2025ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དུས་ཚོད་གཏན་འཁེལ་འདུག

政务   2024-12-25 09:48   西藏  


    ཟླ་12ཚེས་25ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།     གཏན་འབེབས་ལ་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་2025ལོའི་ཟླ་3ཚེས་5ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད།     
   སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་ཀྲུའུ་ཞིའི་ཚོགས་འདུ་ཐེངས་ཉེར་དགུ་པ་འཚོགས་ནས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་གཏན་འབེབས(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།   རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་2025ལོའི་ཟླ་3ཚེས་4ཉིན་པེ་ཅིང་དུ་འཚོག་རྒྱུའི་གྲོས་འགོ་བཏོན་པ་རེད།    

ཝུའུ་དབྱིང་ཅེ་འཛིན་རྒྱུའི་ཐག་བཅད་འདུག

སྙིང་ཁམས་ཁྲག་རྩའི་ནད་ཡོད་ན་དགུ་འདྲེན་དུས་འདི་དག་ལ་དོ་སྣང་གྱིས།

རོལ་རྩེད་ཁང་ཞིག་ནས་མི་29བཟུང་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
   ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章