གཡོ་འོག་ཏུ་ཚུད་མཁན་ཕལ་ཆེ་བ་རྒན་རྒོན་དང་དར་མ་རེད།

时事   2024-09-17 16:46   西藏  


སྐད་འཕྲིན་དངུལ་སྤྲོད་ཁྲི་བརྒྱའི་འགན་སྲུང་ནི་དང་ཐོག་ནས་ཁ་ཕྱེ་ཞིང་གྲོན་དངུལ་མི་དགོས་པའི་འགན་བཅོལ་ཞབས་ཞུ་ཞིག་རེད། ཡིན་ནའང་ཁྲིམས་འགལ་མི་སྣས་ཞབས་ཞུ་དེར་རྒྱུས་མངའ་དེ་ཙམ་མེད་པའི་འཛད་སྤྱོད་པ་རྒན་རྒོན་དང་དར་དམར་དམིགས་ནས། ཁྲི་བརྒྱའི་འགན་བཅོལ་དུས་ཚོད་ཟིན་ནས་མུ་མཐུད་བསྐྱལ་དགོས་པའམ། རང་འགུལ་དངུལ་འཐེན་བྱེད་ནུས་ཁ་རྒྱག་པ་སོགས་ལ་ཁ་གཡར་ནས་ཁ་བསླུས་བརྒྱབ་ཡོད།

འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་བསྲུང་ཆེད། སྐད་འཕྲིན་ཀུང་སིས་ཁ་བསླུས་ཀྱི་བྱ་སྤྱོད་དེའི་རིགས་ལ་མུ་མཐུད་རྡུང་རྡེག་གཏོང་བར་ཤུགས་བརྒྱག་རྒྱུ་རེད། གོང་གི་ཁྲིམས་འགལ་གྱི་བྱ་སྤྱོད་དེའི་རིགས་ང་ཚོས་ཞིབ་བཤེར་གཏན་འཁེལ་བྱུང་རྗེས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་དང་། ཐེང་ཞུན་སྐད་འཕྲིན་མཉེས་ཆས་ཆོག་མཆན་དང་ཞབས་ཞུའི་གྲོས་ཡིག སྐད་འཕྲིན་སྒེར་གྱི་རྩིས་ཨང་བེད་སྤྱོད་ཚད་གཞི་གཞིར་བཟུང་། ཁྲིམས་འགལ་ཚབས་ཆེ་ཆུང་ལ་གཞིགས་ནས་འབྲེལ་ཡོད་རྩིས་ཨང་ལ་སྐས་རིམ་རྣམ་པའི་ཆད་པ་གཅད་རྒྱུ་རེད།


微信支付百万保障是一项默认开通且完全免费的保险服务。然而,近期有不法分子针对部分用户,尤其是中老年人群体,利用他们对这一服务的不熟悉, 以“百万保障到期需缴费续保”或“关闭自动扣费”等借口设下圈套,实施诈骗。


  为保护用户的合法权益,微信团队将继续加强对此类诈骗行为的打击。对于上述违法行为,经核实确认后,我们将依据国家相关法律法规及《腾讯微信软件许可及服务协议》《微信个人账号使用规范》,根据违规严重程度对相关账号进行阶梯式处罚。


སྐད་འཕྲིན་བདེ་འཇགས་ལྟེ་གནས་ནས་ཁྱེད་ལ་དྲན་སྐུལ་ཞུ་རྒྱུར། སྐད་འཕྲིན་གཏོང་སྤྲོད་ཁྲི་བརྒྱའི་འགན་སྲུང་ལ་ནམ་ཡང་དངུལ་སྤྲད་དགོས་ཀྱི་མེད། སྐད་འཕྲིན་གཏོང་སྤྲོད་བེད་སྤྱོད་བྱས་ཕྱིན་དེ་ལོངས་སྤྱོད་བྱ་ཐུབ། དུས་ཚོད་ཟིན་པ་དང་ཡོལ་བའི་གནས་ཚུལ་མེད་ལ་འགན་སྲུང་གྲོན་དངུལ་བསྐྱལ་དགོས་ཀྱི་མེད། དེ་བས་ཁྱེད་ཀྱི་ཡིད་རྟོན་ལའང་ཤུགས་རྐྱེན་ཐེབས་ཀྱི་མེད། འགན་སྲུང་སྐྱེལ་བའི་དུས་ཚོད་བསླེབས་འདུག་ཟེར་བའམ་བྱེད་ནུས་ཁ་ཕྱེ་ན་དངུལ་སྤྲད་དགོས་པ། མགྲོན་ཞབས་ཀྱིས་རོགས་རམ་བྱས་ཏེ་རྩིས་མེད་བཟོ་བ་སོགས་ཚང་མ་ཁ་བསླུས་རྒྱག་མཁན་ཡིན་པས་ཡིད་ཆེས་བྱ་རྒྱུ་མེད།


