་རྩལ་མཚམས་འཇོག་པ་ཡང་ན་ཡུན་རིང་པོར་རྐུབ་བཙུགས་ནས་སྡོད་པ་སོགས་བྱེད་མི་རུང་། 

4

ཆམ་རིམས་འགོག་སྨན་དུས་ཐོག་ཏུ་རྒྱག་དགོས། སྙིང་ཁམས་ཁྲག་རྩའི་ནད་ཕོག་མཁན་ཚོས་ལོ་ལྟར་ཆམ་རིམས་འགོག་སྨན་བརྒྱབ་སྟེ། ཆམ་རིམས་ལྗིད་པོ་དང་དེ་ལས་ཐོན་པའི་སྙིང་ཁམས་ཁྲག་རྩའི་ནད་ཕོག་པར་སྔོན་འགོག་བྱེད་དགོས།

5

 དུས་རྒྱུན་འཚོ་བའི་ཁྲོད་གང་ཅིའི་ཐད་ནས་དོ་སྣང་བྱེད་དགོས། སྙིང་ཁམས་ཁྲག་རྩའི་ནད་ནི་དལ་བའི་རང་བཞིན་གྱི་གཅོང་ནད་ཅིག་ཡིན་པས། ནད་པས་ངེས་པར་དུ་དུས་རྒྱུན་ནས་ཁྲག་ཤེད་དང་ཁྲག་མངར་ལྟ་དགོས་པ་མ་ཟད། སྙིང་ཤུགས་ཉམས་པའི་ནད་པས་ལུས་པོའི་ལྗིད་ཚད་དང་གཅིན་པ་འབབ་ཚད་སོགས་ལ་བརྟག་དཔྱད་ཡག་པོ་བྱེད་དགོས། ནད་པས་སྨན་པའི་མངགས་བྱ་ལྟར་དུས་ཐོག་ཏུ་སྨན་གཏོང་དགོས་ཤིང་། སྨན་གྱི་མང་ཉུང་གང་འདོད་ལྟར་སྣོན་འཕྲི་བྱེད་པའམ་ཡང་ན་གཏོང་མཚམས་འཇོག་པ་སོགས་བྱེད་མི་རུང་། བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱས་ཏེ་དུས་བཀག་ལྟར་སྨན་ཁང་དུ་སྨན་བཅོས་བསྐྱར་བཤེར་བྱེད་དགོས་ལ། ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།




ཞི་ཅིན་ཕིང་གིས་ཨའོ་མོན་གྱི་མཛད་སྒོ་འདིར་ཞུཊ་སྐབས་ནན་བཤད་གནང་དོན…

2025ལོར་བོད་ཀྱི་དཔལ་འབྱོར་ལས་དོན་འདི་ལྟར་སྒྲུབ་དགོས།

༄༅། །བུད་མེད་ཀྱི་ལག་པ།





     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། 
   ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com



西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章