འདི་གར་འཁོར་རིགས་བགྲོད་ཆོག་གི་མི་འདུག

时事   2024-09-16 16:24   西藏  


     ༼ ལྷ་སའི་འགྲིམ་འགྲུལ ༽ཞེས་པའི་སྐད་འཕྲིན་སྤྱི་སྟེགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཅང་སུའུ་ལམ་ཆེན་གྱི་ཆུ་རྒྱུད་ལས་གྲྭའི་ཨར་སྐྲུན་གྱི་དགོས་མཁོ་བསྐང་ཆེད། གཤམ་གྱི་ལམ་མདོ་བཀག་ནས་ཨར་ལས་བྱ་རྒྱ་ཡིན། ཨར་ལས་བྱེད་རིང་བཀག་སྡོམ་ལམ་རྒྱུད་ཀྱི་འཁོར་རིགས་དང་འགྲུལ་པས་ལམ་བསྐོར་དགོས་པ་དང་། ལམ་ཕྱེད་ཀ་བཀག་ནས་ཨར་ལས་བྱེད་སའི་འཁོར་རིགས་དང་འགྲུལ་པ་ག་ལེར་འགྲོ་དགོས།

གཅིག ལྕང་གྲོང་ལམ་དང་ཅང་སུའུ་ལམ་ཆེན་གྱི་ལམ་མདོ།

     ལམ་མདོ་འདིར་ཨར་ལས་ཐེངས་གཉིས་བྱ་རྒྱུ་དང་། ཐེངས་དང་པོ་ལམ་དཀྱིལ་དུ་ཨར་ལས་བྱ་རྒྱུ་དང་ལམ་ཞེང་སྨིད་༡༦ཟིན་གྱི་ཡོད་པས། འཁོར་རིགས་གཞོགས་གཡོན་དང་གཡས་ནས་འགྲོ་དགོས་པ་དང་། ཨར་ལས་བྱེད་པའི་དུས་ཚོད་ནི་སྤྱི་ཟླ་༩ཚེས་༡༣ཉིན་ནས་སྤྱི་ཟླ་༡༠ཚེས་༢༠ཉིན་བར་རེད། ཐེངས་གཉིས་པ་འགྲོ་ལམ་གཞོགས་གཉིས་ཨར་ལས་བྱ་རྒྱུ་དང་། འཁོར་རིགས་ལམ་དཀྱིལ་ནས་ཕྱོགས་གཉིས་ཀར་འགྲོ་དགོས། ཨར་ལས་བྱེད་པའི་དུས་ཚོད་ནི། སྤྱི་ཟླ་༡༠ཚེས་༢༡ཉིན་ནས་སྤྱི་ཟླ་༡༡ཚེས་༢༠ཉིན་བར་རེད།

གཉིས། གྲོང་གསར་ལམ་དང་ཅང་སུའུ་ལམ་ཆེན་གྱི་ལམ་མདོ།

      ལམ་མདོ་འདི་ཡོངས་སུ་བཀག་ནས་ཨར་ལས་བྱ་རྒྱུ་རེད། ཨར་ལས་བྱེད་རིང་འཁོར་རིགས་ཚང་མ་འགྲོ་འོང་བྱས་མི་ཆོག་པ་དང་། ཨར་ལས་བྱེད་རིང་འཁོར་རིགས་ལྷ་སྡིངས་ལམ་མམ། ཡང་ན། ལྕང་གྲོང་ལམ་སྐོར་ནས་འགྲོ་དགོས། ཨར་ལས་བྱེད་པའི་དུས་ཚོད་ནི། སྤྱི་ཟླ་༩ཚེས་༡༣ཉིན་ནས་སྤྱི་ཟླ་༡༠ཚེས་༢༠ཉིན་བར་རེད།

གསུམ། ལྷ་སྡིངས་ལམ་དང་ཅང་སུའུ་ལམ་ཆེན་གྱི་ལམ་མདོ།

      ལམ་མདོ་འདིར་ལྕགས་རི་བསྐོར་ནས་ཨར་ལས་ཐེངས་གཉིས་བྱ་རྒྱུ་དང་། ཐེངས་དང་པོ་འགྲོ་ལམ་གཞོགས་གཉིས་སུ་ཨར་ལས་བྱ་རྒྱུ་དང་། འཁོར་རིགས་ལམ་དཀྱིལ་གྱི་འཁོར་ལམ་གཉིས་ནས་ཕྱོགས་གཉིས་རླངས་འཁོར་རྐྱང་མ་འགྲོ་དགོས་པ་དང་། ཨར་ལས་བྱེད་པའི་དུས་ཚོད་ནི། སྤྱི་ཟླ་༩ཚེས་༡༣ཉིན་ནས་སྤྱི་ཟླ་༡༠ཚེས་༢༠ཉིན་བར་རེད། ཐེངས་གཉིས་པ་འགྲོ་ལམ་དཀྱིལ་དུ་ཨར་ལས་བྱ་རྒྱུ་དང་། འཁོར་རིགས་གཞོགས་གཉིས་ནས་འགྲོ་དགོས། ཨར་ལས་བྱེད་པའི་དུས་ཚོད་ནི། སྤྱི་ཟླ་༡༠ཚེས་༢༡ཉིན་ནས་སྤྱི་ཟླ་༡༡ཚེས་༢༠ཉིན་བར་རེད།

