དངུལ་ཆད་སྒོར་ཁྲི་བཅུ་ལྷག་བཏང་འདུག

时事   2024-09-11 14:55   西藏  

ཐོན་སྐྱེད་བདེ་འཇགས་ཀྱི་ལོ་གསུམ་གྱི་རྩ་བཅོས་འགག་འགྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ནས། ཐོན་སྐྱེད་བདེ་འཇགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཀྱི་དཔེ་མཚོན་གྱོད་དཔེའི་ཉེན་བརྡའི་ནུས་པ་གང་ལེགས་བཏོན་ཏེ། ཐོན་སྐྱེད་བདེ་འཇགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཟིལ་གནོན་ཐུབ་པར་བྱས་ཐོག རིགས་ཁག་གི་ཐོན་སྐྱེད་གཉེར་སྐྱོང་ཚན་པས་ཐོན་སྐྱེད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱ་ཆེད། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་འཕྲལ་སྡོམ་ཅུད་ཀྱིས་འདི་ལོ་ཚུན་གྱི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དཔེ་མཚོན་གྱོད་དཔེ་ཞིག་དམར་འདོན་བྱས་འདུག


为深入推进安全生产治本攻坚三年行动,持续强化安全生产非法违法行为典型案例警示作用,有力震慑安全生产领域非法违法行为,推动各类生产经营单位安全生产主体责任落实,拉萨市尼木县应急管理局现对今年以来安全生产行政执法典型案例进行曝光。希望各生产经营单位以案为鉴,举一反三,全力筑牢生产安全防线。


1


ཞིབ་ཕྲའི་གནས་ཚུལ།

基本案情

༢༠༢༤ལོའི་ཟླ་༧ཚེས་༢ཉིན། སྙེ་མོ་རྫོང་འཕྲལ་སྡོམ་ཅུད་ཀྱི་སྲིད་འཛིན་ཁྲིམས་འཛིན་མི་སྣས་ཧྲན་ཏུང་ཀྲུང་ཤིན་སྒྲིག་སྦྱོར་ཚད་ཡོད་ཀུང་སིས་སྐྲུན་བཞིན་པའི་ལྷ་གཞིས་རིམ་མཐོའི་གཞུང་ལམ་གྱི་སྙེ་མོའི་རླངས་འཁོར་འཇོག་སའི་སྣུམ་སྣོན་ས་ཚིགས་ཀྱི་རྣམ་གྲངས་ལ་བདེ་འཇགས་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་གསལ། རྣམ་གྲངས་དེ་ནི་༢༠༢༤ལོའི་ཟླ་༦ཚེས་༧ཉིན་ནས་བཟུང་སྐྲུན་འགོ་ཚུགས་པ་དང་། སྣུམ་ཟོམ་བཞི་ཡོད་པ་ཚང་མ་ས་འོག་ཏུ་སྦས་ཟིན་ཞིང་། ཐོག་བརྩེགས་གཉིས་ཡོད་པ་གཅིག་གི་སྒྲོམ་གཞི་བཏིང་ཟིན་ཡོད་པ་རེད། འོན་ཀྱང་རྣམ་གྲངས་དེར་ཉེན་ཆེའི་རྫས་འགྱུར་རྣམ་གྲངས་ཀྱི་བདེ་འཇགས་སྒྲིག་ཆས་ཞིབ་དཔྱད་ཡི་གེ་མེད་པར་མ་ཟད། ཆོག་འཆན་མ་ཐོབ་པར་སྔོན་ལ་བསྐྲུན་པའི་ཁྲིམས་འགལ་བྱ་སྤྱོད་ཡོད་པ་རེད།


2024年7月2日,尼木县应急管理局行政执法人员对施工企业山东中星安装工程有限公司负责的拉日高等级公路尼木停车区加油站项目开展安全检查,经检查发现该项目在2024年6月7日进场建设,4个罐体已放入罐坑,二层房屋已完成一层主体,但该项目未取得危化项目安全设施设计审查意见书,违反“三同时”的原则,存在未批先建的违法行为。


