དེ་རིང་ཞོགས་པ་ལྷ་སར་འབྱོར་འདུག

时事   2024-09-19 18:10   西藏  


     སྤྱི་ཟླ་༩ཚེས་༡༩ཉིན། ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་ཀུང་སིའི་C༩༡༩རྟགས་ཅན་གྱི་གནམ་གྲུ་ཞིག་སི་ཁྲོན་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་༢དང་སྐར་མ་༨བརྒྱུད། བོད་ལྗོངས་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་བརྟན་པོའི་ངང་བབས་པ་དང་། དེ་ནི་གནམ་གྲུ་C༩༡༩ལྷ་སར་འཕུར་ཐེངས་དང་པོ་ཡིན་ཞིང་། འཕུར་སྐྱོད་བྱེད་བཞིན་པའི་ARJ༢༡གནམ་གྲུ་དང་འཛམ་གླིང་ཡང་རྩེ་སྟེ་མཚོ་བོད་ས་མཐོར་མཉམ་དུ་འབྱོར་བ་ཞིག་རེད།

9月19日

中国商飞公司

一架C919飞机

从四川成都双流国际机场起飞

经过2小时8分钟飞行

平稳降落在

西藏拉萨贡嘎国际机场

这是C919飞机

首次飞抵拉萨

与正在进行演示飞行的

ARJ21飞机

相聚在“世界屋脊”青藏高原


 

     ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནི་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་གནས་པ་དང་། ས་བབ་མཐོ་ཚད་སྨིད་༣༥༦༩ཟིན་གྱི་ཡོད། དེའི་མཐའ་འཁོར་དུ་རི་བོ་མང་བ་དང་གནམ་གཤིས་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བས། ས་མཐོར་གནམ་གྲུ་འཕུར་གཏོང་བྱེད་ནུས་ལ་དཀའ་གནད་གང་ཙམ་ལྡན་ཡོད། ད་ཐེངས་ལྷ་སར་འབྱོར་རྗེས་C༩༡༩རྟགས་ཅན་གྱི་གནམ་གྲུས་ཁོར་ཡུག་ཚོད་འཛིན་དང་། སྒུལ་ཤུགས་སྒྲིག་ཆས་སོགས་ས་མཐོའི་འཁོར་སྐྱོད་འགག་རྩའི་མ་ལག་ཞིབ་འཇུག་གསར་སྤེལ་དང་ཚོད་འཕུར་བྱ་རྒྱུ་དང་། དེ་བཞིན་ས་མཐོའི་གནམ་ཐང་དུ་འཕྲོད་མིན་ཞིབ་བཤེར་བྱས་ནས་ཕྱིན་ཆད་ཀྱི་ས་མཐོའི་མཁའ་ལམ་འཁོར་སྐྱོད་ཀྱི་དགོས་མཁོ་དང་ས་མཐོའི་རྣམ་པའི་ཞིབ་འཇུག་གསར་སྤེལ་ལ་རྨང་གཞི་བརྟན་པོ་འདིང་རྒྱུ་རེད། 

拉萨贡嘎国际机场位于雅鲁藏布江河谷,海拔高度3569米,周边山峰众多,气象环境复杂多变,对飞机高原运行性能有很高的要求。此次飞抵拉萨,C919飞机将开展环控、航电、动力装置等高高原运行关键系统的研发试飞,以及高高原机场适应性检查,为后续满足高高原航线运行需求和高原型研发奠定基础。



     ༢༠༢༤ལོའི་སྤྱི་ཟླ་༨ཚེས་༢༡ཉིན་ནས་བཟུང་། ARJ༢༡རྟགས་ཅན་གྱི་གནམ་གྲུས་སི་ཁྲོན་གྱི་ཁྲེང་ཏུའུ་དང་། མཚོ་སྔོན་གྱི་ཟི་ལིང་། བོད་ལྗོངས་ཀྱི་ལྷ་ས་བཅས་འཁོར་སྐྱོད་རྟེན་གཞིར་བྱས་ནས་མཚོ་བོད་ས་མཐོ་སྐོར་བའི་འཕུར་སྐྱོད་བྱེད་འགོ་ཚུགས་པ་རེད། ད་ལྟའི་བར་མཁའ་ལམ་༢༥དང་ཡན་ལག་མཁའ་ལམ་ཁག་༥༥ལེགས་གྲུབ་ཟིན་པ་དང་། ཆུ་ཚོད་༦༢ཀྱི་འཕུར་སྐྱོད་ལས་འགན་དེ་ས་མཐོའི་གནམ་ཐང་༡༡ལ་ཁྱབ་པ་མ་ཟད། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་དམངས་སྤྱོད་གནམ་ཐང་སྟེ་འདབ་པ་ཉི་སྟེང་གནམ་ཐང་དུ་ཐེངས་བཞི་འཕུར་སྐྱོད་བྱེད་བཞིན་ཡོད་པ་དེའི་ཐོག་ནས་ARJ༢༡གནམ་གྲུ་དེ་ས་མཐོའི་ཐོག་འཕུར་སྐྱོད་བྱ་རྒྱུར་འཕྲོད་ཀྱི་ཡོད་པ་ར་སྤྲོད་གང་ལེགས་ཐུབ་ཡོད་པ་རེད།

自2024年8月21日开始,ARJ21飞机以四川成都、青海西宁和西藏拉萨为运行基地,开展“环青藏高原”演示飞行。截至目前,已完成25条航线,55个航段,62小时的飞行任务,覆盖11座高高原机场,并4次执飞世界海拔最高民用机场——稻城亚丁机场,充分验证了ARJ21飞机高高原运行的适应性。



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། དབང་མོ།


主编:吾见才让

副主编:平多  桑布  

编辑:晋美  旺姆

 来源:央视新闻

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章