སླད་ཕྱིན་མི་སྒེར་ལ་ཐད་ཀར་སྒོར་ཁྲི་༢.༦སྤྲོད་འཆར་འདུག

时事   2024-09-13 12:31   西藏  

  ཉེ་ཆར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱི་ཅུད་ཀྲང་ཀྲང་ཁེ་ཡིས། ༢༠༢༣ལོར། རང་རྒྱལ་གྱི་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་བུད་མེད་ལས་བཟོ་བའི་མི་རེའི་བུ་བཙའི་ཕོགས་སྣོན་སྒོར་ཁྲི་༢.༦ཡིན་ལ། སླད་ཕྱིན་བུ་བཙའི་ཕོགས་སྣོན་ཐད་ཀར་མི་སྒེར་ལ་སྤྲད་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བརྗོད་འདུག


在近日举行的国新办新闻发布会上,国家医保局局长章轲表示,2023年我国生育的参保女职工人均生育津贴为2.6万元。下一步,将推动探索生育津贴更多直接发放给女职工本人。

  ཀྲང་ཁེ་ཡིས་བུ་བཙའི་འགན་བཅོལ་ནི་ཁེར་རྐྱང་འགན་བཅོལ་གྱི་རིགས་ཤིག་ཡིན་པ་དང་། ད་ཆ་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱེད་ཀྱིན་ཡོད་ལ།  བུ་བཙའི་འགན་བཅོལ་དེ་ལས་ཁུངས་དང་ལས་བཟོ་བ་ཚང་མར་ལག་བསྟར་བྱས་ཏེ།  འགན་བཅོལ་ནང་ཞུགས་མཁན་བུད་མེད་ལས་བཟོ་བའི་བུ་བཙའི་སྨན་བཅོས་འགྲོ་གྲོན་དང་། རྒྱལ་ཁབ་ཀྱི་ཁྲིམས་ལྟར་བཀོད་སྒྲིག་བྱས་ཡོད་པའི་བུ་བཙའི་ངལ་གསོའི་རིང་གི་བུ་བཙའི་ཕོགས་སྣོན་འགན་ལེན་བྱེད་ཀྱི་ཡོད། 

  ༢༠༢༣ལོར། རྒྱལ་ཡོངས་སུ་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་༢.༤༩ཟིན་པ་དང་། བུ་བཙའི་འགན་བཅོལ་ཐེབས་རྩའི་འགྲོ་གྲོན་སྒོར་དུང་ཕྱུར་༡༡༧༧ཟིན་ཡོད་ལ། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་གྱི་བུད་མེད་ལས་བཟོ་བ་མི་རེར་ཆ་སྙོམས་བུ་བཙའི་ཕོགས་སྣོན་སྒོར་ཁྲི་༢.༦སྤྲད་པ་རེད། 


章轲表示,生育保险是一个单独险种,目前与职工基本医保合并实施。生育保险覆盖用人单位及其职工,保障参保女职工生育医疗费用和国家法定产假期间生育津贴待遇。2023年,全国参加生育保险2.49亿人,生育保险基金支出1177亿元,生育的参保女职工人均生育津贴为2.6万元。

  བུ་བཙའི་ཕོགས་སྣོན་ཟེར་བ་དེ་གོ་བདེ་བའི་སྒོ་ནས་བཤད་ན་བུ་བཙའི་ངལ་གསོའི་སྐབས་ཀྱི་གླ་ཕོགས་ལ་ཟེར།  འོ་ན་ཕོགས་སྣོན་འདི་སྐྱེས་པའི་ལས་ཁུངས་ཀྱིས་སྤྲད་དགོས་སམ་ཡང་ན་བུད་མེད་ཀྱི་ལས་ཁུངས་ཀྱིས་སྤྲད་དགོས་ཞེ་ན། 

 ཀྲང་ཁེ་ཡིས་བུ་བཙའི་ཕོགས་སྣོན་དེ་དོན་དངོས་ཐོག་སྨན་བཅོས་འགན་བཅོལ་ནང་གི་བུ་བཙའི་འགན་བཅོལ་བརྒྱུད་ནས་སྤྲོད་བཞིན་ཡོད་པ་དང་། ད་ཆ་བུ་བཙའི་ཕོགས་སྣོན་འདི་སྤྲོད་སྟངས་གཉིས་ཡོད་དེ། གཅིག་ནི་ཕྲུ་གུ་བཙའ་མཁན་བུད་མེད་ལས་བཟོ་བར་ཐད་ཀར་སྤྲོད་བཞིན་ཡོད་ལ། ཅིག་ཤོས་ནི་བུད་མེད་ལས་བཟོ་བའི་ལས་ཁུངས་ལ་སྤྲད་རྗེས་ལས་ཁུངས་ཀྱིས་བུད་མེད་སྒེར་ལ་སྤྲོད་བཞིན་ཡོད་པ་རེད།  དེ་བས་ཉེ་ཆར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གྲོས་བསྡུར་བྱས་ཏེ། སླད་ཕྱིན་བུ་བཙའི་ཕོགས་སྣོན་དེ་ཐད་ཀར་མི་སྒེར་ལ་སྤྲད་རྒྱུ་ཡིན་ལུགས་བརྗོད་ཡོད། གཞན་ཡང་ས་གནས་ཁ་ཤས་ཀྱི་ས་གནས་ཁྲིམས་སྲོལ་ནང་བུ་བཙའི་ཕོགས་སྣོན་ཁེ་ལས་ལ་སྤྲད་དགོས་པ་དང་། དེ་ནས་ཁེ་ལས་ཀྱིས་ལས་བཟོ་བ་མི་སྒེར་ལ་སྤྲོད་པར་གཏན་འབེབས་བཟོས་ཡོད། གནས་ཚུལ་འདིའི་རིགས་ལ་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱིས་གཟབ་ནན་ངང་ཞིབ་འཇུག་བྱ་ངེས་ཡིན་ཞེས་བརྗོད་པ་རེད།


