བོད་ཀྱི་ས་ཆ་འདི་དག་ལ་མཁའ་ཟོན་ཉེན་བརྡ་གཏང་རྒྱུ་རེད་འདུག

时事   2024-09-18 15:29   西藏  


   ད་ལོའི་ཟླ་༩པའི་ཚེས་༢༡ཉིན་ནི་རྒྱལ་ཡོངས་ཀྱི་དམངས་ཡོངས་ཀྱི་སྐབས་༢༤པའི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཡིན་པས། གྲོང་མི་ཚོའི་རྒྱལ་སྲུང་གི་འདུ་ཤེས་དང་། མི་དམངས་མཁའ་ཟོན་གྱི་འདུ་ཤེས་མཐོ་རུ་གཏོང་བ་དང་། མཁའ་ཟོན་ཉེན་བརྡ་ཚོད་གཏོང་བྱེད་པའི་ཉིན་མོའི་ལམ་ལུགས་དོན་འཁྱོལ་བྱ་ཆེད། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས༽དང་༼བོད་རང་སྐྱོང་ལྗོངས་ཀྱིས་ལག་བསྟར་བྱེད་བཞིན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས༽སོགས་འབྲེལ་ཡོད་ལག་བསྟར་བྱ་ཐབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་ཁག་༤དང་། དེ་བཞིན་མངའ་རིས་ས་ཁུལ་སོགས་སུ་༢༠༢༤ལོའི་ཟླ་༩པའི་ཚེས་༢༡ཉིན་ཏེ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོར་མཁའ་ཟོན་ཉེན་བརྡ་ཚོད་གཏོང་བྱ་རྒྱུ་ཡིན་པས།  ཞིབ་ཕྲའི་འབྲེལ་ཡོད་གནས་ཚུལ་གཤམ་གསལ།


今年的9月21日为全国第24个全民国防教育日。为提高广大市民的国防观念和人民防空意识,落实防空警报试鸣日制度,检验本市防空警报设施的完好率和鸣放防空警报的能力,根据《中华人民共和国人民防空法》和《西藏自治区实施〈中华人民共和国人民防空法〉办法》有关规定,拉萨市、林芝市主城区及其边境4县、阿里地区将定于2024年9月21日(全民国防教育日)进行防空警报试鸣。现将有关事项公告如下:

གཅིག ལྷ་ས་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་གྱི་མཐའ་མཚམས་རྫོང་ཁག་༤མཁའ་ཟོན་ཉེན་བརྡ་གཏོང་བའི་སྐོར་གྱི་སྤྱི་བསྒྲགས། 


一、拉萨市、林芝市人民政府关于试鸣防空警报的公告


༼གཅིག༽ མཁའ་ཟོན་ཉེན་བརྡ་ཚོད་གཏོང་བྱེད་པའི་དུས་ཚོད།

༢༠༢༤ལོའི་ཟླ་༩པའི་ཚེས་༢༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པ་ནས་སྔ་དྲོའི་ཆུ་ཆོད་༡༠དང་སྐར་མ་༡༥བར་ཡིན། 


(一)防空警报试鸣的时间

2024年9月21日(星期六)上午10时0分至10时15分。


༼གཉིས༽  མཁའ་ཟོན་ཉེན་བརྡ་གཏོང་ཡུལ།

གོང་གི་ས་ཆ་དེ་དག་ལས་མཁའ་ཟོན་ཉེན་བརྡའི་སྒྲིག་ཆས་བཙུགས་ཡོད་པའི་ས་ཆ་ཐ་དག


(二)试鸣范围

在城区已安装防空警报器的区域。


༼གསུམ༽ མཁའ་ཟོན་ཉེན་བརྡ་ཚོད་གཏོང་བྱེད་སྟངས།

སྔ་དྲོའི་ཆུ་ཚོད་༡༠པ་ནས་ཆུ་ཚོད་༡༠དང་སྐར་མ་༣བར་ཡིན་ཞིང་། དེའི་རིང་མཁའ་ཟོན་སྔོན་བརྡ་སྐར་ཆ་༣༦གཏང་རྒྱུ་དང་། དེའི་རྗེས་སྐར་ཆ་༢༤མཚམས་བཞག་ནས། དེ་ལྟར་སྐར་མ་༣རིང་མཁའ་ཟོན་སྔོན་བརྡ་ཐེངས་༣གཏང་རྒྱུ།


སྔ་དྲོའི་ཆུ་ཚོད་༡༠དང་སྐར་མ་༦ནས་ཆུ་ཚོད་༡༠དང་སྐར་མ་༩བར་ཡིན་ཞིང་། དེའི་རིང་མཁའ་རྒོལ་སྔོན་བརྡ་སྐར་ཆ་༦གཏང་རྒྱུ་དང་། དེའི་རྗེས་སྐར་ཆ་༦མཚམས་བཞག་ནས། དེ་ལྟར་སྐར་མ་༣རིང་མཁའ་རྒོལ་སྔོན་བརྡ་ཐེངས་༡༥གཏང་རྒྱུ།


