ས་ཆ་འདི་དག་ལ་གངས་འབབ་རྒྱུ་དང་ལྷཊ་པ་ཆེན་པོ་རིམ་པ7ནས8བར་རྒྱག་རྒྱུ…

政务   2024-12-16 12:12   西藏  

    ཟླ་12ཚེས་15ཉིན་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། གཟའ་འཁོར་འདིའི་ནང་དྲོད་ཚད་འཕར་ཆག་ཆེ་ཙམ་ཡོད་པ་དང་གཟའ་མཇུག་ཏུ་རང་ལྗོངས་ཀྱི་ཤར་རྒྱུད་དུ་གངས་འབབ་རྒྱུ་ཡིན་པ་རེད།
    གཟའ་འཁོར་འདིའི་ཆ་སྙོམས་གངས་འབབ་ཚད། ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་རྒྱུན་གཏན་ལས་ཅུང་ཉུང་བ་ཡོད། 
    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། ནག་ཆུའི་ཤར་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་དྲོད་ཚད་ཅུང་མཐོ་རུ་འགྲོ་རྒྱུ་ཡིན་པ་དང་། དེ་མིན་གྱི་ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པ་རེད། 
གནམ་གཤིས་གཙོ་བོ་སྟོན་ཚུལ།
    ཟླ་12ཚེས་16དང་17ཉིན། མངའ་རིས་དང་ཉིང་ཁྲིར་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཙམ་འཁོར་རྒྱུ། 
    ཟླ་12ཚེས་18ནས་20ཉིན་བར། ལྗོངས་ཡོངས་སུ་གནམ་དྭངས་ནས་སྤྲིན་པ་ཉུང་ཙམ་འཁོར་རྒྱུ། མངའ་རིས་དང་། གཞིས་རྩེའི་ནུབ་རྒྱུད། ནག་ཆུ་བཅས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་དང་ས་ཆ་ཁག་གཅིག་ལ་ཧྲེ་ཧྲི་ཏུའུ་10ཡན་ཆག་རྒྱུ། 
    ཟླ་12ཚེས་21དང་22ཉིན། ཉིང་ཁྲི་དང་། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད། ནག་ཆུའི་ཤར་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་ཙམ་འཁོར་ནས་གནམ་འཐིབས་རྒྱུ་དང་ས་ཆ་ཁག་གཅིག་ལ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། 
    གཟའ་འཁོར་འདིའི་ནང་མངའ་རིས་དང་། ནག་ཆུ། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་དང་ནུབ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ནས་8ཡས་མས་རྒྱག་རྒྱུ་དང་། ལྷ་ས་དང་། གཞིས་རྩེའི་བྱང་རྒྱུད་དང་ཤར་རྒྱུད། ལྷོ་ཁའི་དབུས་རྒྱུད། ཆབ་མདོའི་དབུས་རྒྱུད་དང་བྱང་རྒྱུད་བཅས་སུ་ལྷགས་པ་རིམ་པ་5ཡས་མས་རྒྱག་རྒྱུ། 
གནམ་གཤིས་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན། 
  • གཟའ་འཁོར་འདིའི་གཟའ་མཇུག་ཏུ་རང་ལྗོངས་ཀྱི་ཤར་རྒྱུད་དུ་གངས་འབབ་རྒྱུ་དང་། ས་བབ་མཐོ་བའི་ལམ་དུམ་དུ་གངས་གསོག་ཐེབས་པ་དང་འཁྱགས་པ་ཆགས་སླ་བས། འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་ལས་དོན་ཡག་པོ་སྒྲུབ་དགོས།
  •  གཟའ་འཁོར་འདིའི་ནང་། གཞིས་རྩེའི་ལྷོ་རྒྱུད་དང་ཆབ་མདོའི་ལྷོ་རྒྱུད་ཀྱི་ནགས་ཁུལ་ཁག་གཅིག་ལ་ནགས་ཚལ་གྱི་མེ་སྐྱོན་ཉེན་ཁའི་རིམ་པ་མཐོ་ཙམ་ཡོད་པས། མེ་སྤྱོད་བདེ་འཇགས་ལ་དོ་སྣང་བྱས་ཏེ་ནགས་ཚལ་གྱི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། 
  • ལྷགས་པ་ཆེན་པོ་དང་བྱེ་རླུང་ལྡང་བའི་གནམ་གཤིས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཞིང་འབྲོག་ཁུལ་གྱི་སྒྲིག་བཀོད་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་པས། སྒྲིག་བཀོད་ཞིང་ལས་དང་། གནས་སྐབས་སྐྲུན་དངོས། བརྡ་ཁྱབ་བྱང་བུ་སོགས་ཀྱི་རླུང་འགོག་བརྟན་གཏོང་ལས་དོན་ཡག་པོ་སྒྲུབ་དགོས།


ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

▶ བདེ་སྐྱིད་ནི་ཅི་ཞིག་རེད།

གླུ་རྙིང་པ་ཇེ་སྙན་ཇེ་སྙན་རེད་ཟེར་བ་འདི་ནས་རྟོགས་ཐུབ།





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章