གཏམ་བཟང་འདུག ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱིས་ཞིང་ཆེན་ཁག་ལ་སྨན་བཅོས་ཞབས་ཞུའི་རིན་གོང་ཚད་ལྡན་བཅོས་སྒྲིག་བྱ་དགོས་པའི་གཅིག་འགྱུར་བཀོད་སྒྲིག་བྱས་པ་དང་། རྒྱུན་དུ་སྤྱོད་གོ་ཆེ་ལ་གོང་ཆེ་བའི་བརྟག་དཔྱད་རྣམ་གྲངས་ཁག་ཅིག་གི་རིན་གོང་དམའ་རུ་གཏང་རྒྱུ་རེད་འདུག
好消息
近日
国家医保局统一部署各省
开展医疗服务价格规范治理
一些“又贵又常用”的检查检验项目
价格将下调
བརྟག་དཔྱད་བྱེད་པའི་རྣམ་གྲངས་གཅིག་པ་ཡིན་རུང་། ཞིང་ཆེན་མི་འདྲ་བའི་དབར་རིན་གོང་ཐད་ཧེ་བག་ཤུགས་ཆེན་འགྲོ་བ་སོགས་ཀྱིས་རྐྱེན། ནད་པ་ཚོས་བརྟག་དཔྱད་བྱེད་པའི་གོང་མཐོ་པོ་འདུག་ཅེས་བརྗོད་ཀྱི་ཡོད། མང་ཚོགས་ཀྱིས་དོ་འཁུར་བྱེད་པའི་གནད་དོན་དེར་དམིགས་ཏེ། ཉེ་དུས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱིས་ཞིང་ཆེན་ཁག་ལ་སྨན་བཅོས་ཞབས་ཞུའི་རིན་གོང་ཚད་ལྡན་བཅོས་སྒྲིག་བྱེད་དགོས་པ་གཅིག་འགྱུར་བཀོད་སྒྲིག་བྱས་ནས། གྲངས་འབོར་མང་ལ་རིན་གོང་མཐོ་བའི་བརྟག་དཔྱད་རྣམ་གྲངས་ཁག་ཅིག་གི་རིན་གོང་ལུགས་མཐུན་ངང་དམའ་རུ་བཏང་སྟེ། མང་ཚོགས་ནད་ལྟ་བར་ཡོང་བའི་ཁུར་པོ་ཡང་དུ་བཏང་ཡོད་པ་རེད།
同一个检查检验项目,不同省份价格相差几倍;到医院开几个检查,动辄上千元……这样的经历让一些患者直呼“检查检验太贵了!”
为回应这一群众关切问题,国家医保局近日统一部署各省开展医疗服务价格规范治理,推动一些量大价高的检查检验项目合理下调价格,减轻患者看病就医负担。
国家医保局官网截图
རྒྱུན་དུ་སྤྱོད་དགོས་ལ་གོང་ཆེ་བའི་བརྟག་དཔྱད་རྣམ་གྲངས་ལ་གཙོ་གནད་ཐོག་དོ་ཁུར་བྱ་རྒྱུ་ཡིན་པ་རེད།
ད་ཆ། རྒྱལ་ཡོངས་ཀྱི་ཞིང་ཆེན་ཁག་ལ་ཡོངས་ཁྱབ་ཏུ་བརྟག་དཔྱད་བྱེད་དགོས་པའི་རྣམ་གྲངས་ཁག་༢༠༠༠ལྷག་ཡོད་པ་དང་། རྣམ་གྲངས་ཁག་ཅིག་གི་རིན་གོང་དེ་ཞིང་ཆེན་མི་འདྲ་བའི་དབར་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་རེད།
ད་ཐེངས་སྨན་བཅོས་འགན་སྲུང་ཚན་པས་ས་ཁུལ་དབར་རིན་གོང་གི་ཧེ་བག་ཆེ་བ་དང་། ཉོ་སྒྲུབ་མ་གནས་ཧེ་བག་ཆེ་བ། འགྲོ་གྲོན་གྱི་བསྡུར་ཚད་མཐོ་བ་བཅས་ཀྱི་བརྟག་དཔྱད་རྣམ་གྲངས་ལ་དམིགས་ཏེ། ཁྲག་རྡོག་ལྡེམ་ཤུགས་རི་མོའི་ཚོད་ལྟ་དང་། མངར་འགྱུར་ཁྲག་དམར་སྤྲི་དཀར་གྱི་ཚད་འཇལ་གཏན་འབེབས་སོགས་བརྟག་དཔྱད་རྣམ་གྲངས་༤བདམས་ཏེ། དུས་ཁག་དང་པོའི་རིན་གོང་ཚད་ལྡན་བཅོས་སྒྲིག་བྱ་རྒྱུ་རེད།
