-----
༄༅༎དཔེ་ཀློག་ནི་སློབ་གསོའི་གྲུབ་ཆ་གལ་ཆེ་ཞིག་ཡིན་ཚུལ་གླེང་བ།
ཨ་འཛི་གུ་རུ་དབང་པོ།
ནང་དོན་གནད་བསྡུས། སློབ་གསོ་ནི་མིའི་རིགས་ཡར་རྒྱས་ཀྱི་སྲོག་ཤིང་ལྟ་བུ་ཞིག་དང་འཛམ་གླིང་གི་སྔོན་གྲལ་གྱི་མི་རིགས་མང་པོ་ཞིག་དཔེ་ཆ་ཀློག་པ་བརྟེན་ནས་སློ་གསོ་དང་མི་གཞི་བསྐྱེད་སྲིང་བྱེད་ཡོད་པས།དཔེ་ཆ་དང་སློབ་གསོ་གཅིག་ལ་གཅིག་བརྟེན་དང་དེ་བྱུང་འབྲེལ་ལྟ་བུ་ཞིག་ཆགས་ཡོད་ཟེར་ནའང་མི་འཚམ་པ་ཞིག་ག་ལ་ཡོད།
བརྡ་ཆད་གཙོ་བོ།སློབ་གསོ་རིག་པ། དཔེ་ཆ།
དང་པོ།སློབ་གསོ་རིག་པའི་བྱུང་འཕེལ།
[1 ]སྤྱི་བཏང་གི་སློབ་གསོ་ཟེར་བ་འདི་ལ་གདོད་མའི་སྤྱི་ཚོགས་དུས་ཀྱི་སློབ་གསོ་དང་བྲན་གཡོག་སྤྱི་ཚོགས་སྐབས་ཀྱི་སློབ་གསོ།བཀས་བཀོད་རྒྱུད་འཛིན་སྐབས་ཀྱི་སློབ་གསོ་དང་མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་སྐབས་ཀྱི་སློབ་གསོ་བཅས་ལྔ་རུ་དབྱེ་ཆོག།དང་པོ་གདོད་མའི་སྤྱི་ཚོགས་སྐབས་ཀྱི་སློབ་གསོ་ཅུང་ཙམ་གླེང་ན།གདོད་མའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཤིན་ཏུ་ནས་ཆུ་ཚད་ཞན་པས་ལག་ཆ་ནི་རྡོ་ཆས་ཙམ་ཡིན་ལ་བཟའ་བཏུང་ནི་དུད་འགྲོའི་ཤ་རྗེན་པ་དང་ཁྲག་སོགས་དང་ཡིན་ཞིང་དེའི་རྗེས་ནས་རིམ་བཞིན་རྫ་ཆས་སྤྱོད་ཤེས་པ་དང་མེ་བཀོད་སྤྱོད་བྱེད་ཤེས་པ།འཐག་ལས་དང་འདེབས་འཛུགས་རགས་རིམ་ཤེས་མོད་ཐོན་རྫས་ཤིན་ཏུ་དམན་པས།མི་རྣམས་ཀྱིས་འཚོ་བ་མགོ་ཐོན་ཙམ་ལས་ཐོན་རྫས་ལྷག་མ་མེད་ལ།མི་རྣམས་བཀྲེས་སྐོམ་གྱིས་འཆི་བ་དང་གཅན་གཟན་གྱི་གནོད་འཚེ་འགོག་སྲུང་བྱེད་ཆེད་ཐུན་མོང་དུ་ཐོན་སྐྱེད་སྤྱི་ལ་དབང་བའི་ལམ་ལུགས་རེད།རིག་གནས་དང་སློབ་གསོ་ཆུད་ཚད་ཧ་ཅང་དམའ་བས་སྐབས་དེའི་སླབ་གསོ་བྱ་འགུལ་ནི་ངལ་གཙོ་ཐོན་སྐྱེད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཉམས་མྱོང་ལྡན་པའི་རྒན་རབས་པ་རྣམས་ཀྱིས་ན་གཞོན་བྱིས་པ་རྣམས་ལ་ལག་ཆ་སྐྲུན་པ་དང་ཉ་འཛིན་པ།རི་དྭགས་རྔོན་པ་དང་ཕྱུགས་འཚོ་བ་སོགས་ཐུན་མོང་དུ་ངལ་རྩོལ་བྱས་ནས་སློབ་གསོ་དང་ཐོན་སྐྱེད་ངལ་རྩོལ་ཟུང་འབྲེལ་དམ་པོ་ཡིན་པ་ནི་སྐབས་དེའི་སློབ་གསོའི་ཁྱད་ཆོས་དང་པོ་བགྲངས་ཡོད།ཁྱད་ཆོས་གཉིས་པ་ནི།གདོད་མའི་སྤྱི་ཚོགས་ཀྱི་ངལརྩོལ་དང་འཚོ་བའི་ཁྲོད་དུ་མིའི་རིགས་ལ་ཀུན་སྤྱོད་ལྟ་ཚུལ་དང་ཡུལ་སྲོལ་གོམས་གཤིས།སྤྱོད་ལམ་སོགས་ཚད་གཞི་ངེས་ཅན་ཞིག་ལ་ཐོན་ཡོད་ལ།སྐབས་དེའི་མི་རྣམས་ཀྱིས་འབྱུང་བཞིའི་འཁྲུག་པ་ཡོང་བ་བརྟེན།དེ་ཚོ་ལ་ལྷ་ཀླུ་གཉན་གསུམ་དུ་འབོད་ནས་ཡར་མཆོད་པ་དང་། [4] མཆོད་བྱ་གཙོ་བོ་སྲོག་ཆགས་ཡིན་གྱི་ཡོད་པ་རེད།སྐབས་འདི་ནས་གདོད་མའི་ཆོས་ལུགས་ཡོང་བཞིན་ཡོད་པ་སྣང་།དམར་མཆད་ཀྱི་སྲོལ་ཡོང་འདི་ནས་དར་ཡོད། སྐབས་དེ་ཡི་གེ་མེད་ལ་སློབ་གྲྭ་ནི་དེ་བས་ཀྱང་མེད་པས་ན་ནང་དོན་ཚང་མ་འཚོ་བ་དངོས་ཀྱི་ཀྱི་ཁྲོད་དུ་ངག་ཐོག་ནས་ཁྲིད་པ་ཡིན་སྟབས།སློབ་གསོའི་དོན་ཧ་ཅང་དམན་པ་དང་ཧ་ཅང་སྟབས་བདེ་པོ་ཡིན། གདོད་མའི་སྤྱི་ཚོགས་གྲལ་རིམ་གང་ཡང་མེད་པས་མི་ཕན་ཚུན་འདྲ་མཉམ་གྱི་ལྟ་བ་ཐོག་ནས་ཆགས་ཡོད།བྱིས་་པ་རྣམས་རུས་རྒྱུད་ཚོགས་ལ་དབང་བ་་ཡིན། ༼༢༽ད་ནི་བྲན་གཡོག་སྤྱི་ཚོགས་ཀྱི་རྣམས་པ་ལ་ཅུང་ཙམ་བཞད་ན། གདོད་མའི་སྤྱི་ཚོགས་དང་བསྡུར་ན་བྲན་གཡོག་སྤྱི་ཚོགས་ནི་སྔར་ཐོན་རྒྱ་ཆེར་བྱུང་ཡོད།ཐོན་སྐྱེད་ནུས་ཤུགས་ཆེན་འགྲོ་བ་བསྟུན་ནས་ཐོན་རྫས་ཀྱང་ལྷག་མ་བྱུང་ཡོད་པ་དང་སློབ་གསོ་ལའང་གྲལ་རིམ་ཡོད་པའི་མགོ་ཚུགས།བྲན་གཡོག་བདག་པོ་མ་གཏོགས་བྲན་གཡོག་ལ་སློབ་གསོ་ཐེབས་པའི་གོ་སྐབས་མེད།བྲན་གཡོག་རྣམས་ནི་ཤིན་ཏུ་སྡུག་བསྔལ་ཆེ་བའི་གནས་བབས་སུ་ལྷུང་ཡོད།དུས་སྐབས་དེ་ནས་བཟུང་སློབ་གསོ་ལས་ཀ་སྒྲུབ་པའི་ཆེད་ལས་ཀྱི་དགེ་རྒན་དང་སློབ་གྲྭ་བྱུང་མགོ་བརྩམས། དུས་དེ་ཡི་གེ་བྱུང་བས་འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་ཤེས་བྱ་རིག་གནས་རྣམས་ཡིག་ཐོགས་ཏུ་བཀོད་ཐུབ་གི་ཡོད།ཡི་གེ་ཐོགས་མ་དེ་苏美尔人ཡི་གསར་གཏོད་བྱེད་པའི་འཛེར་མའི་གཟུགས་རིས钉头字ཟེར་བའི་འདྲ་གཟུགས་ཡེ་གེ་དེ་ཡིན།སློབ་གསོའི་ནང་དོན་གཙོ་བོ་ནི།གུས་ལུགས་དང་རོལ་མོ།མདའ་འཕེན།འགོག་སྲུང་