生育津贴通俗来说就是产假工资,“到底应该由男方单位发还是女方单位发”,是一部分职工的困惑。

章轲表示,生育津贴其实是医保(生育保险)给发的,现在支付生育津贴有两种方式,一种是直接发给生育的女职工,另一种是发给女职工所在单位,再由单位发放给职工本人。最近,国家医保局和全国妇联进行了沟通,下一步将推动探索生育津贴(产假工资)更多直接发放给女职工本人。此外,有些地方的地方法规规定,生育津贴要支付给企业,再由企业支付给职工个人,针对这类情况,国家医保局会推动相关地方稳慎研究。


ཀྲང་ཁུའེ་ཡིས་སྐབས་བསྟུན་ལས་ཞུགས་མི་སྣར་དམིགས་ནས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱིས་ལས་བཟོ་བ་དེའི་རིགས་ལས་བཟོའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་ཆབས་ཅིག  གྲོན་དངུལ་འཇལ་ནས་བུ་བཙའི་འགན་བཅོལ་ནང་ཞུགས་ཆོག་ལ། མིག་སྔར་རང་རྒྱལ་གྱི་ཅང་ཤིས་དང་། ཀྲེ་ཅང་། ཐེན་ཅིན། ཀུའེ་ཀྲོའུ་སོགས་ཞིང་ཆེན་བཅས་སུ་ལག་བསྟར་བྱེད་བཞིན་ཡོད་ཞེས་བརྗོད་འདུག


针对灵活就业人员,章轲表示,国家医保局允许其在参加职工医保的同时缴费参加生育保险,目前已经指导江西、浙江、天津、贵州等省份在全省域范围内开展探索,效果很好。


ཀྲང་ཁེ་ཡིས་སྐྱེ་འཕེལ་ལ་རམ་འདེགས་བྱེད་པའི་སྨན་བཅོས་ཞབས་ཞུར་དམིགས་ནས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱིས་རྣམ་གྲངས་དང་སྨན་རིན་གཅིག་གྱུར་བྱས་ནས་ཚད་ལྡན་དུ་གཏང་རྒྱུ་ཡིན་པ་དང་། སྐྱེ་འཕེལ་ལ་རམ་འདེགས་བྱེད་པའི་ལག་རྩལ་རྣམ་གྲངས་དེ་ཡང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་སུ་འཇུག་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་ལ། ཞིང་ཆེན་ཁག་གིས་རིམ་བཞིན་ལག་བསྟར་བྱེད་པར་མཛུབ་སྟོན་བྱ་རྒྱུ་ཡིན། དེང་གི་ཆར་པེ་ཅིང་དང་། ཀོང་ཞི། ནང་སོག ཀན་སུའུ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་བཅས་ས་གནས་༢༠ལྷག་གིས་སྐྱེ་འཕེལ་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དེ་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་ནང་བཅུག་ཡོད།  གཞན་ཡང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱིས་བུ་བཙའི་འགན་བཅོལ་ཐོབ་ཐང་ལོངས་སུ་སྤྱོད་པར། ཕྲུ་གུ་སྐྱེས་ཆོག་པའི་ལག་ཁྱེར་དང་། བུ་བཙའི་ཞབས་ཞུའི་ལག་ཁྱེར། གཉེན་སྒྲིག་ལག་ཁྱེར་སོགས་དཔྱད་ཡིག་གཞན་མཁོ་འདོན་བྱ་མི་དགོས་པར་གཏན་འབེབས་བྱས་ཡོད་ཅེས་བརྗོད་འདུག


针对辅助生殖类医疗服务,国家医保局统一规范价格项目,推动将辅助生殖技术项目纳入医保支付范围,并指导各省逐步实施。目前,北京、广西、内蒙古、甘肃等20个省区市和新疆生产建设兵团已经把辅助生殖医疗服务项目纳入医保报销。此外,国家医保局还明确,享受生育保险待遇不再需要提供准生证、生育服务证、结婚证等其他非必要的附加材料。






























ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 拉萨融媒

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章