མ་ཉེས་ཁག་གཡོགས་བྱས་པའི་ཉེན་རྟོག་པ་ཁོང་ལ་དྲང་པོས་གཞུང་བསྲངས་ནས……

政务   2024-12-17 18:54   西藏  




          ཟླ་12ཚེས་11ཉིན། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཉེན་དོན་ལྟ་ཞིབ་ཉིང་ལག་རུ་ཁག་གིས་དག་སེལ་གྱི་ཚོགས་འདུ་འཚོགས་ནས། བྲག་ཡིབ་ཆུས་སྤྱི་བདེ་ཅུས་སློབ་ཆུང་གཉིས་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཞིག་ལ་དག་སེལ་བྱས་པ་མ་ཟད། 《དག་སེལ་གྱི་བརྡ་ཐོ》མི་དམངས་ཉེན་རྟོག་པའི་ལག་ཏུ་སྤྲད་ནས་སྙན་གྲགས་སླར་གསོ་ཡོང་བར་བྱས་ཡོད།


        ཟླ་10ཚེས་30ཉིན། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཉེན་དོན་ལྟ་ཞིབ་ཉིང་ལག་རུ་ཁག་ལ། ཞུ་གཏུག་རྒྱག་མཁན་ཞིག་གིསབྲག་ཡིབ་ཆུས་སྤྱི་བདེ་ཅུས་སློབ་ཆུང་གཉིས་པའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཞིག་བཟའ་ཟླའི་ཚོང་ལས་ནང་ཞུགས་ཡོད་པའམ་ཐེ་ཇུས་བྱས་ཡོད་སྲིད་པའི”སྐོར་གྱི་གནད་དོན(རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེན་དོན་ལྟ་ཞིབ་སྤྱི་ཁྱབ་རུ་ཁག་གིས་ཁུངས་སྣེ་སྤྲད་པ)འབྱོར་ཡོད། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་མར་ཁུངས་སྣེར་ཞིབ་དཔྱད་བྱས་ཤིང་། ཉེན་དོན་ལྟ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཕྱོགས་མང་པོ་ནས་བརྟག་དཔྱད་བྱས་པ་བརྒྱུད། གནས་ཚུལ་ཤེས་རྟོགས་ཁ་གསལ་ཐུབ་སྟེ་ཞུ་གཏུག་བརྒྱབ་པའི་སྐོར་དོན་དངོས་མིན་པ་གཏན་འཁེལ་བྱུང་ཡོད།

    གནས་ཚུལ་ཁ་གསལ་བྱུང་རྗེས།《སྤྱི་བདེ་ལས་ཁུངས་ཉེན་དོན་ལྟ་ཞིབ་སྡེ་ཚན་གྱི་ཞུ་གཏུག་ཐག་གཅོད་ཀྱི་ལས་ཀའི་མཛུབ་ཁྲིད》ཀྱི་དོན་ཚན་བཅུ་གསུམ་པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཉེན་དོན་ལྟ་ཞིབ་ཉིང་ལག་རུ་ཁག་གིས་དོན་དངོས་མིན་པའི་ཞུ་གཏུག་ཕོག་པའི་མི་དམངས་ཉེན་རྟོག་པར་དག་སེལ་བྱས་པ་རེད།


ས་ཆ་འདི་དག་ལ་གློག་མིག་གསར་པ་14བསྒར་འདུག ཁ་ལོ་བ་ཚོས་ཡིད་གཟབ་གྱིས།

དགུན་དུས་ལུག་ཤ་དང་ཟས་རིགས་འདི་དག་མཉམ་དུ་ཟ་རྒྱུ་མི་འདུག

གླུ་རྙིང་པ་ཇེ་སྙན་ཇེ་སྙན་རེད་ཟེར་བ་འདི་ནས་རྟོགས་ཐུབ།





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章