གོང་ཁེ་བའི་སྒང་ལ་ད་དུང་ཁ་གསབ་སྤྲོད་ཀྱི་འདུག མགྱོགས་པོ་ཕེབས་དང་།

政务   2024-12-20 14:53   西藏  

    གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ཉེར་ཡོད་པའི་མཚམས་འདིར། རྒྱ་ཆེའི་ལྷ་སའི་གྲོང་མིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་ཚོར་བར་བྱ་ཆེད།  2024ལོའི་ལྷ་སའི་དམངས་ཕན་ཚགས་ཤ་ཁྲོམ་རར་འཚོང་བའི་བྱེད་སྒོ་ཟླ་12ཚེས་21ནས་27ཉིན་བར(དུས་ཡུན་ཉིན་7)ལྷ་ས་གྲོང་ཁྱེར་གྱི་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཁྲོམ་རར་སྤེལ་རྒྱུ་རེད།
    ད་ཐེངས་བྱེད་སྒོའི་ནང་ལྷ་སའི་དམངས་ཕན་ཚགས་ཤ་ཁྱོན་རྒྱ་མ་ཁྲི་36འཚོང་རྩིས་ཡོད་པ་དང་ཚགས་ཤ་སྟོད་སྨད་དུ་མི་དབྱེ་བར་རྒྱ་མ་རེར་གཅིག་གྱུར་གོང་ཚད་སྒོར་36ཡིན་པ་རེད། དེ་དང་ཆབས་ཅིག་དམངས་ཕན་ཚགས་ཤ་ཉོས་ན་གོང་ཚད་གཅོག་པའི་བྱེད་སྒོར་ཞུགས་ཆོག་ཅིང་། སྒོར་200ལོན་ཚེ་སྒོར་40གཅོག་རྒྱུ་དང་། སྒོར་400ལོན་ཚེ་སྒོར་80གཅོག་རྒྱུ། སྒོར་600ལོན་ཚེ་སྒོར་120གཅོག་རྒྱུ། སྒོར་800ལོན་ཚེ་སྒོར་160གཅོག་རྒྱུ། སྒོར་1000ལོན་ཚེ་སྒོར་200གཅོག་གི་འདུག  
    དམངས་ཕན་ཚགས་ཤ་འཚོང་བའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་11ནས་17བར་ཡིན་པ་དང་། ཁ་གྲངས་ཚད་གཞི་ཡོད་པས་རྒྱ་ཆེའི་གྲོང་མི་ཚོས་ཐོབ་ཐང་ལག་ཁྱེར་ཁྱེར་ནས་གང་མགྱོགས་ཉོ་བར་ཕེབས་ཤོག

མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གནད་དོན་ཐག་གཅོད་འདི་ལྟར་བྱེད་དགོས།

བྱང་ཐང་དུ་ཆུ་ཟོམ་ཁུར་ཏེ་ཆུ་ལེན་པའི་ལོ་རྒྱུས་མཇུག་འགྲིལ་བ།

གླུ་འདི་ནས་སྦག་ཞྭ་དང་སྲུང་ཐག་གི་གལ་ཆེན་རང་བཞིན་རྟོགས་ཐུབ།





     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章