སྔ་དྲོའི་ཆུ་ཚོད་༡༠དང་སྐར་མ་༡༢ནས་ཆུ་ཚོད་༡༠དང་སྐར་མ་༡༥བར་ཡིན་ཞིང་། དེའི་རིང་སྐར་མ་༣གྱི་དུས་ཚོད་སྤྱད་ནས་མཁའ་ཟོན་ཉེན་བརྡ་གཏོང་མཚམས་འཇོག་པའི་དུང་བརྡ་གཏང་རྒྱུ།


(三)防空警报试鸣的形式


10时0分-10时3分,试鸣“预先警报”:鸣36秒,停24秒,反复3遍为1个周期,时间3分钟;


10时6分-10时9分,试鸣“空袭警报”:鸣6秒,停6秒,反复15遍为1个周期,时间3分钟;


10时12分-10时15分,试鸣“解除警报”:鸣响3分钟。


གཉིས། མངའ་རིས་ས་ཁུལ་དུ་མཁའ་ཟོན་ཉེན་བརྡ་གཏོང་བའི་སྐོར་གྱི་སྤྱི་བསྒྲགས། 


二、阿里地区行署关于鸣放人民防空警报的通告


༼གཅིག༽ མཁའ་ཟོན་ཉེན་བརྡ་ཚོད་གཏོང་བྱེད་པའི་དུས་ཚོད།

༢༠༢༤ལོའི་ཟླ་༩པའི་ཚེས་༢༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པ་ནས་སྔ་དྲོའི་ཆུ་ཚོད་༡༡བར་ཡིན། 


(一)警报试鸣时间:2024年9月21日10:00至11:00。


༼གཉིས༽  མཁའ་ཟོན་ཉེན་བརྡ་གཏོང་ཡུལ།

མངའ་རིས་ས་ཁུལ་དང་མངའ་རིས་ས་ཁུལ་གྱི་མཐའ་མཚམས་རྫོང་ཁག


(二)警报试鸣范围:

地区城区范围(含边境县)。


༼གསུམ༽ མཁའ་ཟོན་ཉེན་བརྡ་ཚོད་གཏོང་བྱེད་སྟངས།

མཁའ་ཟོན་སྔོན་བརྡ་སྐར་ཆ་༣༦རིང་གཏང་རྒྱུ་དང་། དེའི་རྗེས་སྐར་ཆ་༢༤མཚམས་བཞག་ནས། དེ་ལྟར་སྐར་མ་༣རིང་མཁའ་ཟོན་སྔོན་བརྡ་ཐེངས་༣གཏང་རྒྱུ།


མཁའ་རྒོལ་སྔོན་བརྡ་སྐར་ཆ་༦རིང་གཏང་རྒྱུ་དང་། དེའི་རྗེས་སྐར་ཆ་༦མཚམས་བཞག་ནས། དེ་ལྟར་སྐར་མ་༣རིང་མཁའ་རྒོལ་སྔོན་བརྡ་ཐེངས་༡༥གཏང་རྒྱུ།


མཁའ་ཟོན་ཉེན་བརྡ་གཏོང་མཚམས་འཇོག་པའི་དུང་བརྡ་སྐར་མ་༣གྱི་དུས་ཚོད་སྤྱད་ནས་གཏང་རྒྱུ།


(三)警报试鸣信号

预先警报:鸣36秒、停24秒,反复3遍为一个周期,时间3分钟。

空袭警报:鸣6秒、停6秒,反复15遍为一个周期,时间3分钟。

解除警报:连续鸣放一长声,时间3分钟。


 གསུམ། མཁའ་ཟོན་ཉེན་བརྡ་གཏོང་རིང་གཟབ་གཟབ་བྱ་དགོས་པ།

མཁའ་ཟོན་ཉེན་བརྡ་གཏོང་རིང་། གྲོང་མི་རྣམས་ཀྱིས་དངངས་སྐྲག་མི་བྱེད་པར་སེམས་ཁམས་ལྷོད་པོ་བྱས་ནས། ཐོན་སྐྱེད་དང་འཚོ་བ་རྒྱུན་ལྡན་ངང་སྤེལ་ཆོག་ལ། དོན་མེད་འགོག་སྲུང་ཅི་ཡང་བྱ་མི་དགོས།

ལས་ཁུངས་དང་། སློབ་གྲྭ། སྡེ་ཁུལ། མི་མང་འདུ་འཛོམས་བྱ་ཡུལ་བཅས་ཀྱིས་དེ་དོན་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། གྲོང་མི་རྣམས་ཀྱིས་མཁའ་ཟོན་ཉེན་བརྡའི་སྐོར་ཤེས་རྟོགས་དང་ངོས་འཛིན་གང་ལེགས་ཡོང་བར་བྱ་རྒྱུ་འགན་ལེན་བྱ་དགོས། 


三、注意事项

在防空警报鸣放期间,请广大市民保持平稳心态,正常开展生产生活,无需采取任何防护措施。各单位、学校、社区及公共场所应加强宣传教育,确保市民对防空警报信号有充分了解和认识。










ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། བཟང་པོ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  桑布

来源 | 西藏日报  拉萨融媒

译文 | 阳光西藏





















阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章