།ཡི་གེ།རྩིས་རིག་སྟེ་རྩལ་དྲུག་ཡིན་པ་དེའི་བྲན་་གཡོག་སྤྱི་ཚོགས་རྒྱལ་ཁབ་ཀྱིས་གུས་སྲོལ་དམག་དོན་ལ་དོ་སྣང་བྱ་བའི་དགོས་མཁོ་མཚོན་པ་ཡིན།༼༣༽ [4] བཀས་བཀོད་རྒྱུད་འཛིན་སྐབས་ཀྱི་སློབ་གསོ།དེ་ནི་མིའི་རིགས་ཀྱི་སློབ་གསོའི་ཡར་རྗེས་འགྲོ་བའི་རྣམ་པ་ཞིག་ཡིན།འདི་ནས་བཟུང་སློབ་གསོ་རིག་པའི་གཞུང་ཐོག་མ་བྱུང་ཡོད་པའང་འདོད་གི་ཡོད།དེ་ནི་འཛམ་གླིང་ཤར་ཕྱོགས་སུ་གནས་པའི་རང་རྒྱལ་གྱི་རྒྱལ་རབས་ཀྲོན་གོ་战国སྐབས་ཀྱི་མའོ་ཙི་孟子རྩོམ་པའི་《学记》ཟེར་བ་དེ་ནི་ཀྲུང་གོ་ཙམ་མ་ཟད་འཛམ་བུ་གླིང་གི་ཐོག་ཏུ་སློབ་གསོ་རིག་པའི་གཞུང་ཐོག་མ་འདོད་གི་ཡོད་པ་རེད།དེའི་ནང་དོན་གཙ་བོ་ནི།ཁྲིད་རྒྱུ་དང་སྦྱོང་རྒྱུ་བསྐོར་གཙོ་བོ་བཀོད་ཡོད་ལ།སློབ་དཔོན་ག་འདྲ་ཞིག་བྱེད་དགོས་པའི་ཚུལ་འགོད་ཡོད།འདིའི་སློབ་གསོ་རིག་པ་ལ་ཤུགས་རྐྱེན་ཆེན་པོ་འཇོག་ཡོད་པ་མ་ཟད།ད་དུང་སེམས་ཁམས་རིག་པ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ཆེད་ལས་མི་སྣ་རྣམས་ཀྱིས་གསུངས་དང་གསུངས་བཞིན་པ་རེད།སྐབས་དེའི་ནུབ་གླིང་པའི་ཆེས་སྐད་གྲགས་ཡོད་པ་ནི་སྤྱི་ལོ་སྔོན་གྱི་༤༦༩ཡར་མས་སུ་གྷི་རེ་སའི་མཚན་ཉིད་པ་ཆེན་མོ་དང་སློབ་གསོ་ཆེན་པོ་སའེ་གྷི་ལ་རེ་བྱུང་བ་རེད། སྐབས་དེ་ནི་བསམ་བློ་པ་བྱུང་བའི་དུས་ཚོད་ཞིག་རེད་ཟེར་ནའང་མི་ཆོག་པ་ག་ལ་ཡོད།轴心时代ཞེས་འབོད་གི་ཡོད།སློབ་གསོ་ཙམ་དུ་མ་ཟད་མཚན་ཉིད་རིག་པ་དང་ཚན་རིག་གི་མྱུ་གུ་འབུས་པ་རེད།སྐབས་དེའི་སློད་གསོའི་ནང་དོན་གཙོ་བོ་ནི།ཆོས་ལུགས་ཀྱི་སྙིང་པོ་དང་བརྡ་སྤྲོད་རིག་པ།ཚིག་རྒྱན་རིག་པ།མཚན་ཉིད་རིག་པ།རྩིས་རིག་པ།དབྱིབས་རྩིས་རིག་པ། གནམ་དཔྱད་རིག་པ།རོལ་མོ་བཅས་རྩལ་བདུན་དུ་འབོད་པ་དེ་ཡིན།གོང་གི་༡བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་ནི་གནའ་རབས་སློབ་གསོ་ཞེས་འབོད་པ་རེད།དེ་དག་མཐུན་མང་གི་ཁྱད་ཆོས་ནི། ༡སློབ་གྲྭའི་སློབ་གསོ་ཡིས་གདོད་མའི་རྣམ་པའི་སློབ་གསོའི་ཚབ་བྱས།སློབ་གྲྭའི་སློབ་གསོའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ཆོག་པ་དང་།ཆེད་ལས་ཀྱི་དགེ་རྒན་ཡོད་ལ།ཕན་འབྲས་ཡོད་པའི་རྣམ་པ་སྤྱད་ནས་གཞོན་རབས་པར་ཕྱོགས་བསྡུས་ཀྱི་སློབ་གསོ་བྱས་ནས།དབང་བསྒྱུར་གྲལ་རིམ་གྱི་སློབ་གསོའི་རེ་བ་ལྟར་གཞོན་རབས་པ་རྣམས་ཤེས་ཡོན་དང་ནུས་པ་ངེས་ཅན་ལྡན་པའི་ཤེས་ལྡན་པར་སྐྱེད་སྲིང་བྱེད་པ་དེ་སློབ་གྲྭའི་སློབ་གསོ་ཁྱད་ཆོོས་རེད།ཡིན་ན་ཡང་ངལ་རྩོལ་མི་དམངས་ཁྲོད་དུ་ད་དུང་གདོད་མའི་ཚུལ་གྱི་སློབ་གསོ་སྔར་མུས་བཞིན་གནས་ཡོད།༢སློབ་གསོ་གྲལ་རིམ་རང་བཞིན་ལྡན་པ།བྲན་གཡོག་སྤྱི་ཚོགས་སུ་གདོད་མའི་སྤྱི་ཚོགས་ཀྱི་སློབ་གསོའི་གཅིག་གྱུར་རང་བཞིན་དང་མཐུན་མོང་རང་བཞིན་ལ་གཏོར་བརླག་བཏང་སྟེ།དབང་སྒྱུར་གྲལ་རིམ་གྱི་བྱིས་པར་ངལ་རྩོལ་མི་དམངས་ལ་དབང་སྒྱུར་བྱེད་པའི་བསམ་པའི་འདུ་ཤེས་དང་ནུས་པ་གསོ་སྐྱོང་བྱ་བ་དང་གནས་བསྐོར་ལས་དབང་སྨྲ་བ་དང་ཆོས་ལུགས་རྨོངས་དད་སོགས་བླུན་རྨོངས་ཀྱི་བསམ་པས་ངལ་རྩོལ་མི་དམངས་ལ་མགོ་སྐོར་བཏང་སྟེ་ཡུན་རིང་བོར་བྲན་གཡོག་བྱེད་དུ་བཅུག
