བོད་ནས་སྲོག་ཆགས་འདི་འདྲ་ཞིག་གསར་དུ་རྙེད་འདུག

时事   2024-09-10 10:04   西藏  

མེ་ཏོག་རྫོང་ནས་སྐམ་གཤེར་གཉིས་གནས་ཀྱི་སྲོག་ཆགས་ཤིག་གསར་དུ་རྙེད་འདུག


墨脱!新添两栖动物新物种


བོད་ཀྱི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་ལ། རྒྱལ་ཡོངས་ཀྱི་ངོས་ནས་སྐྱེ་དངོས་ཕུན་སུམ་ཚོགས་ཤིང་སྣ་མང་འཛོམས་པའི་ས་ཁུལ་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། ཚན་ཞིབ་མི་སྣས་ས་འདིའི་སྲུང་སྐྱོང་ཁུལ་དུ་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་༤༠ལྷག་གསར་དུ་རྙེད་འདུག


西藏雅鲁藏布大峡谷国家级自然保护区是全国生物多样性最丰富的区域之一,近年来,科研人员在保护区发现野生动植物新物种达40余种。

ཀྲུང་གོ་ཚན་རིག་ཁང་ཁྲིན་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣས་སྐམ་གཤེར་གཉིས་གནས་ཀྱི་སྲོག་ཆགས་འཚོལ་བསྡུ་བྱེད་བཞིན་པའི་རྣམ་པ། 


中科院成都生物研究所科研人员开展两栖动物野外调查


ཉེ་ཆར། ཀྲུང་གོ་ཚན་རིག་ཁང་གི་ཁྲིན་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་ནས་སྐམ་གཤེར་གཉིས་གནས་ཀྱི་སྲོག་ཆགས་ལ་བརྟག་དཔྱད་བྱེད་སྐབས། མེ་ཏོག་རྫོང་ཁོངས་སུ་ལྕེ་འབུར་སྦལ་པའི་རིགས་ཀྱི་སྲོག་ཆགས་ཤིག་འཚོལ་བསྡུ་ཐུབ་པ་རེད། ཚན་ཞིབ་མི་སྣས་བཟོ་དབྱིབས་དབྱེ་འབྱེད་དང་ཆ་རྡུལ་གསལ་འབྱེད་སོགས་སྲོག་ཆགས་རིགས་དབྱེའི་བྱ་ཐབས་སྤྱད་ནས། སྲོག་ཆགས་འདི་ནི་ལྕེ་འབུར་སྦལ་པའི་རིགས་ཀྱི་སྲོག་ཆགས་གསར་པ་ཞིག་ཡིན་པ་བདེན་དཔང་བྱས་པ་རེད། དེ་བས་༢༠༢༤ལོའི་ཟླ་༨པར་སྦལ་པ་དེའི་མིང་ལ་གནམ་ལྕགས་འབར་བའི་སྦལ་པ་ལྕེ་འབུར་ཅན་ཞེས་དངོས་སུ་མིང་དེ་བཏགས་པ་རེད། 


གནམ་ལྕགས་འབར་བའི་སྦལ་པ་ལྕེ་འབུར་ཅན་གྱི་རིག་གཞུང་གི་མིང་ལ་Liurana namchabarwaཟེར་ལ། འདི་ནི་ཨེ་ཤ་ཡའི་རྭ་ཅོ་ལྕེ་འབུར་སྦལ་པའི་ཁོངས་ཀྱི་སྦལ་པ་ཆུང་གྲས་ཀྱི་རིགས་ཤིག་ཡིན། ནམ་རྒྱུན་འཚོ་སྡོད་བྱེད་ས་ནི་གཙོ་བོ་མེ་ཏོག་རྫོང་ཁོངས་ཀྱི་ས་བབ་མཐོ་ཚད་སྨི་༢༥༠༠ཡས་མས་ཀྱི་ས་མཐོའི་ནགས་ཚལ་ཏུ་ཡོད་ཅིང་། སྦལ་པ་འདིའི་རིགས་འཚོ་གནས་བྱེད་སའི་ས་ཁོངས་རྒྱ་ཆེན་པོ་དེ་ཙམ་མེད།  གཙོ་བོ་རང་རྒྱལ་གྱི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དང་། སྤོ་བོ་རྫོང་། སྨན་གླིང་གྲོང་ཁྱེར། བྲག་ཡིབ་ཆུས་བཅས་སུ་མ་གཏོགས་གནས་གཞན་དུ་མེད། དེ་སྔོན་གནས་འདིར་བརྟག་དཔྱད་བྱེད་དུས་ཉིང་ཁྲི་གྲོང་ཁྱེར་ནས་བོད་ཀྱི་ལྕེ་འབུར་སྦལ་པ་དང་། རི་མཐོན་པོའི་ལྕེ་འབུར་སྦལ་པ། མེ་ཏོག་རྫོང་གི་ལྕེ་འབུར་སྦལ་པ། ལུང་གཞུང་གི་ལྕེ་འབུར་སྦལ་པ་སོགས་སྦལ་རིགས་༤གསར་དུ་རྙེད་འདུག


近期,中国科学院成都生物研究所科研人员在雅鲁藏布大峡谷国家级自然保护区开展两栖动物调查时,在墨脱县采集到一种舌突蛙属物种科研人员通过形态识别、分子鉴定等动物分类技术方法,证实该物种为舌突蛙属新种,并于2024年8月将其正式命名为南迦巴瓦舌突蛙。


南迦巴瓦舌突蛙学名Liurana namchabarwa,是亚洲角蛙科舌突蛙属的一种小型蛙类,主要栖息于墨脱县海拔2500米左右的高山针阔混交林中。舌突蛙属物种分布非常狭窄,在我国仅分布于林芝市墨脱县、波密县、米林市和巴宜区,前期调查在林芝市发现西藏舌突蛙、高山舌突蛙、墨脱舌突蛙、河谷舌突蛙4种舌突蛙。

གནམ་ལྕགས་འབར་བའི་སྦལ་པ་ལྕེ་འབུར་ཅན་འཚོ་གནས་བྱེད་སའི་ཁོར་ཡུག


南迦巴瓦舌突蛙在野外生存栖息环境


གནམ་ལྕགས་འབར་བའི་སྦལ་པ་ལྕེ་འབུར་ཅན་གྱི་འདྲ་པར། 


南迦巴瓦舌突蛙野外照片


ཐེངས་འདིའི་གནམ་ལྕགས་འབར་བའི་སྦལ་པ་ལྕེ་འབུར་ཅན་གསར་དུ་རྙེད་པས། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འདིའི་སྐམ་གཤེར་གཉིས་གནས་ཀྱི་སྲོག་ཆགས་རིགས་སྔར་ལས་འཛོམས་པོ་ཡོད་པའི་ཟིན་ཐོ་བཀོད་ཡོད། 


此次南迦巴瓦舌突蛙的新发现,进一步丰富了雅鲁藏布大峡谷国家级自然保护区珍稀特有两栖动物资源记录。





ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 西藏卫视+

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章