ནད་གཞི་༥པོ་འདིའི་རིགས་ཀྱི་ནད་པར་གཏམ་བཟང་ཆེན་པོ་ཞིག་ཡོད།

时事   2024-09-15 12:29   西藏  



ཚེས་༡༣ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་ནོར་སྲིད་པུའུ་ཡིས་མཉམ་དུ། ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞིའི་ཁྱབ་ཁོངས་ཆེ་རུ་གཏོང་བའི་སྐོར་གྱི་བརྡ་ཐོ་ཡོངས་བསྒྲགས་བྱས་ནས། གསར་དུ་བསྣན་པའི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞིའི་འབྲེལ་ཡོད་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་རྩིས་རྒྱག་པའི་ཁྱབ་ཁོངས་ནང་འཇུག་རྒྱུ་ཁ་གསལ་བཏོན་ཡོད་པ་རེད། 

国家医保局会同财政部13日公开发布《关于稳妥有序扩大跨省直接结算门诊慢特病病种范围的通知》,明确新增5种门诊慢特病相关治疗费用纳入跨省直接结算范围。

བརྡ་ཐོ་གཞིར་བཟུང་། གསར་དུ་བསྣན་པའི་སྒོ་བསྟེན་སྨན་བཅོས་ཀྱི་ནད་གཞིའི་ནང་། ཁེགས་པའི་རང་བཞིན་གྱི་གློའི་གཅོང་ནད་དང་། རླུང་རློན་ཚིགས་དྲུམ། སྙིང་རྩ་འགག་ནད། ནད་དུག་ཅན་གྱི་མཆིན་ཚད། སྒལ་ཚིགས་ནད་བཅས་ཚུད་ཡོད་པ་རེད། 

根据通知,新增的门诊慢特病病种包括慢性阻塞性肺疾病、类风湿关节炎、冠心病、病毒性肝炎和强直性脊柱炎。

དེའི་གོང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་༢༠༢༡ལོར་སྨན་ཁང་དུ་སྡོད་པ་དང་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པའི་རྨང་གཞིའི་ཐོག ཁྲག་ཤེད་མཐོ་བའི་ནད་དང་། གཅིན་པ་མངར་འགྱུར་གྱི་ནད། སྐྲན་ནག་གི་རྫས་འགྱུར་སྨན་བཅོས་དང་། གཅིན་དུག་ནད་བསིང་བཅོས། དབང་པོ་སྤོར་སྲིང་བྱས་ཚར་རྗེས་ཀྱི་སྨན་བཅོས་སོགས་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་༥ཡི་འབྲེལ་ཡོད་སྨན་བཅོས་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པའི་ཚོད་ལྟ་བྱེད་འགོ་བཙུགས་པ་རེད། 

此前,国家医保局已于2021年在全面实现住院和普通门诊费用跨省直接结算的基础上,启动高血压、糖尿病、恶性肿瘤门诊放化疗、尿毒症透析、器官移植术后抗排异治疗等5种门诊慢特病相关治疗费用跨省直接结算试点。

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ༢༠༢༤ལོའི་ཟླ་༨པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་ཀྱི་ཞིང་ཆེན་བརྒལ་བའི་དྲ་སྦྲེལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ཁྲི་༦.༩༠ཟིན་ནས། རྫོང་ཚང་མར་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་རེ་ཡོད་པ་དེ་མངོན་འགྱུར་བྱུང་ཡོད། རིམ་རྩིས་བྱས་ན་མི་ཐེངས་ཁྲི་༨༩༡.༨༨ལ་ཕན་པ་ཐོབ་པ་དང་། མང་ཚོགས་ཀྱིས་སྔོན་ལ་སྤྲད་པའི་མ་དངུལ་སྒོར་དུང་ཕྱུར་༩༠.༧༨ཉུང་དུ་ཕྱིན་ཡོད་པ་རེད། 

国家医保局有关负责人介绍,截至2024年8月底,全国门诊慢特病跨省联网定点医疗机构达到6.90万家,实现每个县都有一家门诊慢特病定点医疗机构,累计惠及891.88万人次,减少群众垫付90.78亿元。

འགན་ཁུར་མི་སྣས། མང་ཚོགས་ཚོ་དེ་བས་སྟབས་བདེ་བའི་ཡུལ་གཞན་དུ་སྨན་བཅོས་ཀྱི་སྨན་རིན་རྩིས་རྒྱག་པའི་དགོས་མཁོ་བསྐང་ཆེད། ང་ཚོ་དང་ནོར་སྲིད་པུའུ་ཡིས་ཞིབ་འཇུག་ཧུར་ཐག་བྱས་ནས། ཞིང་ཆེན་བརྒལ་ནས་ཐད་ཀར་སྨན་རིན་རྩིས་རྒྱག་གི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞིའི་གྲངས་འབོར་དེ་རིགས་ལྔ་ནས་བཅུ་བར་མང་དུ་གཏོང་རྒྱུ་གཏན་འཁེལ་བྱས་ཡོད་ཅེས་བཤད་པ་རེད། 

“为满足群众对更加便捷的异地就医结算需求,我们与财政部积极研究,决定将跨省直接结算门诊慢特病病种数量从5种增加到10种。”该负责人说。

བརྡ་ཐོའི་ནང་ས་གནས་ཁག་གིས་སྨན་བཅོས་ཆུ་ཚད་མཐོ་བ་དང་དོ་དམ་ཚད་ལྡན་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་སྔོན་ལ་བདམས་ནས། སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པའི་ཞབས་ཞུ་མཁོ་འདོན་བྱ་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་འབྲེལ་ཡོད་མ་ལག་སྒྱུར་བཀོད་དང་། མཉམ་འབྲེལ་བརྟག་དཔྱད་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༤ལོའི་ཟླ་༡༢པའི་ཟླ་མཇུག་གོང། རྒྱལ་ཁབ་ཀྱིས་གཅིག་གྱུར་འཆར་འགོད་ས་ཁུལ་ཚང་མ་སྒྲིག་འཛུགས་བྱས་ཏེ། གཅིག་གྱུར་ཐོག་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་ནད་རིགས་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པའི་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད།

通知要求各地优先选取诊疗水平高、管理规范的定点医疗机构提供门诊慢特病跨省直接结算服务,并且按照国家统一部署做好门诊慢特病扩围病种相关系统改造和联调测试工作。据悉,2024年12月底前,国家将组织所有统筹地区统一上线门诊慢特病扩围病种的跨省直接结算服务。















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། དབང་མོ། འཇིགས་མེད། 


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 新华社

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章