གཅིག བླ་མ། གྲྭ་པ། མཚན་ཉིད་ནི། རང་གི་སྲུང་བྱའི་བསླབ་སྡོམ་ཚུལ་བཞིན་དུ་སྲུང་ཞིང་། གཞན་ལ་འདྲ་མཉམ་དང་། གུས་བཀུར་གྱིས་འབྲེལ་བ་བྱེད་མཁན་དེ་བླ་མ་དང་གྲྭ་པའི་མཚན་ཉིད།
གཉིས། བླ་ཟུར། གྲྭ་ཟུར། མཚན་ཉིད་ནི། སྟོན་པ་དང་དམ་ཆོས་ལ་མི་བསླུ་བའི་དད་པ་ཐོབ་ཅིང་། ལས་འབྲས་ལ་ཡིད་ཆེས་པས་རང་སྐྱོན་མི་སྦས་པར་སྐྱ་སར་འབབ་པ་བླ་ཟུར་གྲྭ་ཟུར་གྱི་མཚན་ཉིད།
གསུམ། བླ་ལོག གྲྭ་ལོག མཚན་ཉིད་ནི། རབ་བྱུང་གི་རྟགས་མ་དོར་བཞིན་དུ་མི་དགེ་བ་འཆོལ་ཉོག་ཏུ་སྤྱོད་ཅིང་། ལས་འབྲས་སྣང་མེད་དུ་དོར་ནས་ཆོས་འབག་གྱོན་ཞིང་དད་ལྡན་ལམ་ལོག་ཏུ་ཁྲིད་མཁན་བླ་ལོག་དང་གྲྭ་ལོག་གི་མཚན་ཉིད།
བཞི། བླ་རྫུན། གྲྭ་རྫུན། མཚན་ཉིད་ནི། རྒྱུས་མེད་པའི་ཡུལ་དུ་ཕྱིན་ཅིང་། གནས་སྐབས་གྲྭ་གོས་གྱོན་ཞིང་། གཞན་ལ་མངོན་ཤེས་དང་ལུང་བསྟན་བཤད་ནས་དད་ལྡན་མགོ་བསྐོར་གཏོང་མཁན་བླ་རྫུན་དང་གྲྭ་རྫུན་གྱི་མཚན་ཉིད།
ལྔ། ཆོས་ལོག་པ། ཇུམ་པ། མཚན་ཉིད་ནི། གོས་དཀར་གྱོན་ཞིང་སྐྲ་ཅོག་བཞག་པ་གང་ཞིག སྤངས་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་པར་གཏེར་རྫུན་བཏོན་ཞིང་དུག་ལྔ་འཆོལ་ཉོག་ཏུ་སྤྱོད་མཁན་ཆོས་ལོག་པ་ཇུམ་པའི་མཚན་ཉིད།