བཞི། དར་དམར་ལམ་དང་ལྷ་སྡིངས་ལམ་གྱི་ལམ་མདོ།

      ལམ་མདོ་འདི་ཡོངས་སུ་བཀག་ནས་ཨར་ལས་བྱ་རྒྱུ་རེད། ཨར་ལས་བྱེད་རིང་འཁོར་རིགས་ཚང་མ་འགྲོ་འོང་བྱས་མི་ཆོག་པ་དང་། ཨར་ལས་བྱེད་རིང་འཁོར་རིགས་གཙང་རལ་ལམ་མམ། ཡང་ན། ཅང་སུའུ་ལམ་ཆེན་སྐོར་ནས་འགྲོ་དགོས། ཨར་ལས་བྱེད་པའི་དུས་ཚོད་ནི། སྤྱི་ཟླ་༩ཚེས་༡༣ཉིན་ནས་སྤྱི་ཟླ་༡༠ཚེས་༢༠ཉིན་བར་རེད།

ལྔ། སྐུ་འབུམ་ཐང་ལམ་དང་ལྷ་སྡིངས་ལམ་གྱི་ལམ་མདོ།

      ལམ་མདོ་འདིར་ཨར་ལས་ཐེངས་གཉིས་བྱ་རྒྱུ་དང་། ནུབ་ནས་ཤར་གྱི་ཁ་ཕྱོགས་ཀྱི་གཡས་ངོས་ཨར་ལས་བྱ་རྒྱུ་དང་། འཁོར་རིགས་གཞོགས་གཡོན་ནས་རླངས་འཁོར་རྐྱང་མ་གཞོགས་གཉིས་སུ་འགྲོ་དགོས་པ་དང་། ཨར་ལས་བྱེད་པའི་དུས་ཚོད་ནི། སྤྱི་ཟླ་༩ཚེས་༡༣ཉིན་ནས་སྤྱི་ཟླ་༡༠ཚེས་༢༠ཉིན་བར་རེད། ཐེངས་གཉིས་པ་ནུབ་ནས་ཤར་གྱི་ཁ་ཕྱོགས་ཀྱི་ལམ་གཡོན་ངོས་ཨར་ལས་བྱ་རྒྱུ་དང་། འཁོར་རིགས་གཞོགས་གཡས་ནས་རླངས་འཁོར་རྐྱང་མ་གཞོགས་གཉིས་སུ་འགྲོ་དགོས་པ་དང་། ཨར་ལས་བྱེད་པའི་དུས་ཚོད་ནི། སྤྱི་ཟླ་༡༠ཚེས་༢༡ཉིན་ནས་སྤྱི་ཟླ་༡༡ཚེས་༢༠ཉིན་བར་རེད།


据“拉萨交警”微信公众号消息,由于江苏大道水系工程施工需要,需要对以下路口进行占道施工打围作业,在此期间对封闭路段车辆、行人需绕行,对半幅施工路段车辆、行人需慢行通过:


一 、江冲路与江苏大道交叉口


该路口两次进行施工,第一次施工路中间,占道宽度16米,车辆靠左、右两侧通行,施工时间:9月13日-10月20日。第二次施工路两侧,车辆靠中间双向通行,施工时间:10月21日-11月20日


二、仲萨路与江苏大道交叉口


该路口采用全封闭打围施工。施工期间禁止车辆通行,施工期间车辆通过拉定路或江冲路绕行。施工时间:9月13日-10月20日


三、拉定路与江苏大道交叉口


该路口采用两次打围施工。第一次施工路两侧,车辆靠中间两车道保持双向单车道通行,施工时间:9月13日-10月20日。第二次施工路中间,车辆靠左右侧通行,施工时间:10月21日-11月20日


四、红旗东路与拉定路交叉口


该路口采用全封闭打围施工。施工期间禁止车辆通行,施工期间车辆通过藏热南路或江苏大道绕行。施工时间:9月13日-10月20日


五 、贡布堂路与拉定路交叉口


该路口分两次进行施工,第一次施工由西向东方向路右侧,车辆靠左保持单车道双向通行,施工时间:9月13日-10月20日。第二次施工由西向东方向路左侧,车辆靠右侧保持单车道双向通行,施工时间:10月21日-11月20日



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།


主编:吾见才让

副主编:平多  桑布  

编辑:晋美  罗顿

 来源:拉萨交警

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章