ལྷ་ས་གྲོང་ཁྱེར་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་འཕྲིན་སྟེགས་ཐོག་སྤེལ་བའི་ཆ་འཕྲིན་ལྟར་ན། རང་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཚོས་༢༠༢༤ལོའི་ལྷ་ས་གྲོང་ཁྱེར་གྱི་སྟོན་ཏོག་བསྡུ་ཉོའི་སྲིད་ཇུས་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་པ་དང་འབྲེལ་སྲིད་ཇུས་ལག་བསྟར་བྱ་ཚུལ་ལ་ལྟ་སྐུལ་བྱ་ཆེད། ལྷ་ས་གྲོང་ཁྱེར་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་ཀྱིས་འབྲེལ་ཡོད་སྲིད་ཇུས་དང་དོན་ཚན་ཁྱབ་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག བསྡུ་ཉོའི་དུས་ཚོད།
བསྡུ་ཉོའི་སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཚོད་ནི་༢༠༢༤ལོའི་ཟླ་༡༡ཚེས་༡ཉིན་ནས་ཟླ་༡༢ཚེས་༣༡ཉིན་བར་ཡིན།
གཉིས། བསྡུ་ཉོའི་རིན་གོང་དང་སྲིད་ཇུས།
བསྡུ་ཉོའི་འབྲུ་རིགས་ནི་ལོ་དེར་ས་དེར་ཐོན་སྐྱེད་བྱས་ཤིང་རྒྱལ་སྤྱིའི་རིམ་པ་གསུམ་པ་ཡན་གྱི་སྤུས་ཚད་དང་ལྡན་དགོས། འབྲུ་རིགས་བསྡུ་ཉོའི་རིན་གོང་དམའ་ཤོས་སྤྱི་རྒྱ་རེར་སྒོར་༤ཡིན། ད་ལོའི་སྟོན་ཏོག་བསྡུ་ཉོ་བྱེད་རིང་མུ་མཐུད་ནས་འབྲུ་རིགས་བསྡུ་ཉོའི་རིན་གོང་དང་ཁ་གསབ་སོ་སོར་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་སྤྱི་རྒྱ་རེར་ཁ་གསབ་ཚད་གཞི་སྒོར་༠.༢ཡིན། ༼ འབྲུ་རིགས་ཚོང་མཁན་ཞིང་པས་གོང་གི་དུས་ཚོད་ནང་དམིགས་འཛུགས་བྱས་པའི་མངགས་བཅོལ་བསྡུ་ཉོའི་ཁེ་ལས་ལ་འབྲུ་རིགས་བཙོང་དགོས༽
གསུམ། བསྡུ་ཉོ་ཞབས་ཞུའི་ཁས་ལེན།
གཅིག བསྡུ་ཉོའི་སྲིད་ཇུས་ཁ་གསལ་སྒོ་ནས་ལག་བསྟར་ནན་པོ་བྱེད་པ། སྤུས་ཚད་ལོན་པའི་ཞིང་པའི་འབྲུ་རིགས་གང་ཡོད་བསྡུ་བ་ལས་ཚད་བཀག་བཟོ་མི་རུང་།
གཉིས། བསྡུ་ཉོའི་ལས་དོན་གྱི་སྒྲིག་ཁྲིམས་ནན་པོ་སྲུང་བ། སྟོན་ཏོག་བསྡུ་ཉོའི་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ་བརྒྱུད་རིམ་ཚད་ལྡན་ཐོག་ནས་ཞིང་པའི་ཁེ་ཕན་འགན་ལེན་ཏན་ཏིག་བྱེད་དགོས།
གསུམ། འབྲུ་རིགས་རིན་གོང་རྩིས་རྒྱག་སྲིད་ཇུས་ལག་བསྟར་ནན་པོ་བྱེད་པ། འབྲུ་རིགས་བསྡུ་ཉོ་བྱེད་མཁན་ཁེ་ལས་ཀྱིས་འབྲུ་རིན་དུས་ཐོག་ལ་སྤྲོད་པ་ལས་འབྲུ་རིན་ཆད་འགྱངས་དང་ཆད་འཛིན་འབྲི་མི་ཆོག
བཞི། དམངས་ལ་ཕན་ཞིང་སྤུས་ཚད་ལྡན་པའི་ཞབས་ཞུ་ཧུར་ཐག་བསྒྲུབ་པ། ཞིང་པར་གོ་རིམ་ཡོད་པའི་སྒོ་ནས་འབྲུ་རིགས་བཙོང་རྒྱུ་སྒྲིག་འཛུགས་བྱས་ཏེ། སྒུག་ཡུན་ཐུང་དུ་གཏོང་དགོས་པ་ལས་རུ་རིང་པོ་སྒྲིག་ཏུ་བཅུག་མི་རུང་། སྒོ་སྔ་ཙམ་ཕྱེ་བ་དང་ཕྱི་ཙམ་བརྒྱབ་ནས་འབྲུ་རིགས་བཙོང་མཁན་སླེབས་མ་ཐག་ཏུ་ཉོས་ཚར་བ་བྱེད་དགོས།
ལྔ། སྲིད་ཇུས་ལག་བསྟར་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་དང་ལེན་བྱས་ཏེ། འབྲུ་རིགས་བསྡུ་ཉོའི་ལས་དོན་ཁྲོད་ཐོན་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱས་ནས་འབྲུ་རིགས་བསྡུ་ཉོའི་སྲིད་ཇུས་དང་ཞབས་ཞུའི་ཐབས་ཇུས་ཁག་དོན་འཁྱོལ་བྱེད་དགོས།
据“拉萨市发改委”微信公众号消息,为方便拉萨市广大农牧民群众了解拉萨市2024年秋粮收购政策并对政策执行情况实施监督,拉萨市粮食和物资储备局现公布有关政策和相关事项↓↓↓
一、收购时间
收购政策执行期限为2024年11月1日至12月31日。
二、收购价格和政策
收购的青稞为当年当地产、质量在国标三等以上。青稞最低收购价格为4.00元/公斤。今年秋粮收购期间,继续执行青稞收购价补分离政策,补贴标准为0.20元/公斤。(请售粮农户在此时段内向指定的委托收购企业销售粮食。)
三、收购服务承诺
(一)严格落实敞开收购政策。对农民销售的符合质量标准的青稞做到应收尽收,不限收、不拒收,敞开收。
(二)严格遵守收购工作纪律。严格执行秋粮收购政策,规范操作程序,切实保障种粮农民利益。
(三)严格执行粮款结算政策。青稞收购委托企业及时兑付售粮款,不得拖欠售粮款,不得“打白条”。
(四)积极开展便民优质服务。组织农民有序卖粮,减少等候时间,避免排长队,做到早开门、晚收秤,做到随到随收。
(五)加强政策执行监管。主动接受社会各界监督,严肃查处粮食收购工作中出现的违法违规行为,确保粮食收购各项政策和服务措施落到实处。
༢༠༢༤ལོའི་ལྷ་ས་གྲོང་ཁྱེར་གྱི་འབྲུ་རིགས་བསྡུ་ཉོའི་སྲིད་ཇུས་མངགས་བཅོལ་བྱེད་སའི་ཁེ་ལས་ཀྱི་མིང་ཐོ།
附件:拉萨市2024年粮食收购政府委托企业名单
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 | 拉萨融媒
译文:阳光西藏