སྤྱི་སྤྱོད་རླངས་འཁོར་ཨང་ཀི་༡པོར་ཕེབས་མཁན་ཚོས་ཡིད་གཟབ་གནང་རོགས།

时事   2024-09-15 10:29   西藏  




ལྷ་ས་སྤྱི་སྤྱོད་རླངས་འཁོར་གྱི་སྐད་འཕྲིན་སྤྱི་རྟགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གླིང་སྐོར་བྱང་ལམ་དུ་ཨར་ལས་རྐྱེན་པས་སྤྱི་སྤྱོད་རླངས་འཁོར་ཨང་ཀི་དང་པོའི་ལམ་ཐིག་དེ་ཅང་སུའུ་ཤར་ལམ་ནས་སྐོར་བ་བརྒྱག་དགོས་ཀྱི་ཡོད་པ་དང་། ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པར་བརྒྱུད་༢༠༢༤ལོའི་ཟླ་༩ཚེས་༡༤ཉིན་ནས་བཟུང་། སྤྱི་སྤྱོད་རླངས་འཁོར་ཨང་ཀི་དང་པོའི་ལམ་ཐིག་གནས་སྐབས་ལེགས་སྒྲིག་བྱ་རྒྱུ་གཏན་འཁེལ་བྱས་པ་རེད། ཨང་ཀི་དང་པོའི་ལམ་ཐིག་གནམ་གཤིས་ཅུས་འབབ་ཚུགས་དང་། ར་མོ་ཆེ་འབབ་ཚུགས། ལྗོངས་མི་དམངས་སྨན་ཁང་འབབ་ཚུགས། ཧྥུའུ་ཁང་སྨན་ཁང་འབབ་ཚུགས། དམངས་སྤྱོད་མཁའ་འགྲུལ་ཅུས་འབབ་ཚུགས། ལྷ་ས་ཚོང་ཁང་ཆེན་མོའི་འབབ་ཚུགས་བཅས་ཀྱི་འབབ་ཚུགས་གནས་སྐབས་མེད་པར་བཟོ་རྒྱུ་ཡིན་པ་རེད། གསར་དུ་ཁ་སྣོན་རྒྱག་སའི་འབབ་ཚུགས་ནི། གྲོང་ཁྱེར་འཕྲོད་བསྟེན་ཅུད་འབབ་ཚུགས་དང་། ཀརྨ་དགོན་གསར་འབབ་ཚུགས། གྲོང་ཁྱེར་དོ་དམ་ཀུང་སིའི་འབབ་ཚུགས། སྦྲག་སྐྱེལ་རླངས་འཁོར་སྤྱི་ཁྱབ་འབབ་ཚུགས། བོད་ལྗོངས་སློབ་ཆེན་འབབ་ཚུགས། ཉི་འོད་མགྲོན་ཁང་འབབ་ཚུགས། རུའེ་ཅེ་མགྲོན་ཁང་འབབ་ཚུགས། ཐལ་སྤུངས་སྒང་འབབ་ཚུགས།  ཁྲེང་ཀོན་ཆུས་མི་དམངས་སྨན་ཁང་འབབ་ཚུགས། ཀླུ་སྒུག་འབབ་ཚུགས། ཅིན་ཀྲུའུ་ཚལ་ཁྲོམ་འབབ་ཚུགས། གྲོང་ཁྱེར་སློབ་ཆུང་དང་པོའི་ཡན་ལག་སློབ་གྲྭའི་འབབ་ཚུགས་བཅས་ཡིན། ཨར་ལས་བྱེད་རིང་། ཨར་ལས་བྱ་ཡུལ་གྱི་ལམ་དུམ་བུ་བརྒྱུད་པའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་དེ། ལྟ་སྡོམ་གནས་ཚུལ་དངོས་དང་དེ་བཞིན་འགྲིམ་འགྲུལ་ཉེན་རྟོག་པའི་ས་གནས་ས་ཐོག་གི་བཀོད་འདོམས་ལ་གཞིགས་ནས་གནས་སྐབས་བསྐོར་ནས་བསྐྱོད་རྒྱུ་ཡིན་པས། གྲོང་མི་ཚོས་ལམ་ཐིག་གསར་པའི་འབབ་ཚུགས་ལ་དོན་སྣང་འཇོག་རྒྱུ་དང་ཨར་ལས་མཇུག་བསྒྲིལ་རྗེས་ལྷ་སའི་སྤྱི་སྤྱོད་རླངས་འཁོར་གྱིས་འཕྲལ་མར་དེ་སྔའི་ལམ་ཐིག་སླར་གསོ་བྱ་རྒྱུ་ཡིན་པ་རེད།


据“拉萨公交”微信公众号消息,因林廓北路段受施工影响,林廓北路途经的1路公交线路需从江苏东路绕行,经工作人员现场实地踏勘决定自2024年9月14日开始对1路公交线路临时调整,拉萨公交将对1路公交线路临时调整线路走向。1路上下行取消停靠站点:气象局站、热木其站、区人民医院站、阜康医院站、民航局站、拉百站。新增停靠站点:市卫生局站、嘎玛贡桑站、市政公司站、邮车总站、藏大站、日光宾馆站、瑞吉酒店站、铁崩岗站、城关区人民医院站、鲁固站、金珠菜市场站、市第一小学分校站。施工期间途径施工路段的公交线路将按照实际管制情况及交警现场指挥临时绕行,请广大市民前往就近站台乘车,待施工结束后,拉萨公交将第一时间恢复原线路运行。















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། དབང་མོ། འཇིགས་མེད། 


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 拉萨公交

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章