ལྷ་སར་དཔྱིད་གསར་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་འཛུགས་རྒྱུ་རེད་འདུག

政务   2024-12-25 15:35   西藏  


    ཚེས་24ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཁྲུང་ཆིང་དང་། ཧུའུ་པེའི་ཝུའུ་ཧན། བོད་ལྗོངས་ཀྱི་ལྷ་ས། ཅང་སུའུ་ཡི་ཝུའུ་ཤི་བཅས་སུ་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 


    དཔྱིད་གསར་དུས་ཆེན་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་རྗེས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཉེར་བའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགསཐེངས་དང་པོ་ཡིན་པའི་ངོས་ནས། “སྒོ་ཕྱེ་ནས་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་གཉེར་བ”མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། བཀྲ་ཤིས་དགའ་སྤྲོའི་རྣམ་པས་ཁེངས་པའི“མི་དམངས་ཀྱི་དཔྱིད་གསར་དུས་ཆེན”ཞིག་གཏོང་རྒྱུ་ཡིན་ཞིང་། གནམ་གང་དགོང་མོར་ས་གནས་བཞིའི་ཡན་ལག་ཚོགས་རས་པེ་ཅིང་གི་ཚོགས་ར་གཙོ་བོ་དང་ལྷན་དུ་གོ་ལ་ཧྲིལ་པོའི་ལྟད་མོ་ལྟ་མཁན་ཚོར་བརྩེ་སེམས་ཀྱིས་ཕྱུག་པ་དང་སྤྲོ་སྣང་གིས་ཁེངས་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམ་རྒྱུ་རེད་འདུག


གསར་དུ་བཀས་བཅད་པའི་ཐ་སྙད། ཚང་མས་སྤྱོད་པར་འཚལ།

སྙིང་ཁམས་ཁྲག་རྩའི་ནད་ཡོད་ན་དགུ་འདྲེན་དུས་འདི་དག་ལ་དོ་སྣང་གྱིས།

རོལ་རྩེད་ཁང་ཞིག་ནས་མི་29བཟུང་འདུག




     རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
     འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།
   ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་མཚོ་མོ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章