མཛེས་ལྗོངས་ཁུལ་འདིའི་སྤ་སེའི་རིན་གོང་མར་ཆག་འདུག

时事   2024-09-19 10:35   西藏  



ཡར་འབྲོག་གཡུ་མཚོ་མཛེས་ལྗོངས་ཁུལ་གྱི་སྤྱི་བསྒྲགས།

ཡུལ་སྐོར་བ་ཚོ། 

       ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཚད་ལྡན་དུ་གཏང་ཆེད། ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་ལེགས་སྒྲིག་སྐོར་གྱི་མཆན་འགོད་བཀའ་ལན་གྱི་ཡིག་ཆ་གཞིར་བཟུང་། མཛེས་ལྗོངས་ཁུལ་གྱིས་༢༠༢༤ལོའི་ཟླ་༩ཚེས་༢༨ཉིན་ནས་བཟུང་། ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་ལམ་རྒྱུད་ཀྱི་ལྗོངས་གཟིགས་སྒང་གི་སྤ་སེ་ཞིབ་བཤེར་གྱི་ལས་དོན་ཁག་སྤེལ་རྒྱུ་ཡིན་པ་རེད། ཞིབ་ཕྲའི་དོན་ཚན་གཤམ་གསལ། 

༡ དངུལ་བསྡུའི་ཚད་གཞི།

དང་པོ། ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱི་སྤ་སེའི་ཚད་གཞི་ནི་མི་རེར་སྒོར་༡༢༠ཡིན་པ་དང་། ཡུལ་སྐོར་བས་མཛེས་ལྗོངས་ཁུལ་ལ་རྒྱབ་སྐྱོར་ཆེན་པོ་བྱས་རྐྱེན། སྤ་སེའི་རིན་གོང་ཕྱེད་ཀར་ལག་བསྟར་བྱ་རྒྱུ་སྟེ། མི་རེར་སྒོར་༦༠ཡིན་པ་རེད། 

གཉིས་པ། དངོས་ཞབས་དམག་མི་དང་། ཉེན་རྟོག་པ། མེ་ཟོན་རུ་མི། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ། སྔོན་གཤེགས་དཔའ་བོའི་ནང་མི། གཞུང་དོན་དུ་དབང་སྐྱོན་བྱུང་རིགས། དབང་སྐྱོན་ལག་ཁྱེར་རིམ་པ་༡དང་༢པ། གཟུགས་པོའི་མཐོ་ཚད་སྨི་༡.༢མ་ཟིན་པའི་བྱིས་པ་དང་། ལོ་༧༠ཡན་གྱི་རྒན་རྒོན་བཅས་ལ་སྤ་སེར་གཟིགས་སྐྱོང་བྱ་རྒྱུ། གཟིགས་སྐྱོང་སྲིད་ཇུས་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་རྒྱུ།

༢ སྤ་སེ་ཉོ་སྟངས།

མཛེས་ལྗོངས་ཁུལ་གྱིས་སྤ་སེ་ཉོ་ཐབས་གཉིས་ཡོད།

༡ ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ལྟེ་གནས་དང་། གོང་དཀར་རྫོང་ལྕང་ཐང་གྲོང་རྡལ་ཀྱི་མཛེས་ལྗོངས་ཁུལ་ནས་སྤ་སེ་ཉོས་ཆོག

༢ དྲ་ཐོག་ནས་སྤ་སེ་ཉོ་སྐབས། ཡུལ་སྐོར་བས་ཞེའེ་ཁྲེངApp་སོགས་ཕྱོགས་གསུམ་པའི་སྟེགས་བུ་བརྒྱུད་སྤ་སེ་སྔོན་ནས་ཉོས་ཆོག

གསུམ། དྲན་སྐུལ་ཞུ་རྒྱུར།

ཡུལ་སྐོར་བས་འགྲོ་འོང་བཀོད་སྒྲིག་ལུགས་མཐུན་བྱས་ནས། རང་བྱུང་ཁམས་ལ་བརྩི་འཇོག་དང་ཁོར་ཡུག་ལ་གཅེས་སྐྱོང་བྱེད་པ་ལས། མཛེས་ལྗོངས་ཁུལ་དུ་གད་སྙིགས་གང་བྱུང་དུ་གཡུག་མི་རུང་། ཡར་འབྲོག་གཡུ་མཚོའི་མཛེས་སྡུག་དང་ཁོར་ཡུག་དྭངས་གཙང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས། 

ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་ལ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ། གལ་ཏེ་བསམ་འཆར་གང་ཞིག་ཡོད་ན། ང་ཚོར་འབྲེལ་བ་གནང་རོགས། 

བློ་འདྲིའི་ཁ་པར། ༠༨༩༡-༦༧༨༡༢༩༩  ༡༣༦༣༨༩༠༧༣༤༩  ༡༣༦༦༦༢༨༢༠༩༣

ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་ནས།

༢༠༢༤ལོའི་ཟླ་༩ཚེས་༡༨ཉིན།


羊卓雍措景区公告


亲爱的游客朋友们:

为进一步加强和规范景区的统一管理,根据《关于羊卓雍措景区门票价格调整的批复》(山发改发[2018]41号)文件,景区自2024年9月28日起将在羊卓雍措景区沿线的观景平台及观景点恢复实施验票等工作。具体事项如下:


一、收费标准: 

(一)羊卓雍措景区门票收费标准为120元/人次,为回馈旅游同行及广大游客对景区的支持,按半价优惠执行,即60元/人次。


(二)对现役军人、警察、消防队员、中外记者、烈士遗属、因公残疾的(有军残证)、参加过战役的、残疾证1级、2级,不满1.2米儿童和70岁以上老年人实行免票。其他减免优惠政策按照国家及西藏自治区相关规定执行。


二、购票方式:

为减少排队等待时间,景区提供两种购票方式:


1、在羊卓雍措景区游客中心(地址:贡嘎县江塘镇,G349旁)景区提供现场购票。


2、线上购票:游客也可通过携程等第三方平台提前预订门票。


三、温馨提示:

请广大游客合理安排高原行程,尊重自然,爱护环境,请勿在景区内乱扔垃圾,共同维护羊卓雍措的美丽与纯净。


感谢您对羊卓雍措景区的理解与支持!如有任何疑问或建议,欢迎随时联系我们。


咨询电话:0891-6781299;

13638907349;13666282093


羊卓雍措景区 

2024年9月18日















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། དབང་མོ། འཇིགས་མེད། 


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 羊卓雍措景区 

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章