  微信安全中心提醒大家:微信支付百万保障永久免费,只要使用微信支付即可享受。无“到期”“过期”等说法,不会要求“缴费续保”,更不会影响征信。凡是提及“到期续保、开通需缴费、客服协助取消”等均为诈骗,请勿轻信。


ནམ་རྒྱུན་སྐད་འཕྲིན་གཏོང་སྤྲོད་ཁྲི་བརྒྱའི་འགན་སྲུང་གི་འབྲེལ་ཡོད་འཆར་ངོས་ནང་འཛུལ་ནས་ཁ་བསླུས་ལ་རྒོལ་བའི་དྲན་སྐུལ་གྱི་བྱེད་ནུས་ཁ་ཕྱེ་དགོས། འཛད་སྤྱོད་པས་སྤྱོད་སྣེའི་ང་ནས་ཞབས་ཞུ། ཞབས་ཞུ་ནས་དངུལ་ཁུག  དངུལ་ཁུག་ནས་འཛད་སྤྱོད་པར་སྲུང་སྐྱོབ།  འཛད་སྤྱོད་པར་སྲུང་སྐྱོབ་ནས་བདེ་འཇགས་འགན་སྲུང་།  བདེ་འཇགས་འགན་སྲུང་ནས་ཁྲི་བརྒྱའི་འགན་སྲུང་བཅས་བརྒྱུད་དེ་གསང་བ་དམ་པོར་བསྲུངས་ནས་ཁ་བསླུས་ལ་སྔོན་འགོག་བྱ་དགོས།


  同时,平台也在微信支付百万保障相关页面设置了反诈提醒,用户可以通过【客户端-我-服务-钱包-消费者保护-安全保障-百万保障】了解更多信息。


སྐད་འཕྲིན་བདེ་འཇགས་དྲན་སྐུལ།

༡ མགྲོན་ཞབས་པ་ཡིན་ཁུལ་བྱེད་མཁན་གྱི་ཁ་བསླུས་པར་དོགས་ཟོན་བྱ་དགོས། སྐད་འཕྲིན་ཀུང་སིས་FaceTimeབརྒྱུད་དེ་འཛད་སྤྱོད་པར་འབྲེལ་བ་བྱེད་མི་སྲིད་པས། རྒྱུས་མེད་ཀྱི་ཁ་པར་ལ་གཟབ་གཟབ་བྱས་ཏེ་ཁ་བསླུས་མ་ཐེབས་པར་བྱ་དགོས།

༢ ཆ་འཕྲིན་གལ་ཆེན་ཕྱིར་མ་གྱར་བར་བྱ་དགོས། རྩིས་ཨང་གི་གསང་ཨང་དང་། ར་སྤྲོད་ཨང་གྲངས། དངུལ་སྒྱུར་བ་སོགས་ལ་དོགས་ཟོན་ཆེན་པོ་བྱ་དགོས།

༣ ཁ་བསླུས་བྱ་སྤྱོད་འཕྲལ་དུ་ཐེར་འདོན་བྱ་དགོས། སྐད་འཕྲིན་སྟེགས་བུར་ཁ་བསླུས་ཆ་འཕྲིན་མཐོང་ཚེ་སྐད་འཕྲིན་འཛད་སྤྱོད་སྒྲིག་ཆས་སམ་ཐེང་ཞུན་སྲུང་སྐྱོབ་བྱ་རིམ་ཆུང་གྲས་བརྒྱུད་དེ་ཐེར་འདོན་བྱ་དགོས།



微信安全提醒

1.警惕仿冒客服的诈骗手法。微信团队不会通过FaceTime联系用户,请大家谨慎接听陌生来电,以防上当受骗。


2.不对外泄露重要信息。涉及录入账号密码、验证码、转账汇款等敏感操作时,务必保持高度警惕。


3.发现诈骗行为及时举报。若在微信平台内发现诈骗信息,可通过微信客户端或腾讯卫士小程序进行投诉举报。



ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  ནོར་བུ་དོན་གྲུབ། བྱམས་པ།


主编:吾见才让

副主编:平多 桑布

编辑:罗布顿珠 先巴

来源 | 人民日报

译文 | 阳光西藏


阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章