མངའ་རིས་རྩྭ་མདའ་ལ་ཕེབས་མཁན་རྣམས་ཀྱིས་ཡིད་གཟབ་གནང་རོགས།

时事   2024-09-11 17:45   西藏  








རྩྭ་མདའ་རྫོང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྐད་འཕྲིན་སྤྱི་སྟེགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱལ་ལམ་༥༦༥དུམ་བུའི་སྤྱི་ལེ་༨+༥༠༠སར་དང་། སྤྱི་ལེ་༡༥+༩༠༠། སྤྱི་ལེ་༡༨+༦༠༠སར་བདེ་འཇགས་རྐྱེན་རྩ་ངེས་ཅན་ཡོད་པར་བརྟེན། ད་ཆ་ལམ་དུམ་དེ་གསུམ་པོར་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་ཨར་སྐྲུན་བྱ་རྒྱུ་ཡིན་པས། སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།  

གཅིག བཀག་སྡོམ་བྱ་ཡུལ། 

 རྒྱལ་ལམ་༥༦༥དུམ་བུའི་པར་དམག་ཚུགས་ནས་རྩྭ་མདའ་རྫོང་བར་གྱི་རྒྱལ་ལམ་༥༦༥སྤྱི་ལེ་༨+༥༠༠སར་དང་། སྤྱི་ལེ་༡༥+༩༠༠། སྤྱི་ལེ་༡༨+༦༠༠སར་ཡིན། 

གཉིས། བཀག་སྡོམ་བྱ་ཡུན། 

སྤྱི་ལོ་༢༠༢༤ལོའི་ཟླ་༩ཚེས་༡༠ཉིན་གྱི་ཆུ་ཚོད་༢༢ནས་ཟླ་༡༠ཚེས་༢༢བར། ཡོངས་སུ་བཀག་རྒྱ་གློད་པའི་དུས་ཚོད་ནི་ལམ་བུའི་གནས་བབ་ལ་གཞིགས་ནས་བསྐྱར་དུ་བརྡ་ཐོ་གཏང་རྒྱུ། 

གསུམ། བཀག་སྡོམ་བྱ་ཐབས། 

བཀག་སྡོམ་བྱེད་རིང་གོང་གསལ་གྱི་ལམ་དུམ་གསུམ་ལ་རླངས་འཁོར་དང་མི་སྣ་གང་ཡང་འགྲོ་འོང་བྱས་མི་ཆོག 

བཞི། སྐོར་ལམ་འོས་སྦྱོར། 

༡ ལྷ་སའམ་མངའ་རིས་ས་ཁུལ་ནས་རྩྭ་མདའ་རྫོང་ལ་སྐྱོད་མཁན་གྱི་རླངས་འཁོར་ཡིན་ཚེ་རྒྱལ་ལམ་༢༡༩གནམ་རུ་ལམ་མདོ་ནས་ཞིང་ཆེན་རིམ་པའི་གཞུང་ལམ་༣༠༢བརྒྱུད་དེ་རྩྭ་མདའ་རྫོང་ལ་བསྐྱོད་ཆོག 

༢ རྩྭ་མདའ་རྫོང་ནས་ལྷ་སའམ་མངའ་རིས་ས་ཁུལ་ལ་སྐྱོད་མཁན་གྱི་རླངས་འཁོར་ཡིན་ཚེ་རྒྱལ་ལམ་༥༦༥ཡི་སྤྱི་ལེ་༡༡༤སྣུམ་སྣོན་ས་ཚིགས་ནས་རྩྭ་མདའི་ལམ་བུ་བརྒྱུད་ཞིང་ཆེན་རིམ་པའི་གཞུང་ལམ་༣༠༢བརྒྱུད་ནས་རྒྱལ་ལམ་༢༡༩བརྒྱུད་ནས་བསྐྱོད་ཆོག  

ལྔ། མཛའ་བརྩེའི་དྲན་སྐུལ།

འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་གྱི་འགྲིམ་འགྲུལ་ཕྱོགས་སྟོན་མི་སྣའི་བཀོད་འདོམས་དང་། འགྲིམ་འགྲུལ་བརྡ་རྟགས་ལ་སྲུང་བརྩི་ནན་པོ་ཞུས་ནས་བགྲོད་དགོས། གལ་སྲིད་ཁ་ལ་མི་ཉན་པ་དང་ཨུ་ཚུགས་བྱེད་མཁན་ལ་སྤྱི་བདེ་ཚན་པས་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུ་ཡིན། བཀག་སྡོམ་བྱེད་རིང་རྒྱ་ཆེའི་སྤྱི་ཚོགས་ལས་རིགས་ཁག་དང་མང་ཚོགས་རྣམས་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན་ལ། འགྲོ་འོང་བྱེད་པའི་ལམ་ཐིག་དང་དུས་ཚོད་ལ་འཆར་གཞི་ཡག་པོ་གདིང་རྒྱུའི་རེ་བ་ཞུ་རྒྱུ་ཡིན།


据“札达广播电视台”微信公众号消息,因国道565线K8+500、K15+900、K18+600三处涵洞路段存在一定安全隐患,现将对该路段进行施工整治并实施交通管制,特向社会公告如下:


一、管制路段

国道565线巴尔兵站至札达县(国道565线K8+500、K15+900、K18+600处)。


二、管制时间

2024年9月10日22点起至2024年10月10日22点,实际结束时间将根据隐患排除情况另行通知。


三、管制措施

管制期间,国道565线上述三处路段禁止一切车辆和行人通行,以保障施工人员安全、高效作业。


四、建议绕行路线

1.拉萨或阿里地区前往札达县城的车辆,请行至国道219线那木如岔路口→省道302线(那木如至吾藏)→札山线→札达县。

2.从札达线前往拉萨或阿里地区的车辆,请行至国道565线K114+000加油站处→札山线→省道302线(吾藏至那木如)→国道219线。


五、温馨提示

过往车辆请严格遵循交通疏导员指挥及交通标志、信号通行。对不听劝阻、强行通过者,公安机关将依法处理。管制期间,希望社会各界及广大群众给予理解与支持,合理规划出行路线及时间。




ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བཟང་པོ། སྐལ་བསྟན། 

主编 | 吾见才让

副主编 | 平多 桑布

编辑 | 桑布 格丹 

来源 | 札达广播电视台

译文 | 阳光西藏


阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章