གསུམ་པ།སློབ་གྲྭའི་སློབ་གསོ་དེ་ཐོན་སྐྱེད་དང་ཁ་བྲལ་ཚབས་ཆེ་རུ་སོང་།བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་དེ་དབང་སྒྱུར་གྲལ་རིམ་ལ་ཁེ་དབང་དང་།སྒེར་བཙུགས་ཀྱི་སློབ་གྲྭ་ཆེ་རུ་སོང་བ་དང་བསྟུན་་ནས་བྲན་གཡོག་ལ་མཐོང་ཆུང་ཞེ་དྲག་བྱེད་པ་རེད།ད་དུང་དགེ་རྒན་རེེར་གདན་དྲང་ནས་སྐུ་དྲག་ཚོའི་བུ་ཕྲུག་ལ་སློབ་ཁྲིད་བྱས་པ་རེད།༼༣༽ད་ནི་མ་རྩ་རིང་ལུགས་ཀྱི་སློབ་གསོའི་ཁྱད་ཆོས་ཅུང་ཙམ་ཞིག་བརྗོད་ན།མ་རྩ་རིང་ལུགས་སློབ་གསོ་ནི་དེང་རབས་སློབ་གསོའི་ཁོངས་སུ་གཏོགས་ཆོག དབྱེ་བ་འབྱེད་སྟངས་འདི་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལུགས་སུ་འགྲོ་བ་ཡིན མ་རྩ་རིང་་ལུགས་ཀྱི་སློབ་གྲྭ་ནི་མ་རྩ་ཅན་གྱི་ཁེ་ཕན་ལེན་བྱེད་ཀྱི་ལག་ཆ་ཙམ་ཡིན།འབྱོར་ལྡན་གྲལ་རིམ་གྱི་སློབ་གསོ་ནི་འདྲ་མཉམ་མིན་ལ།དབྱིན་ཇི་དང་་ཧྥ་རན་སི་།འཇར་མན་སོགས་ཀྱིས་སློབ་གྲྭ་མི་འདྲ་བ་གཉིས་ཐམ་པ་བཙུགས་ཡོད་དེ།གཅིག་ནི་འབྱོར་ལྡན་གྲལ་རིམ་གྱི་བྱིས་པ་ཚོར་བཙུགས་པའི་སློབ་གྲུ་ཡིན།གཅིག་ཤོས་ནི་ང།་རྩོལ་མི་དམངས་ཀྱི་བྱིས་པ་ཚོ་རྒྱལ་དམངས་སློབ་ཆུང་ཡིན།ངལ་རྩོལ་མི་དམངས་ཀྱི་བྱིས་པ་ཚོ་རྒྱལ་དམངས་སློབ་ཆུང་ལས་མཐར་ཕྱིན་རྗེས་ལས་ཀའམ་ལས་རིགས་སློབ་གྲྭ་ཞུགས་པ་ལས་སློབ་གྲྭ་ཆེན་མོ་ཞུགས་མི་ཆོག འོན་ཀྱང་གུས་པ་རང་ཉིད་ཀྱི་ལྟ་ཚུལ་འདྲ་ཡིན་ན་དུས་རབས་དེ་ལ་མཚོན་ན་དེ་ནི་སྔོན་ཐོན་གྱི་ལམ་ལུགས་ཞིག་རེེད་བསམ་གི་ཡོད།རྒྱུ་མཚན་ག་རེ་ཞེ་ན།དུས་སྐབས་དེ་འདྲ་ཞིག་ལ་སློབ་གྲྭ་འགྲོ་ཐུབ་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད།དཔེར་ན།ང་ཚོ་བོད་རང་ལ་མཚོན་ནའང་ཕག་གྲུ་སྲིད་དབང་སྐབས་སུ་བྱུང་བའི་སྤྲུལ་སྐུ་ལམ་ལུགས་ལྟ་བུ་དང་གཅིག་པ་གཅིག་ཀྱང་རེད།ང་ཚོ་ད་སྐབས་བལྟ་ཡོང་སྐབས་དེ་ནི་ལམ་ལུགས་སྔོན་ཐོན་ཞིག་མིན་རུང་འོན་ཀྱང་དུས་སྐབས་དེ་ལ་མཚོན་ན་དེ་ནི་ཧ་ཅང་གི་སྔོན་ཐོན་གྱི་བསམ་བློ་ཞིག་མ་རེད་དམ།མ་རྩ་རིང་ལུགས་ཅན་གྱི་རྒྱལ་ཁབ་དག་ད་ལྟ་གོ་ལ་ཟླུམ་པོ་འདིའི་ཐོག་ཏུ་འགྲན་ཡ་མེད་པ་ཞིག་འགྱུར་ཐུབ་པ་དེ་ནི་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད་ངེས།དུས་སྐབས་དེ་སློབ་གསོ་རིག་པ་ཞེས་པའི་ཁེར་ཚུགས་ཀྱི་གཞུང་དེབ་ཞིག་ཏུ་འགྱུར།དེ་ནི་ཁའེ་ཐེ་ལན་ཟེར་བའི་སློབ་གསོ་རིག་པ་དེ་གཏན་འབེབས་གནང་བ་རེད།དེ་བྱེད་པ་བསྟུན་ནས་སློབ་གསོ་ལ་མཐོང་ཆེན་བྱེད་མཁན་ཇེ་མང་དང་རིགག་མཚན་འདི་ལ་ཞིབ་འཇུག་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་རེད། [1] མ་རྩ་རིང་ལུགས་ཀྱི་སློབ་གསོ་ལ་བརྟེན་ནས་འཛམ་བུ་གླིང་དུ་སྐད་གྲགས་ཆོད་པའི་མ་རྩ་པ་མང་པོ་བྱུང་བ་ཡོད་པ་དང་དེང་རབས་ཅན་དུ་འགྱུར་བ་ནུས་པ་ཆེན་པོ་ཐོན་ཡོད་ལ།དེས་དངོས་གཙོ་སྨྲ་བའི་ཚན་རིག་པ་མང་པོ་འབྱུང་བ་ལ་ཕན་པ་རྒྱ་ཆེ་གནང་ཡོད་པས།དེ་བས་གལ་ཏེ་སྤྱི་ཚོགས་དང་མིའི་རིགས་ཡར་རྗེས་འགྲོ་དགོས་ན་ངེས་པར་དུ་སློབ་གསོ་ལ་བརྟེན་དགོས་པ་ལས་མཚོན་ཆའི་འཁོར་ལོ་བརྟེན་ནས་བྱུང་བ་ག་ལ་ཡིན།༼༤༽སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ནི་དུས་རབས14པ་ནས16པའི་བར་གྱི་རིག་རྩལ་བསྐྱར་དར་ལས་འགུལ་དང་།ཆོས་ལུགས་བསྒྱུར་བཅོས་ལས་འགུལ།དུས་རབས་18པའི་བློ་སྒོ་འབྱེད་པའི་ལས་འགུལ་སོགས་བསམ་བློའི་ལས་འགུལ་ཆེན་པོ་གསུམ་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་ཚུལ་རིང་ལུགས་ཀྱི་འདུ་ཤེས་འཚིན་སྟངས་གསོ་སྐྱངས་བྱས་ཡོད།ལོ་རྒྱུས་ཀྱི་དུས་སྐབས་དེའི་སྤྱི་ལོ1516སྐབས་དབྱིན་ཇིའི་ཕུལ་དུ་བྱུང་བའི་མི་ཆོས་རིང་ལུགས་པ་ཐུའོ་མ་སི་གྱིས༼ཝུའུ་ཐུའུ་པང༽ཞེས་པའི་དཔེ་དེེབ་ཅིག་བྲིས།ཁོང་གིས་གསན་ཉམས་ལྡན་པའི་རྩོམ་རིག་གི་འབྲི་སྟངས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ནག་ཉེས་ལ་ཐེ་འདོན་བྱས་ཏེ་བཤུ་བཞོག་མེད་པ་དང་གཉའ་གནོན་མེད་པའི་ཕུགས་བསམ་གྱི་སྤྱི་ཚོགས་ཤིག་བྲིས་ཡོད་།དེ་ནས་བཟུང་མ་རྣམས་ཀྱིས་མ་རྩ་རིང་ལུགས་ལ་དགག་པ་རྒྱག་པ་དང་མཛེས་སྡུག་ལྡན་པའི་སྤྱི་ཚོགས་བརྩོན་ལེན་བྱེད་པའི་སྔོན་ཐོན་གྱི་ལམ་ཞིག་གཏོད་པ་རེད།མིའི་རིགས་བསམ་བློའི་ལ་རྒྱུས་ཐོག་དེ་ནི་སྟོང་བསམ་སྤྱི་ཚོགས་རིང་ལུགས་འགོ་ཚུགས་ས་ཞིག་ཏུ་བརྩིས་ཡོད་དོ།།