2


ཐག་གཅོད་བྱས་འབྲས།

处理结果

བརྟག་དཔྱད་བྱས་པ་བརྒྱུད། ཧྲན་ཏུང་ཀྲུང་ཤིན་སྒྲིག་སྦྱོར་ཚད་ཡོད་ཀུང་སི་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཐོན་སྐྱེད་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་གོ་བརྒྱད་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཡོད་པས། སྙེ་མོ་རྫོང་འཕྲལ་སྡོམ་ཅུད་ཀྱིས་ཁྲིམས་བཞིན་ཀུང་སི་དེར་དངུལ་སྒོར་༡༠༠༥༠༠ཡི་སྲིད་འཛིན་ཆད་པ་བཅད་པ་རེད།


通过调查取证,山东中星安装工程有限公司违反了《中华人民共和国安全生产法》第九十八条第二项的规定。依据《中华人民共和国安全生产法》的规定,尼木县应急管理局依法对山东中星安装工程有限公司作出罚款人民币100500.00元(壹拾万零伍佰元整)的行政处罚。


3


འབྲེལ་ཡོད་ཁྲིམས་ལུགས།

普法课堂

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཐོན་སྐྱེད་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་གོ་བརྒྱད་པའི་ནང་། ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་ལ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན། འཛུགས་སྐྲུན་བྱེད་མཚམས་འཇོག་ཏུ་འཇུག་པའམ་ཡང་ན་ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་རྒྱུ་དང་། དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། སྒོར་ཁྲི་༡༠ཡན་ནས་ཁྲི་༥༠ཡན་གྱི་དངུལ་ཆད་གཅད་རྒྱུ་དང་། དེའི་འགན་ཐད་ཀར་འཁུར་མཁན་གཙོ་བོ་དང་འགན་ཐད་ཀར་འཁུར་མཁན་མི་སྣ་གཞན་དག་ལ་སྒོར་ཁྲི་༢ཡན་ནས་༥མན་གྱི་དངུལ་ཆད་གཏང་རྒྱུ། ཉེས་གསོག་དོགས་གཞི་ཡོད་ཚེ། ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཉེས་དོན་འགན་འཁྲི་བདའ་འདེད་བྱ་རྒྱུ། ལྕགས་རིགས་བཙོ་སྦྱང་བྱེད་པའི་འཛུགས་སྐྲུན་རྣམ་གྲངས་སམ་ཉེན་ཆེའི་དངོས་རྫས་ཐོན་སྐྱེད་དང་། གསོག་ཉར། འདོན་འཇུག་བཅས་བྱེད་པར་སྤྱོད་པའི་འཛུགས་སྐྲུན་རྣམ་གྲངས་ལ་བདེ་འཇགས་སྒྲིག་བཀོད་ཀྱི་ཇུས་འགོད་མེད་པའམ་ཡང་ན་བདེ་འཇགས་སྒྲིག་བཀོད་ཀྱི་ཇུས་འགོད་བྱས་ཚུལ་གཏན་འབེབས་ལྟར་འབྲེལ་ཡོད་ཚན་པར་ཞིབ་བཤེར་ཆོག་འཆན་ཞུས་མེད་པའི་རིགས།


《中华人民共和国安全生产法》

第九十八条 生产经营单位有下列行为之一的,责令停止建设或者停产停业整顿,限期改正,并处十万元以上五十万元以下的罚款,对其直接负责的主管人员和其他直接责任人员处二万元以上五万元以下的罚款;逾期未改正的,处五十万元以上一百万元以下的罚款,对其直接负责的主管人员和其他直接责任人员处五万元以上十万元以下的罚款;构成犯罪的,依照刑法有关规定追究刑事责任:(二)矿山、金属冶炼建设项目或者用于生产、储存、装卸危险物品的建设项目没有安全设施设计或者安全设施设计未按照规定报经有关部门审查同意的。



ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བཟང་པོ། སྐལ་བསྟན། 


主编 | 吾见才让

副主编 | 平多 桑布

编辑 | 桑布 格丹 

来源 | 尼木发布

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章