དེ་འདྲའི་བློ་ཁོག་ལ་ཨང་། ཉེན་རྟོག་པས་ཞིབ་བཤེར་བྱེད་སྐབས……

政务   2024-12-18 15:38   西藏  

    ཉེ་ཆར། “ལྷ་སར་ཆང་བཏུངས་འཁོར་གཏོང་གི་ཞིབ་བཤེར་བྱེད་སྐབས་ཁ་ལོ་བ་ཞིག་གིས་ཨུ་ཚུགས་ཀྱིས་རླངས་འཁོར་བཏང་ནས་བྲོས་པའི”བརྙན་ཐུང་ལ་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱུང་ཡོད།

གནས་ཚུལ་ཞིབ་ཕྲ།

    2024ལོའི་ཟླ་12ཚེས་8ཉིན་གྱི་ཆུ་ཚོད་7དང་སྐར་མ་26ཙམ་ལ། ཁ་ལོ་བ་ཕུན་ཆེ་གེ་མོས་འཁོར་རྟགས་ཧྲའནUZ***ཡིན་པའི་འཇིབ་ཆུང་ཞིག་བཏང་ནས་འདམ་ར་ལམ་ཟོག་འདྲེན་ལྟེ་གནས་མདུན་གྱི་ལམ་དུམ་ནས་སྐྱོད་སྐབས། གྲོང་ཤར་རུ་ཆེན་གྱི་ཉེན་རྟོག་པས་ཆང་བཏུངས་འཁོར་གཏོང་ལ་ཞིབ་བཤེར་བྱེད་པ་དང་འཕྲད་པས་ཁོ་པས་ལམ་སེང་རླངས་འཁོར་བཏང་ནས་བྲོས་པ་རེད།

    གནས་ཚུལ་ཐོན་རྗེས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། གྲོང་ཤར་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལམ་སེང་བརྟག་དཔྱད་བྱས་པ་རེད། གྲལ་བཤེར་མཐིལ་རྟོགས་དང་གློག་མིག་ལ་བལྟས་པ་བརྒྱུད་རླངས་འཁོར་དེ་རྩད་ཆོད་ཅིང་། དེ་ཡང་ཟླ་12ཚེས་11ཉིན། ལྷ་སའི་ཏུང་ཁྲེང་ཀྲེ་ཤིང་ཚོང་ལས་ཐང་ཆེན་གྱི་ས་འོག་གི་རླངས་འཁོར་འཇོག་ས་ནས་འཇིབ་ཆུང་དེ་རྙེད་པ་མ་ཟད། གཙང་རལ་ལམ་ལྷོ་ངོས་ཀྱི་ཁུལ་ཆུང་ཞིག་ནས་ཁ་ལོ་བ་ཕུན་ཆེ་གེ་མོ་བཟུང་ཐུབ་པ་རེད། 



    བརྟག་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་ཕུན་ཆེ་གེ་མོར་ལག་ཁྱེར་མེད་པར་རླངས་འཁོར་བཏང་བའི་དོགས་གཞི་ཡོད་པས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསཀྱི་དོན་ཚན་99ནང་གི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། སྒོར་200ཡན་ནས་2000མན་གྱི་དངུལ་ཆད་གཅོད་ཆོག་པ་མ་ཟད། དེ་དང་ཆབས་ཅིག་ཏུ་ཉིན་15མན་གྱི་བཀག་ཉར་བྱེད་ཆོག་གི་ཡོད་པ་རེད། ཞིབ་བཤེར་བྱེད་སྐབས་བྲོས་འགྲོ་བ་ནི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཅིག་ཡིན་པས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམསཀྱི་དོན་ཚན་50པའི་ནང་གི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ཉིན་5ཡན་ནས་10མན་བཀག་ཉར་བྱེད་ཆོག་པ་མ་ཟད། དེ་དང་ཆབས་ཅིག་ཏུ་སྒོར་500མན་གྱི་དངུལ་ཆད་གཅོད་ཆོག་གི་ཡོད་པ་རེད། དོ་བདག་ཕུན་ཆེ་གེ་མོའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁོ་པར་དངུལ་ཆད་སྒོར་1900བཅད་པ་དང་། ཉིན་19བཀག་ཉར་གྱི་སྲིད་འཛིན་ཆད་པ་བཅད་པ་རེད། ཁ་ལོ་བ་ཕུན་ཆེ་གེ་མོས། ངས་རང་ཉིད་ཀྱི་ནོར་འཁྲུལ་ཤེས་སོང་། དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་ཚང་མ་འཁུར་འདོད་ཡོད་ཅེས་བཤད་པ་རེད།

    མིག་སྔར་གྱོད་གཞི་དེ་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།


▶ རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོཊ་ཡོངས་ནས་ཁྱབ་གདལ་གཏོང་དགོས།

ས་ཆ་འདི་དག་ལ་གློག་མིག་གསར་པ་14བསྒར་འདུག ཁ་ལོ་བ་ཚོས་ཡིད་གཟབ་གྱིས།

2025ལོ་ནས་གློག་སྒུལ་སྦག་སྦག་འདི་རིགས་གཏོང་ཆོག་གི་མི་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།
རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章