དེ་བྱུང་བརྒྱུད་ནས་དངོས་ཡོད་སྤྱི་ཚོགས་རིང་ལུགས་科学社会主义ནི་དུས་རབས་༡༩པའི་ལོ་རབས་༣༠དང༤༠ནང་དུ་མ་ཁེ་སི་དང་ཨིན་གེ་སིས་གསར་དུ་གཏོད་པ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སླབ་གསོ་འདི་བྱུང་བ་རེད།མ་ཁི་སའི་སློབ་གསོའི་ལྟ་བ་ནི་སློབ་གསོ་ནི་ཕྱོགས་ཡོངས་ནས་ཡིན་དགོས་པ་ལས་ཤེས་བྱ་ཁོ་ན་ཙམ་མིན།ཚན་རིག་དང་ལག་རྩལ་།ལུས་རྩལ་སོགས་ཕྱོགས་ཀུན་ནས་སྤེལ་དགོས་པ་བརྗོད་ཡོད།ད་དུང་ཁོའི་རིན་ཐང་ལྟ་བ་གཙོ་བོ་གཅིག་ནི་ངལ་གཙོ་དང་སློབ་གསོ་ནི་མཉམ་དུ་འདྲེས་དགོས་པ་སྟོན་ཡོད་ལ།སློབ་གསོ་ལ་གྲལ་རིམ་མེད་པ་དང་འདྲ་མཉམ་ཡིན་ཞེས་ཟེར་བ་འདིས་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་གོང་འཕེལ་འགྲོ་བ་ལ་ནུས་པ་ཤིན་ཏུ་ནས་ཆེན་པོ་བཞགས་ཡོད། གོང་གི་དེ་དག་ནི་འཛམ་གླིང་སྤྱི་ཧྲིལ་བའི་སློབ་གསོའི་བྱུང་འཕེལ་ཙམ་ཞེས་བརྗོད་ཆོག
གཉིས་པ།བོད་པའི་སློབ་གསོ་ལྟ་བ་དང་སློབ་གྲྭའི་སློབ་གསོ།
དང་པོ།བོད་ཀྱི་སྲོལ་རྒྱུན་གྱི་སློབ་གསོའི་རིན་ཐང་ལྟ་བ། སློབ་གསོ་ཞེས་པའི་ཐ་སྙད་འདི་གཉིས་ཁ་སྒང་འཕགས་མོ་སྐྱིད༡་ཀྱི་རྩོམ་པའི༼དེང་རབས་སློབ་གསོའི་མཐོང་སྣེ་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ལྟ་བ་༽ལས་རྒྱ་ཡིག་ལས་བྱུང་བ་འདི་ལྟར་བཤད་ཡོད་དེ༼བོད་རྒྱ་ཚིག་མཛོད་ཆེན་མོ༽ལས་ཤེས་རིག་གོང་དུ་སྤེལ་ཐབས་སམ།གོ་རྟོགས་མཐོ་རུ་གཏོང་བའི་བསླབ་བྱ་ཞེས་བརྗོད་ཡོད། བོད་ཀྱི་སློབ་གསོ་འདི་ཡང་འཛམ་གླིང་སྤྱི་དང་འདྲ་བ་སྟབས་བདེ་ནས་རྙག་འཛིང་ལྟ་བའི་འཕེལ་རིམ་ཞིག་ཅིས་ཀྱང་བརྒྱུད་ཡོད་ངེས།ང་ཚོ་གདོད་མའི་ཆོས་ལུགས་ནི་བོན་ཡིན་ལ།བོན་ནི་萨满ཆོས་ལུགས་ཀྱི་ནང་ཚན་ཞིག་གམ་ལ་ལ་ཞིག་གིས་འབོད་ཚུལ་མི་འདྲ་པ་མ་གཏོགས་དེ་གཅིག་ཡིན་ཞེས་བརྗོད་ཡོད།མདོ་དྲིལ་ན་དེ་ནི་དམར་མཆོད་དང་ལྷ་ཀླུ་གསོལ་བའི་གདོད་མའི་ཆོས་ལུགས་ཤིག་ཡིན ཆོས་ལུགས་འདིས་བོད་པ་ཚོའི་བསམ་བློ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས།སྐབས་དེའི་སློབ་གསོ་པ་ནི་བོན་གྱི་བླ་མ་ཡིན་ངེས་ལ་ཁོང་ཚོའི་སློབ་གསོ་ནི་དམར་གསོད་དང་དམར་མཆོད།རུ་ཆུ་ནགས་གསུམ་ལ་གནོད་པ་བྱེད་ན་གཞི་བདག་འཁྲུག་འགྲོ་བས་དེ་ལ་བཀུར་དགོས་པ་དང་གསོལ་ན་ལངས་སྤྱོད་འཕེལ་བ་ལྟ་བའི་བསམ་བློ་ཡོད།སྤྱི་བཏང་གདོད་མའི་བོན་ཆོས་ནི་དེ་འདྲ་སྔོན་ཐོན་ཞིག་མིན་ཡང་།འོན་ཀྱང་ས་དང་རི་ལ་བཀུར་བ་འདིས་ང་ཚོ་བོད་་པ་ཚོས་གནའ་སྔར་མོ་ཁོར་ཡུག་ལ་སྲུང་སྐྱོབས་ལ་ཤུགས་སུ་ནུས་པ་ཐོན་གི་ཡོད་པ་ཤེས་ཐུབ།དེ་ནས་འཕེལ་རིམ་གཉིས་པ་དེ་བོད་བཙན་པོའི་སྐབས་ཀྱི་སློབ་་གསོ་དེ་ནི་སྤྱི་བཏང་བོན་ཆོས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་ལ།མི་འདྲ་ས་ཡང་ཡོད་དེ།དཔེར་ན།སྐྱེས་སྐྱེས་ཐམས་ཅད་བུ་ལ་སྐྱེས།ཤི་ཤི་ཐམས་ཅད་དགྲ་ལ་ཤི།།ཟེར་བའི་གནས་ལུགས་ལྟར་དཔའ་བོར་ཧ་ཅང་གི་བཀུར་བའི་སློབ་གསོ་ཡོད་པའང་ཤེས་ཐུབ།སྤྱི་བཏང་སྲོང་བཙན་སྒམ་པོའི་སྐབས་སུ་སློབ་དཔོན་བཀའ་དྲིན་ཅན་ཐོན་མི་སམྦྷོ་ཌས་བོད་ཡིག་གསར་གཏོད་བྱས་པ་དང་རྒྱ་བཟའ་ཀོང་ཇོས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བཞེངས་ཀྱང་དེ་ལ་འཆད་ཉན་བྱེད་མི་མེད་པ་འདྲ། དེ་ནས་འཕལ་རིམ་གསུམ་པ་འདྲ་པོ་དེ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ཡིན་ཞིང་།འདི་ནི་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་བཞེངས་པ་ནས་བཟུང་འཆད་ཉན་གྱི་གཞི་རྟེན་གཙོ་བོ་དེ་རེད།གཙུག་ལག་ཁང་འདི་བཞེངས་ནས་བསྟན་པ་ལ་དར་རྒྱས་ཡོང་ཆ་རྐྱེན་གཙོ་བོ་དེ་ནི་སད་མི་བདུན་ཐོག་མ་བྱུང་བ་དེ་ཡིན།དེ་རྣམས་བརྟེན་ནས་སྐ་བ་དཔལ་བརྩེགས་ལ་སོགས་པའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་བྱུང་ཞིང་།དེ་དག་ལ་བརྟེན་ནས་ཅོག་རོ་ཀླུའི་རྒྱལ་མཚན་ལ་སོགས་པ་སྟོང་རྩ་བརྒྱད་ཀྱིས་རབ་ཏུ་བྱུང་ནས་བློ་སྦྱོངས་མཛད་ནས་སྒྲ་བསྒྱུར་དཞུ་ཆེན།མཆན་བུའི་ལོ་ཙཱ་བྱས་ཏེ་ཞེས་པ་འདི་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས་ཞབས་ནས་སོ། དེའི་སྐབས་་སུ་གཙོ་བོ་རྒྱ་གར་ནས་བྱུང་བའི་ནང་ཆོས་ཀྱི་གསུང་རབ་རྣམས་བོད་དུ་བསྒྱུར་བ་དེ་ཡིན།སྐབས་དེའི་ལོ་ཙཱའི་ཆུ་ཚད་ཧ་ལས་པ་ཞིག་ཡིན་པ་ད་ལྟའི་གསུང་རབ་རྣམས་ལ་བལྟ་་ན་ཤེས་ཐུབ།དེ་རྣམས་ལས་ཀྱང་ལོ་ཆེན་བེ་རོ་ཙ་ན་ནི།མཁས་ཆེན་རྔོག་བློ་ལྡན་ཤེས་རབ་ཀྱིས་གསུངས་པ་ལྟར།བེེ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ།།སྐ་ཅོ་རྣམས་གཉིས་ཉི་ཟླ་ཟུང་གཅིག་འདྲ།།རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཏེ།།ཁོ་བོ་དེ་དྲུང་སྲིན་འབུ་མེ་ཁྱེར་ཙམ།།གསུངས་པ་ལས་མཐོང་ཐུབ།དེ་ལ་བསྟན་པ་སྔར་དར་སྐབས་ཀྱི་སློབ་གསོ་ཞེས་འབོད་ཆོག ། དུས་རབས་བརྒྱད་པ་ཙམ་ནང་ཆོས་ཀྱི་སློབ་གསོ་དར་བ་དང་ད་ལྟར་བར་ཉམས་མེད་པ་འདིས་ནང་ཆོས་བོད་ཀྱི་རིག་གནས་སློབ་གསོའི་གྲུབ་ཆ་གལ་ཆེ་ཞིག་ཡིན་མ་ཟད་སྲོག་ཤང་རེད་ཟེར་ནའང་མི་ཆོག་པ་ག་ལ་ཡོད། དེ་ནས་མུ་མཐུད་དུ་བོད་སིལ་བུ་སྐབས་ཀྱི་སློབ་གསོ་ལ་གླེང་འགྲོ།བོད་སིལ་བུ་སྐབས་ཀྱི་སློབ་གསོ་དེ་བསྟན་པ་ཕྱི་དར་སྐབས་ཀྱི་སློབ་གསོ་ཞེས་ཟེར་ནའང་ཆོག།སྐབས་དེའི་འཆད་ཉན་བྱེད་ས་གཙོ་བོ་ནི་གསང་ཕུ་ནེའུ་ཐོག་དགོན་པ་ཡིན་ངེས་རེད།དེ་བཏབ་པའི་དུས་ཚོད་ནི་༡༠༧༣ལོ་ཡིན་ཞིང་དེ་ནི་འཁོན་དཀོན་མཆོག་རྒྱལ་པོའི་ས་སྐྱའི་གྲུབ་མཐའ་བཙུགས་པ་དང་དུས་མཉམ།འོན་ཀྱང་གསང་ཕུ་ནེའུ་ཐོག་གི་དགོན་པ་དེ་མིང་གྲགས་ཆེ་བ་སེམས། རྔོག་ལེགས་པའི་ཤེས་རབ་ཀྱིས་དགོན་པ་འདི་བཏབ་པ་དང་གསང་ཕུ་ཞེས་བཏགས་དགོས་དོན་ཡང་ཇོ་བོ་རྗེས་དགོན་པ་འདི་མ་འདེབས་བར་དུ་གསང་བ་མཛད་དགོས་གསུངས་པས་ཡིན།ཐོག་མ་གྲྭ་པ་ལྔ་བརྒྱ་ཙམ་འདུས་ནས་རྔོག་ལེགས་ཀྱིས་འཆད་ཉན་འཛད།ཕྱ་པ་ཆོས་ཀྱི་སེང་གེའི་མཚན་ཉིད་ཀྱི་སྲོལ་གཏོད་ནས་དར་རྒྱས་ཆེ་བ་བྱུང་།སེ་འབྲས་མ་ཆགས་གོང་དུ་དབུས་ཀྱི་གདན་ས་དྲུག་གི་གྲས་ཡིན།དུས་རབས་བཞི་པའི་ནང་དུ་སེང་གེ་རི་བོང་ལས་ཙོང་ཁ་པས་རྣམ་འགྲེལ་གསོན།སྐབས་དེ་མཚན་ཉིད་ཀྱི་སློབ་གསོ་ཤིན་ཏུ་ཡག་པོ་ཡོད་པ་དང་།བསྡུས་གྲྭ་བྱུང་བ་འདིས་མིའི་བློ་སྒོ་འབྱེད་རྐྱེན་ལ་ཕན་ཐོགས་ཆེན་པོ་ཡོད་ངེས།ང་ཚོའི་ནང་བསྟན་མཚན་ཉིད་རིག་པ་ནི་ནུབ་ཕྱོགས་མཚན་ཉིད་དང་བསྡུར་ནའང་བསྡུར་རིན་ཡོད་པ་ཞིག་རེད།འདིས་འཇིག་ལ་ལྟ་ཚུལ་ནི་ད་ལྟ་ལའང་ཚན་རིག་དང་ཤིན་ཏུ་མཐུན་པ་ཞིག་རེད།མཐའ་ན་ཚན་རིག་པས་ཀྱང་འདི་ལ་སློབ་སྦྱོང་དང་ཞིབ་འཇུག་ཀྱང་བྱེད་དང་བྱེད་མུས་ཡོད། [5] ནང་བསྟན་རིག་པའི་སློབ་གསོ་འདི་ཡང་རྨངས་དད་དང་རྗེས་ལུད་མིན་པའང་ཤེས་ཐུབ་པ་རེད།སྐབས་དེ་མཚན་ཉིད་སློབ་གསོ་ལ་རྩི་མཐོང་ཆེན་པོ་བྱེད་ཀྱིན་ཡོད་པ་རེད།ཇོ་མོ་བཙུན་མ་རྣམས་ཀྱིས་འདི་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་པ་༼ཇོ་མོ་མགོ་བསྐོར་བའི་རིག་པ༽འདི་ལས་གསལ་པོ་ཤེས་ཐུབ། མཚན་ཉིད་ཀྱི་སློབ་གསོ་འདིས་སྐབས་དེའི་རྨངས་དད་ཀྱི་བསམ་བློའི་ལྟ་བ་མང་པོ་ཞིག་བསྒྱུར་ཡོད་སྲིད། མཚན་ཉིད་ཤེས་པ་ནི་ཆོ་ག་ཤེས་པ་ཙམ་མ་ཡིན་པ་བསམ་བློ་ངོ་བོའི་ཐོག་ནས་འགྱུར་བ་མང་པོ་ཞིག་འགྲ་བཞིན་ཡོད་པ།དེས་རང་རྐྱ་ཐུབ་འདུ་ཤེས་ཤིག་སྐྱེས་ཡོང་གི་ཡོད ། ང་ཚོས་དཔེ་ཀློག་ག་འདྲ་ཞིག་བྱས་ཀྱང་རང་ཉིད་བསམ་གཞིགས་མ་བྱེད་པ་ཡིན་ན་དཔེ་ཀློག་གི་བྲན་གཡོག་ལྟ་བུ་ཆགས་འགྲོ་བ་རེད། ང་ཚོ་ནང་བསྟན་པའི་སློབ་གསོ་བྱེད་སྟངས་གཙོ་བོ་ནང་སེམས་དྲང་པོ་ཞིག་ལ་འགྱུར་ཨེ་ཐུབ་བལྟ་བ་ཡིན། [5] སེམས་བྱུང་ལྔ་གཅིག་དེ་ལ་བརྟེན་ནས་ང་ཚོའི་འཁྲུགས་པ་དང་འགལ་ཟླ་སོགས་འབྱུང་བཞིན་ཡོད་པས།ནང་བསྟན་མཚན་ཉིད་རིག་པའི་དེ་ལ་རྒྱུས་ལེན་བྱེད་པ་དང་དེ་ཞི་གནས་བྱེད་པ་ལ་འབད་གིན་ཡོད།ཀུན་འགྲོ་ལྔ།ཡུལ་ངེས་ལྔ།རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ དགེ་བ་བཅུ་གཅིག གཞན་འགྱུར་སོགས་སེམས་བྱུང་ལྔ་བཅུ་རྩ་གཅིག་འདིས་རྣམ་རྟོག་གི་སེམས་ཤུགས་དྲག་ཏུ་སློང་གི་ཡོད་པས། ང་ཚོས་དེ་དག་ཆགས་ཚུལ་དང་ཡུལ་ལ་འཕྲད་ཚུལ་གསལ་བོ་དང་ཕྲ་ཞིབ་ཞིག་ཤེས་སོང་བ་ཡིན་ན་རྟ་ང་ཉིད་ཀྱི་རྣམ་ཤེས་འདི་ལྷོད་པོ་ཐིག་བསྒྱུར་ཐུབ། འདི་དངོས་གཙོ་ལས་བརྒལ་བའི་དཔལ་ཡོན་ཅན་གྱི་ལྟ་བའམ་བསམ་བློ་ཞེས་འབོད་ཆོག མི་དང་མིའི་བར་གྱི་འབྲེལ་བ་ནི་རྙོག་འཛིང་དང་ཁེ་ཕན་ཁོ་ན་ཙམ་མ་ཡིན་པ་བསམ་ཤེས་སྙིང་རྗེ་ཅན་ཞིག་འགྱུར་བ་བོད་བརྒྱུད་ནང་བསྟན་རིག་པའི་སློབ་གསོའི་སྲོག་ཤིང་ལྟ་བུ་དེ་ཡིན་ངེས།སྙིང་རྗེའི་སློབ་གསོ་འདིས་དཔལ་འབྱོར་དང་དམག་དོན་ལ་ཞེ་དྲག་ཡར་རྒྱས་འགྲོ་ཟེར་བ་བཤད་དཀའ་མོ་ཡིན་མོད།འོན་ཏེ་མིའི་རིགས་ཀྱི་དཔའ་ཡོན་ཡར་རྒྱས་ཟེར་བ་དེ་ནི་མིའི་རིགས་རིགས་དང་དབུལ་ཕྱུག་ཀྱི་ལྟ་མི་འཛིན་ནས་འདྲ་མཉམ་ཀྱི་ལྟ་བ་ཞི་ཞིང་བདེ་བའི་སྤྱི་ཚོགས་ཤིག་བསྐྲུན་འདོད་པ་ནི་མིའི་རིགས་ཀྱི་མཐའ་ཐུག་གི་བསམ་བློ་ཉག་གཅིག་དེ་ཡིན་པས།སྙིང་རྗེ་གཙོ་བོ་འཛིན་པའི་སློབ་གསོ་ནི་ཤིན་ཏུ་ནས་རླབས་ཆེ་བ་སེམས།
སློབ་གྲྭའི་སློབ་གསོ་ལྟ་བ་ལ་ཅུང་ཙམ་ཞིག་དཔྱད་ན།གཙོ་བོ་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་གསུམ་གྱི་སློབ་གསོ་གཞི་བཟུང་ནས་དཔྱད་པ་ཡིན།སློབ་གྲྭ་ནི་སློབ་གསོ་བྱ་ཡུལ་ཞིག་ཡིན་པ་ལས།རྒྱུགས་ཀྱི་བང་འགྲན་ས་ཞིག་མིན་པ་ཤེས་དགོས། ཆུང་འབྲིང་གི་སློབ་མ་རྣམས་ནི་བཅའ་རྡུང་བྱུང་བ་ཤ་སྟག་ཡིན་ཟེར་ནའང་མི་ཆོག་པ་ག་་ཡོད།སྤྱི་བཏང་ཁོར་ཡུག་གི་དབང་དུ་བྱས་པ་ཡིན་ཡང་།ང་ཚོས་སློབ་གསོའི་གཞི་རྩའི་ངོ་བོ་དེ་གསལ་བོ་ཞིག་ཤེས་དགོས་པ་་རེད།མི་གཞི་ཀུན་སྤྱོད་དེ་ཨང་དང་པོ་བཞགས་དགོས་པ་དང་དཔེ་ཆ་གང་མང་ཞིག་ཀློག་ནས་བསམ་བློ་ལ་འགྱུར་བ་བཏང་རྒྱུ་འདི་གཉིས་ནི་སློབ་གྲྭའི་སློབ་གསོའི་གཞི་མ་ཞིག་ཡིན་པ་འདོད།མི་གཞི་སློབ་གསོའམ་མི་གཤིས་སློབ་གསོ་འདིས་སློབ་མ་ཟོལ་མེད་གཞུང་དྲང་དང་མཛའ་གྲོགས་འཆམ་མཐུན།སྙིང་རུས་མཐར་སྐྱེད།ཁོངས་ཡོངས་དཀྱེལ་ཆེའི་མི་གཤིས་ནི་སློབ་མའི་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་པ་གལ་ཆེན་ཞིག་ཡིན།སྔོན་ཐོན་ཅན་གྱི་རྒྱལ་ཁབ་འཇར་པཎ་ལྟ་བུ་ཞིག་ལ་མཚོན་ན་མི་གཞི་ཀུན་སྤྱོད་སློབ་གསོ་དེ་ཨང་དང་པོ་བརྩི་གིན་ཡོད།ཀུན་སྤྱོད་ཆུད་ཚད་མཐོ་པོ་དེས་རྒྱལ་ཁབ་ཡར་རྒྱས་འགྲོ་བ་ལ་ཕན་ཐོག་ཆེན་ཡོད།འཇར་པན་ནི་སློབ་གསོ་ལ་བརྩི་མཐོང་ཆེན་པོ་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པས།སློབ་ཆེན་མཐའ་ཕྱིན་སློབ་མ་ཞིག་ཡིན་པ་ནས་བཟུང་སློབ་གསོ་བསྐོར་གྱི་རིག་གཞུང་ཞིག་ངེས་པར་དུ་རྩོམ་དགོས་པ་རེད།ད་དུང་འཇར་པན་གྱི་དགེ་རྒན་རྣམས་ནི་སྤུས་ཚད་ཤིན་ཏུ་ནས་མཐོ་དགོས།གླ་ཕོག་ཀྱང་བཤད་པ་དགོས་ཤིན་ཏུ་མཐོ།གུས་ལུགས་སློབ་གསོ་དང་ནུས་རྩལ་ཤེས་བྱ་ལའང་མཐོང་ཆེན་བྱེད་ཀྱིན་ཡོད།སློབ་གྲྭའི་སྒོ་ཁ་རུ་ཁྱིམ་བདག་རྣམས་ཀྱིས་རླངས་འཁོར་རྫིག་པོ་གཏོང་མི་ཆོག་པ་དང་སློབ་མ་ཚོ་གནོན་ཤུགས་མེད་པའི་ཆེད་དུ་རྒྱུགས་ཡིག་ཀྱང་ཨང་རིམ་དབྱེ་གིན་མེད། ཆེ་འབྲིང་གི་སློབ་མ་རྣམས་གཙོ་བོ་དཔེ་ཆ་བལྟ་བ་ལ་འབད་་ཀྱིན་ཡོད་པ་རེདའདི་ལྟ་བའི་སློབ་གསོ་ཁྲོད་དུ་འབྱུང་ཡོང་པའི་མི་ནི་རྒྱལ་ཁབ་དང་མི་རིགས་ལ་ཕན་ཁོ་ཐག་ཡིན་པས།ང་ཚོས་ཀྱང་རྒྱུགས་ཀྱི་ཆེད་དུ་ཁོ་ན་ཙམ་དང་ལས་ཀ་བཙལ་རྒྱུ་ཁ་ནའི་ཆེད་དུ་ཙམ་མ་ཡིན་པ། སྤྱི་ང་ཚོ་བོད་ཀྱི་གཞི་རིམ་མང་ཚོགས་རྣམས་མང་ཆེ་ཤོས་སློབ་གྲྭ་འགྲིམ་མྱོང་མེད་པས་ཁོང་བསམ་བློ་ནང་དུ་སློབ་གྲྭ་འགྲོ་བ་ནི་གླ་ཕོག་གི་ཆེད་དུ་དམིགས་ཡོད་པ་འདྲ།ཡིན་ནའང་སློབ་གསོ་ནང་ནས་ཆེས་གལ་ཆེ་ཤོས་དེ་མི་གཞིའི་སློབ་གསོ་དང་བྱང་ཚད་ཀྱི་སློབ་གསོ་དེ་ཡིན་པ་འདོད།སློབ་མ་ཚོའི་བསམ་བློའི་ནང་དུ་དྲང་བདེན་གྱི་བསམ་བློ་འདྲ་མཉམ་བསམ་བློ་ཡོད་པ་བྱེད་དགོས།སྲོལ་རྒྱུན་གྱི་སློབ་གསོའི་རིན་ཐང་ལྟ་བ་ཡང་གཞན་ཕན་གྱི་སློབ་གསོ་སྤྲོད་ཐུབ་རྒྱུ་དེ་ཡིན་སྟབས།བྱང་ཚད་སློབ་གསོ་ཤིན་ཏུ་ནས་གལ་ཆེ་བ་བསམས་ཀྱིན་ཡོད།
གསུམ་པ།དཔེ་ཀློག་གི་གལ་ཆེ་རང་བཞིན་གླེང་བ།
དཔེ་ཀློག་ནི་སློབ་མ་ཞིག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་ལ།དགེ་རྒན་དང་རིག་གནས་ཀྱི་བྱ་བ་ལས་མཁན་ཞིག་ཡིན་ནས་བཟུང་དཔེ་ཀློག་ནི་མི་ཚེའི་གྲུབ་ཆ་ཞིག་ཏུ་ངོས་འཛིན་དགོས།དེ་འདྲ་ཞིག་ཡིན་སྟབས་ཡང་དག་པའི་དཔེ་ཀློག་བྱེད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། ༡དཔེ་ཆ་བཟང་པོ་ཞིག་ལ་གདམས་སྟངས། དཔེ་ཆ་བཟང་པོ་ཞིག་གདམས་པ་ནི་འཚོ་བཅུད་ལྡན་པའི་ཟ་མ་ཞིག་འཚོལ་བ་དང་འདྲ། ཟ་མ་ལ་དབྱེ་ན་ཡང་གད་སྙིགས་ཀྱི་ཟ་མ་དང་འཚོ་བཅུད་ལྡན་པའི་ཟ་མ་གཉིས་ལྟ་བུ་དབྱེ་ཆོག དེ་བཞིན་དུ་དཔེ་ཆ་ལའང་གསུང་རབ་བམ་འཛམ་གླིང་རང་བཞིན་ཅན་གྱི་བྱ་དགའ་ལོན་པའི་དཔེ་ཆ་ཀློག་པ་ནི་གལ་ཆེ།དེ་ལས་ཟློག་ཏེ་དྲ་རྒྱའི་བརྩམས་སྒྲུང网络小说དང་སྒྲུང་ཐུང་小说འབོད་པའི་སློབ་གསོ་དང་བསམ་བློའི་ཉིང་བཅུད་གང་ཡང་མེད་པའི་དཔེ་ཆ་དེ་རིགས་ཀློག་ན་རང་ཉིད་ཀྱི་ཀླད་པའི་ཕྲ་ཕུང་མུན་ནག་ཅན་ཞིག་འགྱུར་འགྲོ་བ་ནི་གདོན་མི་ཟ། རྒྱ་ནག་གི་མའོ་ཏེ་རྩོམ་རིག་བྱ་དགའ་ཐོབ་མྱོང་མཁན་ཞིག་གིས་འདི་ལྟར་གསུངས་མྱོང་དེ།ཁྱོད་རང་གི་དཔེ་ཆ་ཞིག་ཀློག་ཚེ་ལོ་བརྒྱའི་སྔོན་གྱི་དཔེ་ཆ་ཀློག་དགོས་ཤིག་གསུངས་ཡོད།བསམ་བློ་ཞིབ་མོ་གཏོང་ཚེ་དེ་ནི་དངོས་ནས་དོན་དང་ལྡན་པ་ཞིག་ཡིན་ཏེ།འདི་ནས་བརྒྱུད་པའི་ལོ་བརྒྱ་དང་བརྒྱའི་སྔོན་དུ་ཤར་ནུབ་གཉིས་སུ་བྱུང་བའི་རྩོམ་པ་པོ་རྣམས་ནི་དངོས་ཧ་ལས་དགོས་པ་ཞིག་རེད།དཔེར་ན་ཐའོ་འུ་སུ་ཐེ་དང་ཡོས་གོ།ཧྲ་ཧྲི་པེ་ཡ།ཀའུ་ཏེ་ལ་སོགས་སྙན་པའི་གྲགས་པ་འབར་བའི་རྩོམ་པོ་གནམ་གྱི་ས་འགེགས་པ་ལྟ་བུ་ ཞིག་བྱུང་ཡོད་སྟབས།ང་ཚོས་དེ་དག་གི་མི་ཚེ་གཅིག་ལ་བྲིས་པའི་བསམ་བློའི་ཉིང་བཅུད་དག་ང་ཚོ་ཕྱི་རབས་པ་རྣམས་ཀྱི་ལངས་སུ་སྤྱོད་ཐུབ་པ་ནི་ཇི་འདྲའི་སྐལ་བ་བཟང་པོ་ཞིག་རེད་ཨང་།ཧྲ་ཧྲི་པེ་ཡ་ཡིས‘དཔེ་ཀློག་ནི་འཛམ་བུ་གླིང་གི་འཚོ་བཅུད་ཡིན་ཞིང་།གལ་ཏེ་འཚོ་བའི་ནང་དུ་དཔེ་ཀློག་མེད་ཚེ།ཉི་འོད་མེད་པ་དང་གཅིག་མཚུངས་ཡིན།བློ་རིག་བཀྲ་བའི་མི་ཞིག་ལ་དཔེ་ཀློག་མེད་ཚེ།བྱེའུ་ཞིག་ལ་གཤོག་པ་མེད་པ་དང་གཉིས་སུ་མེད’དེ་བས་དཔེ་ཀློག་ནི་ཤིན་ཏུ་གལ་ཆེ་བ་དང་།ད་དུང་འཇར་མན་གྱི་མཚན་ཉིད་རིག་པ་བ་ཆེན་པོ་ཧྲུ་པན་ཧའོ་ཡིས།དཔེ་ཆ་ཀློག་པའི་སྔོན་འགྲོ་ནི་དཔེ་ཆ་ངན་པ་མི་ལྟ་བ་དེ་ཡིན་ཞེས་པ་བསམ་གཞིགས་ནན་ཏན་བྱེད་ནས་དཔེ་ཆ་ཀློག་པ་ནི་དེ་བས་ཀྱང་གལ་ཆེ་བ་སེམས། ༢དཔེ་ཆ་ཀློག་སྟངས་ཐད་ཅུང་ཙམ་བཤད་པ།བོད་ལ་གཏམ་དཔེ་འདི་ལྟ་ཞིག་ཡོད་དེ།བློ་རྩེ་གཉིས་ཀྱི་དོན་མི་འགྲུབ།།ཁབ་རྩེ་གཉིས་ཀྱི་གོས་མི་ཚེམས།།ཞེས་པར་ནང་བཞིན་དཔེ་ཆ་ཀློག་པའི་དོན་ཚན་དང་པོ་དེ་བློ་སེམས་རྩེ་གཅིག་བྱེད་དགོས་པ་བསམ་གྱིན་ཡོད།རྒྱུ་མཚན་ག་འདྲ་ཞིག་རེད་ཟེར་ན།སྔོན་སྤྱི་ཁྱབ་ཧྲི་ཅིས་ཞི་ཅིན་ཕིང་ཉིད་དཔེ་ཀློག་ལ་ཤིན་ཏུ་དགའ་བ་ཞིག་ཡིན་པས། ཨ་མས་ཇ་ཞིག་དྲངས་ནས་སྔོན་ལ་བཞགས་ཡོད་ཟེར་ནས་ཕྱིར་ཡོང་སྐབས།ཁོང་གིས་སྣག་ཚལ་འཐུང་ནས་དཔེ་ཆ་ལ་གཡེང་པ་བཤད།འདི་ནི་དཔེ་ཀློག་པ་དངོས་ཞིག་མ་གིས་དཔེ་ཆ་ལ་འཛིན་པའི་དགའ་ཞེན་དེ་ཤེས་ཐུབ།དེ་བས་དཔེ་ཆ་ཀློག་སྐབས་རང་གི་ཆེས་དགའ་བའི་མཛའ་མོ་དང་ལབ་གླེང་བྱེད་པ་ནང་བཞིན་བློ་སེམས་རྩེ་གཅིག་བྱེད་ནས་བལྟ་དགོས། མི་གང་མང་ཞིག་གི་དཔེ་ཆ་ཀློག་སྐབས་མིག་གིས་ཡིག་འབྲུ་བལྟ་ཡོད་རུང་སེམས་ནི་ཕྱི་རོལ་དུ་གཡེང་ནས་སྣང་ལ་མ་ངེས་པ་བྱེད་ནས་ཡོད། དཔེ་ཆ་ཀློག་པ་ནི་དགའ་ཞེན་ཡོད་པའི་སྒོ་ནས་ཀློག་དགོས་པ་ལས་ཨུ་ཚུགས་བྱེད་ནས་གཏན་ནས་ཀློག་མི་རུང་པ་སེམས།བྱ་དངོས་གང་འདྲ་ཞིག་ཡིན་རུང་དེ་ལ་དགའ་ཞེན་ཡོད་ན་དེ་སྒྲུབ་པ་ལ་དཀའ་ངལ་ཡང་ཡོད་མི་སྲིད།གཉིས་པ་ཡིན་ན་དཔེ་ཀློག་བྱེད་སྐབས་བསམ་གཞིགས་བྱེད་རྒྱུ་དེ་ཤིན་ཏུ་ནས་གལ་ཆེ།རང་རྐྱ་ཐུབ་པའི་བསམ་བློའི་ཐོག་ནས་དཔེ་ཀློག་བྱེད་པ་ནི་དཔེ་ཀློག་གི་སྲོག་ཤིང་ཡིན།གདམས་ཚིག་འདི་འདྲ་ཞིག་བཀོད་ན་ཆོག་སྟེ།བསམ་གཞིགས་མེད་པའི་དཔེ་ཀློག་ནི་གཤོག་ཡ་མེད་བྱེའུ་དང་འདྲ་ཞེས་ཟེར་ན་ཆོག། དཔེ་ཆ་ནི་ཅིས་ཀྱང་མིས་བརྩམས་པ་ཡིན་པས་དེའི་སྐྱོན་ཡོན་གང་མང་ཞིག་ལ་བསམ་གཞིགས་བྱེད་རྒྱུ་ཡོད། རང་རྐྱ་ཐུབ་པའི་བསམ་བློ་ངང་ནས་དཔེ་ཀློག་བྱེད་པ་ནི་རླབས་ཆེ་བའི་རྩོམ་པ་པོ་དང་ལྷན་དུ་བགྲོ་གླེང་བྱེད་པ་གཅིག་ཏུ་ཡིན་ངེས།
བཞི་པ།དཔེ་ཀློག་དང་སློབ་གསོ་གཉིས་ཀྱི་འབྲེལ་བ་དང་མཇུག་སྡོམ༎
སྤྱི་བཏང་སློབ་གསོ་ནི་ལུས་ངག་གང་རུང་ནས་གཞན་ཕར་རོལ་པ་ལ་ཀུན་སྤྱོད་དང་བསམ་བློ་་གོ་རྟོགས་ཆེན་པོ་རུ་བསྐྱེད་པའི་ཐབས་ལམ་ལྟ་བུ་ཞིག་ཆགས་ཡོད་པ་རེད།འོན་ཏེ་སློབ་གསོ་བྱེད་པ་པོ་གང་ཟག་དེ་ཉིད་ལ་མི་ཚེའི་ཉམས་མྱོང་དང་བསམ་བློའི་ཆུད་ཚད་ཡོན་ཏན་ལྡན་མིན་ནི་ཅི་ཆ་ཡོད་ཙང་།དེའི་བཤད་པའི་སྐད་ཆ་དག་ནི་དེ་བཞིན་དུ་གནས་ལུགས་སུ་གྲུབ་མིན་གང་རུང་ཞིག་ཡོད་སྲིད་ཀི་རེད།སངས་རྒྱས་ཀྱི་གསུང་ལས།སྲེག་བཤད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟག་པར་ང་ཡི་བཀའ༎བླང་བ་བྱ་ཡི་གུས་ཕྱིར་མིན།ཞེས་གསུངས་ཡོད་པ་ལྟར།བསམ་བློའི་ཆུད་ཚད་དམན་པོ་ཞིག་གིས་གཏོང་ཡོང་པའི་སློབ་གསོ་དེ་ནི་སྤངས་བླང་གི་དབྱེ་བ་ལེགས་པར་ཞིག་འབྱེད་ཤེས་དགོས་པས།ང་ཚོ་ཚད་མཐོ་སློབ་གསོའི་ལམ་ཁ་ཞིག་ཞུགས་དགོས་ཚེ།ངེས་པར་དུ་སྔོན་དང་ད་ཡི་བསམ་བློ་པ་དང་མཚན་ཉིད་རིག་པའི་མཁས་དབང་འདི་རྣམས་ཀྱི་བསམ་བློའི་ཉིད་བཅུད་དག་ལེགས་པར་ཞིག་ལེན་ཐུབ་ན་བསམ་པའི་དཔལ་ཡོན་མཆོག་ཏུ་འདོད་ཀི་ཡོད།ཡ་ཧི་ད་པའི་མ་རིགས་ཀྱི་དཔེ་ཀློག་ལ་བསྐུལ་བའི་སློབ་གསོ་ནི་འཛམ་གླིང་རྩེ་གྲ་རུ་སླེབས་ཡོད་པས།ཁོང་ཚོ་ནི་བསམ་བློ་དང་སློབ་གསོའི་ཆུད་ཚད་ཀྱང་ཨང་དང་པོ་ལྟ་བུ་ཞག་ཆགས་པ་ཡང་དཔེ་ཀློག་ལ་བསྐུལ་བའི་སློབ་གསོ་འདི་དང་འབྲེལ་བ་དམ་ཡོད་ཀི་རེད་བསམ་གྱིན་ཡོད།དཔེ་ཀློག་མེད་པའི་སློབ་གསོ་ནི་ཚིག་འབའ་ཞིག་གྲུབ་པ་ལས་མ་འདས་སོ༎ལྷག་པར་དུ་སློབ་གྲ་པ་ཞིག་ལ་ཆ་མཚོན་སོང་ན་རྒྱལ་ཁབ་དེའི་སློབ་གསོའི་སྒྲོམ་གཞི་ལས་རྒལ་ནས་ཤར་ནུབ་ཀུན་གྱི་གསུངས་རྩོམ་་ལ་ལྟ་ཀློག་བྱེད་པ་བསྐུལ་རྒྱུ་ནི་དེ་བས་ཀྱང་གལ་ཆེན།དེ་ཡང་བྲག་དགོན་པས།གོམ་མཐའི་ས་ལས་གོམགཀིག་མ་བརྒལ་བར་འཇིག་རྟེན་ལྟད་མོ་དེ་གཅིག་མཐོང་།ཟེར་བ་ནང་བཞིན་དཔེ་ཀློག་ལ་བརྟེན་པའ་སློབ་གསོ་དེས་མི་རིགས་དང་རྒྱལ་ཁབ་དེ་ཡན་ལག་བརྒྱད་ལྡན་གྱི་་བོ་འཛོམས་རྒྱ་མཚོ་དང་མཚུངས་སོ༎
【1】《སློབ་གསོ་རིག་པའི་རྣམ་བཞག》
【2】ཁ་སྒང་འཕགས་མོ་སྐྱིད།《དེང་རབས་སློབ་གསོའི་མཐོང་སྣེ་ནས་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལྟ་བ》
【3】《རྒྱ་བོད་ཚིག་མཛོད་ཆེན་མོ》
【4】རྒྱལ་མོ་འབྲུག་པ།《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།》
【5】མཁྱེན་རབ་བསོད་ནམས་ཚེ་བརྟན།《ཚད་མ་རིགས་པའི་འཇུག་པའི་སྒོ།》
རྩོམ་ཁུངས།
-----
རྩོམ་བསྡུ་ཡིག་ཟམ།
1766746662@qq.com
ལོ་རྒྱུས།|ལྷུག་རྩོམ།|སྒྱུར་རྩོམ།|དཔྱད་རྩོམ།|རྟོགས་བརྗོད།
དྲན་ཤེས། | བཏང་སྙོམས། | ཆོག་ཤེས། | བཀའ་དྲིན། | བྱམས་བརྩེ།
◆ ◆ ◆ ◆ ◆