ཟླ་12ཚེས་27ཉིན་གྱི་ཆུ་ཚོད་11དང་སྐར་མ་30ཡི་ཐོག བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གངས་ཧ་ཅང་ཆེ་བ་འབབ་རྒྱུའི་ཉེན་བརྡ་སེར་པོ་བཏང་འདུག སྔོན་དཔག་བྱས་ན། ཟླ་12ཚེས་27ཉིན་གྱི་ཆུ་ཚོད་20ནས་ཚེས་29ཉིན་གྱི་ཆུ་ཚོད་08པའི་བར། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་ལ་གངས(ཆར་པ)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ལས། རྩྭ་མདའི་ནུབ་རྒྱུད་དང་ལྷོ་རྒྱུད། སྤུ་ཧྲེང་། སྐྱིད་གྲོང་གི་ལྷོ་རྒྱུད། གཉའ་ནང་གི་ལྷོ་རྒྱུད། དིང་རིའི་ལྷོ་རྒྱུད། གྲོ་མོ་བཅས་ལ་གངས་ཧ་ཅང་ཆེ་བ(རིམ་རྩིས་བྱས་ན་གངས་འབབ་ཚད་ཧའོ་སྨི་15ནས་30བར་ཟིན་པ་དང་། ས་ཆ་ཁ་ཤས་ལ་ཧའོ་སྨི་35ཟིན་གྱི་ཡོད)འབབ་རྒྱུ། གངས་གསོག་གསར་དུ་ལི་སྨི་5ནས་10བར་ཐེབས་རྒྱུ་དང་ས་ཆ་ཁ་ཤས་ལ་ལི་སྨི་25ཟིན་གྱི་ཡོད། གོང་གསལ་གྱི་ས་ཆ་འདི་དག་ལ་ད་དུང་ལྷགས་པ་ཆེ་བ་རིམ་པ་7ནས་8བར་རྒྱག་རྒྱུ་རེད་འདུག