བརྟག་དཔྱད་རྣམ་གྲངས་དེ་སྨན་བཅོས་ཞབས་ཞུའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། སྲིད་གཞུང་གིས་གྲོན་བསྡུའི་ཚད་གཞི་མཐོ་ཤོས་བཟོ་བ་དང་། ཞིབ་ཕྲའི་རིན་གོང་ཚད་གཞི་དེ་ཞིང་ཆེན་ཁག་དང་རིན་གོང་དོ་དམ་གྱི་དབང་ཚད་ཡོད་པའི་ས་ཁུལ་དང་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་ཅུད་ཀྱིས་བཟོ་གི་ཡོད་པ་རེད།
“又贵又常用”的检查检验项目将被重点关注。
目前,全国各省份普遍有2000多个检查检验项目,部分项目价格在不同省份差异很大。
此次医保部门聚焦地区价格差异大、采购成本差异大、费用占比高的检验项目,选取血栓弹力图试验、糖化血红蛋白测定、B型钠尿肽测定和N端B型钠尿肽前体测定4个检验项目开展第一批价格规范治理。
给出价格“锚点”,助推合理降价。
检查检验项目作为医疗服务的重要组成部分,由政府制定收费上限,具体价格水平由各省和有价格管理权限的地市医保局制定。
ས་ཁུལ་ཁག་གིས་རིན་གོང་ལུགས་མཐུན་ངང་དམའ་རུ་གཏང་རྒྱུར་འཛུབ་ཁྲིད་ཇི་ལྟར་བྱ་དགོས།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱིས་ཉོ་སྒྲུབ་རིན་གོང་གི་གནས་ཚུལ་ལ་གཞིགས་ནས། ས་ཁུལ་མི་འདྲ་བའི་རིན་གོང་གི་བསྡུར་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། རྣམ་གྲངས་ཀྱི་ཚོད་རྫས་དང་། སྒྲིག་ཆས་ཉོ་སྒྲུབ་ཀྱི་མ་གནས་ལ་དབྱེ་ཞིབ་དང་ཞིབ་བཤེར་བྱེད་པ་དང་། ཞིང་ཆེན་ཁག་གི་བརྟག་དཔྱད་རྣམ་གྲངས་ཀྱི་རིན་གོང་གི་དཀྱིལ་གྲངས་དང་མང་གྲངས་སོགས་མཚོན་བྱེད་རང་བཞིན་དང་མཛུབ་ཁྲིད་རང་བཞིན་གྱི་ཆུ་ཚད་བསྡོམས་རྩིས་བྱས་ནས། ཞིང་ཆེན་ཁག་གིས་ས་གནས་དེ་གའི་རིན་གོང་བཅོས་སྒྲིག་བྱེད་པའི་གཞི་འཛིན་སར་བརྩི་རྒྱུ་ཡིན་པ་རེད།
བཀོད་སྒྲིག་གི་བླང་བྱ་ལྟར། ད་ལྟ་སྤྱོད་བཞིན་པའི་རིན་གོང་སྔོན་དཔག་གི་དམིགས་འབེན་རིན་གོང་ལས་མཐོ་ན། ཐད་ཀར་སྔོན་དཔག་དམིགས་འབེན་རིན་གོང་དང་འདྲ་པོའི་བར་གཅོག་རྒྱུ་དང་། ཞིང་ཆེན་ཁག་ཅིག་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་། མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ཆུ་ཚད། དེ་བཞིན་མང་ཚོགས་ཀྱི་གཏོང་སྤྲོད་ནུས་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་འཕར་ཆག་ངེས་མེད་ཀྱིས་དངོས་སུ་ལག་བསྟར་བྱེད་པའི་རིན་གོང་གི་ཆུ་ཚད་གཏན་འཁེལ་བྱས་ཆོག་གི་ཡོད།
如何指导各地合理降价?
