ལྗོངས་མི་དམངས་སྨན་ཁང་གི་ཨང་ཀི་འགོད་པའི་དུས་ཚོད་འགྱུར་བ་བྱུང་འདུག

时事   2024-09-12 10:12   西藏  




ནད་པ་ཚོར་ཞུ་རྒྱུར།

       མང་ཚོགས་ཀྱི་ནད་བསྟེན་སྨན་བཅོས་ཀྱི་དགོས་མཁོ་སྔར་བས་ཡག་པོ་བསྐང་བ་དང་། ནད་པར་དུས་ཐོག་ལ་སྨན་བཅོས་ཡོང་ཆེད། ང་ཚོའི་སྨན་ཁང་གིས་སྒོ་བསྟེན་སྨན་བཅོས་ཀྱི་སྔོན་ནས་སྤ་སེ་གཏོང་བའི་དུས་ཚོད་དགོང་མོའི་ཆུ་ཚོད་༨པར་ལེགས་སྒྲིག་བྱ་རྒྱུ་ཡིན། དཔེར་ན། གཟའ་འཁོར་འདིའི་གཟའ་ལྷག་པའི་དགོང་མོའི་ཆུ་ཚོད་༨པ་ནས་འགོ་བཙུགས་ཏེ། གཟའ་འཁོར་རྗེས་མའི་གཟའ་ཕུར་བུའི་ཨང་གྲངས་སྔོན་ཚུད་ནས་བཀག་ཆོག་གི་ཡོད།

     ཆེད་དོན་བརྡ་ཐོ།


尊敬的广大患者及社会各界朋友们:

为更好地满足人民群众看病就医需求,提升患者就医体验,自即日起,我院将门诊预约挂号系统的门诊号源放号时间调整为晚上20:00,如:本周三晚20:00开始即可预约下周四的号源,依此类推。

  特此通知!



དྲན་སྐུལ་བྱ་རྒྱུར།



༡ ཁྱེད་ཀྱིས་སྨན་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དམངས་ཕན་ཞབས་ཞུའི་ལས་སྟེགས་ནས། ཨང་ཀི་འགོད་པའི་ཆ་འཕྲིན་གསར་ཤོས་ལ་དོ་སྣང་བྱ་དགོས།

1.请您提前关注医院官方微信公众号“西藏自治区人民医院便民服务平台”,以便获取最新的放号信息。



༢ ཨང་ཀི་འགོད་སྐབས། མི་སྒེར་གྱི་ཆ་འཕྲིན་ནོར་འཁྲུལ་མི་ཡོང་བར་འགན་ལེན་བྱ་དགོས་པར་མ་ཟད། ཁ་ཆད་དུས་ཚོད་ནང་དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས། 

2.在预约挂号时,请确保填写个人信息准确无误并在预约时间内按时到院就诊,以免影响或错过就诊时间。



༣ གལ་ཏེ་དམིགས་བསལ་གྱི་གནས་ཚུལ་བྱུང་ནས་སྨན་བཅོས་བྱེད་པའི་དུས་ཚོད་ལ་འགྱུར་བ་གཏོང་བའམ་ཡང་ན་སྤ་སེ་བསློག་དགོས་ཚེ། ངེད་སྨན་ཁང་གི་ཐོ་འགོད་ལས་སྟེགས་བརྒྱུད་དེ་སྤ་སེ་བསློགས་ཆོག ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་གྱི་སྒེའུ་ཁུང་དང་པོར་ཡང་ཨང་ཀི་ཕྱིར་སློག་པའི་འགྲོ་ལུགས་གཉེར་ཆོག 

3.若有特殊情况需要更改就诊时间或取消预约,可通过我院挂号平台进行退号处理,也可在综合服务大厅1号窗口现场办理退号。



༤ སྨན་བཅོས་ཐོན་ཁུངས་འདྲ་མཉམ་བགོ་བཤའ་རྒྱག་ཆེད། སྨན་ཁང་གི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱས་ཏེ། ཨང་ཀི་འཕྲོག་པ་དང་སྨན་བཅོས་ཐོན་ཁུངས་བཟུང་སྤྱོད་སོགས་ཀྱི་བྱ་སྤྱོད་སྤེལ་མི་རུང་།

4.为保障医疗资源的公平分配,请遵守医院相关规定,避免恶意抢号、占用医疗资源等行为。



༥ གལ་ཏེ་སྨན་བཅོས་ཁྲོད་གནད་དོན་འཕྲད་ན། ལས་ཀའི་དུས་ཚོད་ཀྱི་སྔ་དྲོའི་ཆུ་ཚོད་༩དང་ཕྱེད་ཀ་ནས་ཆུ་ཚོད་༡པོ་དང་། ཕྱི་དྲོའི་ཆུ་ཚོད་༣དང་ཕྱེད་ཀ་ནས་༦པའི་བར། སྨན་ཁང་གི་སྒོ་བསྟེན་སྨན་ཁང་གི་ཁ་པར་ཨང་གྲངས་༦༣༧༡༦༢༦དང་༦༣༧༡༩༢༨ལ་འབྲེལ་བ་བྱས་ནས་བློ་འདྲི་བྱས་ཆོག 

5.如遇到问题或有相关疑问,请在工作时间段(上午9:30-13:00;下午15:30-18:00)联系我院门诊电话6371626 ,6371928或前往医院现场咨询。


ང་ཚོས་ལྷག་བསམ་རྣམ་དག་གིས་ཁྱེད་ལ་ཞབས་འདེགས་ཞུས་ནས་ཞི་མཐུན་དང་གོ་རིམ་ལྡན་པའི་སྨན་བཅོས་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏོད་རྒྱུ་ཡིན།

我们将竭诚为您服务,共同营造一个和谐、有序的医疗环境。


















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  འཇིགས་མེད། དབང་མོ།


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 西藏自治区人民医院

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章