སྒོ་བྱང་ལྷ་སར་བཀལ་འདུག རྒྱལ་ཡོངས་ནས་ཐོག་མ་དེ་རེད་བཞག

政务   2024-12-20 12:44   西藏  

    ཟླ་12ཚེས་19ཉིན། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་སར་འཚོགས་ཤིང་། དེ་ནི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་དངོས་སུ་ཆོག་མཆན་སྤྲད་ནས་བཙུགས་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་མི་རིགས་གསོ་རིག་གི་ལྟེ་གནས་ཐོག་མ་དེ་ཡིན་པས། དེས་བོད་ལུགས་གསོ་རིག་གི་སྨན་བཅོས་སློབ་གསོ་དང་། ཚན་རིག་ཞིབ་འཇུག ཐོན་ལས་འཕེལ་རྒྱས་དང་། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཞིབ་འཇུག་ལག་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ནས། བོད་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད།


     ལྟེ་གནས་དེས་ས་མཐོའི་མི་དམངས་མང་ཚོགས་ལ་ཕོག་མང་བའི་དོས་དྲག་དང་ཉེན་ལྕིའི་ནད་ལ་དམིགས་ནས། སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག ཐོན་སྐྱེད་སོགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས་གཟའ་གྲིབ་དང་བོད་ལུགས་གསོ་རིག་གི་ལུམ་རྒྱག་སྨན་བཅོས་གཙོ་བོར་བྱེད་པའི་ནད་རིགས་གཞན་དག་གི་རིག་ཚན་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་སྤུས་ཚད་མཐོ་བའི་གསོ་རིག་ལྟེ་གནས་ཤིག་བཏོད་དེ། རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། ཚད་གཞི་གཏན་འཁེལ། བོད་སྨན་ཞིབ་བཟོ། གྲུབ་འབྲས་གཞན་སྒྱུར་སོགས་ཀྱི་ཐད་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་རེད།

     


མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གནད་དོན་ཐག་གཅོད་འདི་ལྟར་བྱེད་དགོས།

བྱང་ཐང་དུ་ཆུ་ཟོམ་ཁུར་ཏེ་ཆུ་ལེན་པའི་ལོ་རྒྱུས་མཇུག་འགྲིལ་བ།

གླུ་འདི་ནས་སྦག་ཞྭ་དང་སྲུང་ཐག་གི་གལ་ཆེན་རང་བཞིན་རྟོགས་ཐུབ།





     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章