ཁ་ལོ་བ་འདིར་མགོ་སྐོར་ཐེབས་ཟིན་འདུག ཚང་མས་གཟབ་གཟབ་གནང་རོགས།

政务   2024-12-24 18:05   西藏  



    2024ལོའི་ཟླ་9པར། གཞིས་རྩེའི་གྲོང་མི་བཀྲ་ཆེ་གེ་མོས་དྲ་ཐོག་གི“བཅའ་ཁྲིམས་བློ་འདྲི”ཞེས་པ་ཞིག་ལ་བློ་འདྲི་བྱས་པ་བརྒྱུད། ཕ་རོལ་པོས་རྩིས་མེད་དུ་བཏང་བའི་ཁ་ལོ་བའི་ལག་ཁྱེར་ཡང་བསྐྱར་བཟོ་ཐུབ་པའི་ཐབས་ལམ་ཡོད་ལུགས་བརྗོད་པས་བཀྲ་ཆེ་གེ་མོས་ཕ་རོལ་པོར་སྒོར་1600སྤྲད་པ་རེད། 
    སྔར་བས་རྒྱུས་ལོན་བྱས་རྗེས། ཕ་རོལ་པོས་བརྗོད་པའི་ཐབས་ལམ་ཞེས་པ་ནི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལ་སྲིད་འཛིན་བསྐྱར་གྲོས་བྱེད་རོགས་ཞུ་རྒྱུ་དེ་ཡིན་པ་རེད།
    གཞིས་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས་ཤེས་རྟོགས་བྱས་པར་གཞིགས་ན། “XXབཅའ་ཁྲིམས་བློ་འདྲིའི་ཀུང་སི”ཞེས་པ་ཉུང་ཤས་ཤིག་གིས་དྲ་རྒྱའི་བརྙན་ལམ་ལས་སྟེགས་བརྒྱུད་ཁ་ལོ་བའི་ལག་ཁྱེར་ཡང་བསྐྱར་བཟོ་ཐུབ་ལུགས་སྐོར་བཤད་ནས་མང་ཚོགས་ལ་མགོ་སྐོར་གཏོང་གི་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་ཁག་གཅིག་གིས་སྒོར་ཆིག་སྟོང་ནས་ཉིས་སྟོང་བར་སྤྲད་ཀྱང་ཆེད་ལས་ཀྱི་བཅའ་ཁྲིམས་བློ་འདྲི་མཁོ་འདོན་མི་བྱེད་པར་རེ་ཞུའི་ཡི་གེའམ་ཡང་ན་ཁྲིམས་སྦྱོར་ཞུ་ཡིག་གི་འདྲ་དཔེ་སྤྲད་རྗེས་མང་ཚོགས་ལ་སྲིད་འཛིན་བསྐྱར་གྲོས་སམ་ཡང་ན་སྲིད་འཛིན་གཏུག་བཤེར་གྱི་རེ་ཞུ་རྒྱག་དགོས་པའི་གསལ་བཤད་བྱེད་ཀྱི་ཡོད། འདྲ་དཔེ་དེའི་ནང་དོན་དང་མང་ཚོགས་ཀྱི་གནས་ཚུལ་དངོས་མི་མཐུན་པས་གྲོང་མིའི་རེ་ཞུ་མངོན་འགྱུར་བྱེད་པར་ངོ་བོའི་རང་བཞིན་གྱི་རོགས་རམ་གང་ཡང་ཐུབ་ཀྱི་མེད། སྲིད་འཛིན་བསྐྱར་གྲོས་ཀྱི་ཁྲིམས་བཀོད་རེ་ཞུའི་དུས་ཚད་ལས་མངོན་གསལ་དོད་པོས་བརྒལ་བའི་གནད་དོན་ཁ་ཤས་སྲིད་འཛིན་བསྐྱར་གྲོས་བྱེད་ཐབས་བྲལ་ཡང་། “XXབཅའ་ཁྲིམས་བློ་འདྲིའི་ཀུང་སི”དེ་དག་གིས་སྔར་བཞིན་གྲོན་དངུལ་སྒོར་ཆིག་སྟོང་ནས་ཉིས་སྟོང་བར་བསྡུས་ནས་མང་ཚོགས་ལ་སྲིད་འཛིན་བསྐྱར་གྲོས་རེ་ཞུ་བྱེད་དགོས་ལུགས་བརྗོད་དེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། 

ཤ་ཚའི་དྲན་སྐུལ།


    “འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་ཡང་བསྐྱར་བཟོ་ཐུབ་ལུགས་བརྗོད་པའི”འུད་ཤོབ་འདི་རིགས་ལ་ཡིད་ཆེས་གཏན་ནས་བྱེད་མི་རུང་། གལ་སྲིད་ཡིད་ཆེས་བྱས་ཚེ་དགོས་མེད་ཀྱི་དཔལ་འབྱོར་གྱོང་གུན་བཟོ་སྲིད། བཅའ་ཁྲིམས་སྐོར་གྱི་ཞབས་ཞུའི་རིགས་དགོས་ཚེ་ངེས་པར་དུ་ཕ་རོལ་པོར་བཅའ་ཁྲིམས་ལས་གཉེར་གྱི་ཐོབ་ཐང་ཡོད་མེད་ལ་བལྟས་ཏེ། ཁྲིམས་བཀོད་ཀྱི་འོས་ཐོབ་ཡོད་པའི་མི་སྣར་མངགས་བཅོལ་བྱས་ནས་རྒྱུ་ནོར་གྱི་གྱོང་གུན་མི་ཕོག་པ་བྱེད་དགོས།


སྙིང་ཁམས་ཁྲག་རྩའི་ནད་ཡོད་ན་དགུ་འདྲེན་དུས་འདི་དག་ལ་དོ་སྣང་གྱིས།

རོལ་རྩེད་ཁང་ཞིག་ནས་མི་29བཟུང་འདུག

༄༅། །བུད་མེད་ཀྱི་ལག་པ།





     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས། 
   ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章