རང་ལྗོངས་ཀྱིས་སྨན་བཅོས་མ་ལག་འཛུགས་སྐྱོང་ཐད་ཧུར་ཐག་བྱས་པ།

时事   2024-09-15 18:35   西藏  



འཕྲོད་བསྟེན་བདེ་ཐང་གི་དམིགས་པ་ལྔའི་ལས་དོན་སྐུལ་འདེད་གཏང་རྒྱུའི་བླང་བྱ་དང་། ལྷག་པར་དུ་ནད་ལྟ་ཁག་པ་དང་སྨན་རིན་མཐོ་བའི་གནད་དོན་ལ་དམིགས་ནས། རང་ལྗོངས་ཀྱིས་རྒྱུན་མཐུད་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་། སྨན་དོན་པའི་སྤྱོད་ཚུལ་འཛུགས་སྐྱོང་། སྨན་བཅོས་ཞབས་ཞུ་སྔར་བས་ཚད་ལྡན་ཡོང་རྒྱུ་བཅས་ལ་ཤུགས་བརྒྱབ་སྟེ།    སྨན་ཁང་གི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱེད་པའི་ཕན་འབྲས་བཟང་དུ་བཏང་ཐོག  རོགས་སྐྱོར་བྱེད་ཡུལ་སྨན་ཁང་གི་སྨན་བཅོས་ཞབས་ཞུ་དང་དོ་དམ་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་པ་རེད།


为进一步推动

卫生健康“五个针对”工作要求

特别是针对

“看病难、看病贵”问题

我区持续推动优质医疗资源

扩容下沉与均衡布局

不断加大医疗人才培养力度

加强医务人员医德医风建设

不断规范医疗服务行为

巩固提升“1+7+13”

医院“组团式”支援成果

推动受援医院医疗服务和

管理水平再上新台阶


ཉེ་བའི་ལོའི་ནང་། རང་ལྗོངས་ཀྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ལེགས་ཆ་བཏོན་ནས། ལྗོངས་རིམ་པ་གཅིག་དང་ས་ཁུལ་དང་གྲོང་ཁྱེར་རིམ་པ་བདུན། རྫོང་རིམ་པ་བཅུ་གསུམ་བཅས་ཀྱི་སྨན་ཁང་འཛུགས་སྐྲུན་དང་འཕེལ་རྒྱས་གཏང་རྒྱུར་དམིགས་ནས། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་༢.༣བཀོད་སྒྲིག་བྱས་ཏེ་གཙོ་གནད་ཐོག་སྒྲིག་བཀོད་དང་ཆེད་ལས་ཚན་ཁག་གི་ནུས་པ་ཆེ་རུ་གཏང་རྒྱུ་དང་། ཤེས་ལྡན་པ་གསོ་སྐྱོང་། ནད་ཐོག་ཚན་ཞིབ་སོགས་ཀྱི་ཐད་སྤྱད་ཡོད་པ་དང་། དེའི་ཁྲོད་གཙོ་གནད་རྫོང་རིམ་པའི་སྨན་ཁང་བཅུ་གསུམ་དུ་ལོ་རེར་སྨན་ཁང་རེར་ཆེད་མངགས་སྒོར་ཁྲི་ཉིས་བརྒྱ་བཏང་བར་མ་ཟད། མཐའ་མཚམས་རྫོང་དུ་ད་དུང་སྒོར་ཁྲི་བརྒྱ་ཁ་སྣོན་བྱས་ཡོད། རོགས་སྐྱོར་ཐོབ་པའི་སྨན་ཁང་ཁག་གིས་སྤུས་འབྲས་ལེགས་གཉེར་བཅས་བྱ་དགོས་པ་ལྔའི་བླང་བྱ་གཞིར་བཅས་སྨན་ཁང་གི་ནད་བརྟག་སྨན་བཅོས་ནུས་པ་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་བྱེད་ཚད་དང་ནད་སྡོད་བྱེད་ཚད། གཤགས་བཅོས་བྱེད་ཚད་བཅས་རྒྱུན་མཐུད་མང་དུ་ཕྱིན་ནས། རྫོང་རིམ་པའི་སྨན་ཁང་བཅུ་གསུམ་གྱི་ཕྱོགས་བསྡུས་ནུས་པ་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་པ་དང་། ཡུལ་འདི་གའི་སྨན་དོན་མི་སྣ་༤༨༡༨ལ་སྦྱོང་བརྡར་བྱས་ནས་ལས་སྒོ་གསར་པ་དང་། ལག་རྩལ་གསར་པ་ཁག་༤༤༠༥སྤེལ་ཏེ་རྒྱལ་ཁབ་ཀྱི་ནད་ཐོག་གཙོ་གནད་ཆེད་ལས་ཚན་ཁག་༡༨བཙུགས་པ་དང་ལྟེ་གནས་ཆེ་གྲས་ལྔ་༢༤བཙུགས་པ་རེད།

近年来,我区发挥医疗人才“组团式”援藏优势,聚焦“1+7+13”医院建设发展,安排专项资金约2.3亿元重点加强设施设备、专科能力、人才培养、临床科研等建设,其中13个重点县医院每年每院专项投入200万元,边境县再增加100万元。各受援医院围绕“五个提质增效”要求,持续提升医院诊疗能力,“1+7”医院门诊量、住院量和手术量持续增长,13家县医院综合能力稳步提升。累计培训培养本地医务人员4818人,开展新业务新技术4405项,建设国家临床重点专科18个,建成“五大中心”24个。















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། དབང་མོ། འཇིགས་མེད། 


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 西藏广播电视台

记者瑟珍 小边 洛桑顿珠(实习)卓嘎 扎西郎加 林芝台

译文 | 阳光西藏


阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章