བླ་མ་ཆེ་བ་ཚོས་ལྷག་ཏུ་གཟབ་དགོས་ཚུལ།
རྗེ་བླ་མ་ལམ་འབྲས་པ་མཁན་ཆེན་འཇམ་དབྱངས་སེང་གེས།
བླ་ཆེན་གྱི་མིང་ཡོད་མཁན་དང་བླ་ཆེན་གྱི་ལས་ཀ་ལས་མཁན་ཚོས་གཟབ་གཟབ་མ་བྱས་ན། མགོ་སྐྲག་མོ་སྐོར་འགྲོ་བའི་ཉེན་ཁ་ཡོད་ས་རེད། ང་འདྲ་ཡིན་ན། སྔོན་མར་གཞན་གྱིས་སྔོ་ནེ་ཆུང་ཆུང་ཞིག་ཕུལ་འོང་ན་ཡང་། ཁ་རོག་ལེན་མི་ཕོད་ནས་དེ་ལ་ཅི་ཆིག་བསྔོ་སྨོན་འདྲ་ཞིག་འདོན་དགོས་སྣང་ཤར་མི་ཡིན་དར། ད་ལྟ་ནི་བརྒྱ་ཚོ་སྟོང་ཚོ་ཕུལ་འོང་ཡང་། འདི་ཙམ་ཞིག་ལ་ཧ་ཅི་ལས་བསམ་བསམ་གྱི་གཤིས་ཀ་ཅན་ཞིག་རེད་འགྲོ་བཞིན་འདུག །དེ་ཡིན་དུས་མི་ཤི་ས་ལྟ་བུ་ཞིག་ལ་མཚོན་ནའང་། མིང་ཆེན་པོ་ཅན་ཞིག་གདན་པ་ལས། གྲྭ་པ་དཀྱུས་མ་ཞིག་དགའ་ས་མི་འདུག་གམ་བསམ་བསམ་ཞིག་འདུག །དེ་བས་ངས་ནམ་རྒྱུན། སྤྱིར་བཏང་ནས་བླ་མ་ཆེན་པོ་ཟེར་ནས་ཡར་བཞག་འདུག་པ་དེ་ཚོ་ལས་ཀ་ཡག་པོ་ཞིག་གཏན་ནས་རེད་མི་འདུག་ཅེས་ཁོང་རྣམ་པ་ལ་བཤད་བཞིན་ཡོད།