国家医保局根据集采降价情况,结合不同地区价格比较情况,分析检验项目的试剂、设备采购成本,统计各省份检验项目价格的中位数、众数等具有代表性、指导性的水平,提供给各省份作为开展本地价格治理的参考“锚点”。
“这样既能覆盖物耗成本,为回报检验人员的劳动付出留出空间,同时有利于促进地区间价格相对协同均衡。”国家医保局有关负责人说。
按照部署要求,现行价格高于预期目标价的,将直接下调至预期目标价附近,部分省份也可根据经济发展状况、人均收入水平、群众支付能力等情况上下浮动确定实际执行的价格水平。
ད་ལྟའི་འཆར།ཞིང་ཆེན་ཁག་ཅིག་གིས་སྔོན་ལ་ལག་བསྟར་བྱས་ནས་ནད་པའི་ཁུར་པོ་ཡང་དུ་བཏང་ཡོད་པ་རེད།
རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་ཀྱི་ཆ་འཕྲིན་གསར་ཤོས་ལས་མངོན་པར་གཞིགས་ན། ཟླ་༡༡ཚེས་༡ཉིན་བར། རྒྱལ་ཡོངས་ཀྱི་ཞིང་ཆེན་༣༡ཚང་མས་བརྟག་དཔྱད་རྣམ་གྲངས་ཀྱི་རིན་གོང་དམའ་རུ་གཏོང་རྒྱུའི་ཡིག་ཆ་བཀྲམ་ཡོད་པ་དང་། དེའི་ཁྲོད་ནས་ཧྲང་ཧའེ་དང་། ཅང་ཤི། མཚོ་སྔོན་སོགས་ཞིང་ཆེན་གྱིས་སྔོན་ལ་ལག་བསྟར་བྱས་ཡོད་པ་རེད། ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། རྣམ་གྲངས་རྐྱང་པའི་ཆ་སྙོམས་རིན་གོང་སྒོར་༤༠ཡན་དམའ་རུ་བཏང་ཡོད་པས། ནད་པ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཁུར་པོ་ཡང་དུ་ཕྱིན་ཡོད་པ་རེད།
目前,部分省份已率先执行,为患者减负。
国家医保局最新消息显示,截至11月1日,全国31个省份均已发文下调项目价格,其中上海、江西、青海等省份已率先执行。初步测算,单个项目平均降价超40元,直接减轻了患者和医保基金的负担。
国家医保局有关负责人介绍,未来一段时期,国家医保局将根据检查设备、检验试剂采购成本下降情况,分批开展检查检验价格规范治理。
同时,对于降低检查检验价格腾出的费用空间,将指导符合调价的省份按一定比例用于护理、门诊、手术等项目价格的专项调整优化,也为支持满足临床急需的高水平真创新留出费用空间,让更多新技术、新设备、新耗材加快进入临床应用,让医疗科技造福于民。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། སྐལ་བསྟན། དབང་མོ།
主编 | 吾见才让
副主编 | 平多 桑布
编辑 | 格丹 旺姆
来源 | 新华社
译文 | 阳光西藏