ས་ཆ་འདི་དག་ལ་གངས་འབབ་རྒྱུ། དྲོད་ཚད་ཆག་རྒྱུ། ལྷགས་པ་རྒྱག་རྒྱུ།

政务   2024-12-23 12:45   西藏  

    རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་ཟླ་12ཚེས་23ནས་29ཉིན་བར་གྱི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན། གཟའ་འཁོར་འདིའི་ནང་ནུབ་རྒྱུད་དུ་གངས་མངོན་གསལ་དོད་པོས་འབབ་རྒྱུ་ཡིན་པ་དང་། དྲོད་ཚད་འཕར་ཆག་ཆེ་ཙམ་ཡོད་པ་རེད།   

     གཟའ་འཁོར་འདིའི་ཆ་སྙོམས་གངས་འབབ་ཚད། མངའ་རིས་ཀྱི་ལྷོ་རྒྱུད་དུ་ཅུང་མང་བ་དང་ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པ།  

    གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད། ལྗོངས་ཡོངས་ཀྱི་ས་ཆ་མང་ཆེ་བར་རྒྱུན་གཏན་ལས་དྲོད་ཚད་ཅུང་མཐོ་བ་ཡོད།

གནམ་གཤིས་གཙོ་བོ་སྟོན་ཚུལ།
   
    ཟླ་12ཚེས་23ནས་25ཉིན་བར། མངའ་རིས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། མངའ་རིས་ཀྱི་ཤར་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ནག་ཆུ། ཉིང་ཁྲིའི་ལྷོ་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ། ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། 

    ཟླ་12ཚེས་26དང་27ཉིན། ཆབ་མདོའི་བྱང་རྒྱུད་དང་ཉིང་ཁྲིའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་བ་འཁོར་རྒྱུ། 

    ཟླ་12ཚེས་28དང་29ཉིན། མངའ་རིས་ཀྱི་ལྷོ་རྒྱུད་དང་། གཞིས་རྩེའི་ནུབ་རྒྱུད། ཆབ་མདོའི་བྱང་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད་དང་ཤར་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་ཆབ་མདོའི་དབུས་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབས་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ། ནུབ་ནས་ཤར་བར་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་དང་ས་ཆ་ཁག་གཅིག་ལ་ཧྲེ་ཧྲི་ཏུའུ་10ཡན་ཆག་རྒྱུ། 

    གཟའ་འཁོར་འདིའི་ནང་མངའ་རིས་དང་། ནག་ཆུ། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་དང་ནུབ་རྒྱུད་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ནས་8རྒྱག་རྒྱུ་དང་། ལྷ་ས་དང་། གཞིས་རྩེའི་བྱང་རྒྱུད་དང་ཤར་རྒྱུད། ལྷོ་ཁའི་དབུས་རྒྱུད། ཆབ་མདོ་བཅས་སུ་ལྷགས་པ་རིམ་པ་5ཡས་མས་རྒྱག་རྒྱུ་བཅས་སོ།


ཞི་ཅིན་ཕིང་གིས་ཨའོ་མོན་གྱི་མཛད་སྒོ་འདིར་ཞུཊ་སྐབས་ནན་བཤད་གནང་དོན…

2025ལོར་བོད་ཀྱི་དཔལ་འབྱོར་ལས་དོན་འདི་ལྟར་སྒྲུབ་དགོས།

༄༅། །བུད་མེད་ཀྱི་ལག་པ།





     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
   ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章