ཕྲུ་གུའི་གཤགས་བཅོས་འདི་ནི་བོད་ནས་ཐེངས་དང་པོ་ཡིན།

时事   2024-09-19 14:07   中国  

ཉེ་ཆར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བྱིས་པའི་ཕྱི་བཅོས་ཚན་ཁག་NICUདང་གཤགས་བཅོས་སྤྲིད་སྨན་ཚན་ཁག་སོགས་ཀྱི་སྨན་དོན་མི་སྣས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་ཨ་མའི་ཁོག་པའི་ནང་ཟླ་བ་བདུན་ཙམ་ལས་འཁོར་མེད་པ་དང་། གཟུགས་པོའི་ལྗིད་ཚད་ཁེ་༨༠༠ལས་མེད་པའི་རྒྱུ་མ་རྡོལ་བའི་མངལ་ཆགས་ཕྲུ་གུ་ཞིག་སྲོག་སྐྱོབ་བྱས་ཡོད་པ་རེད།
གཤགས་བཅོས་དེ་ནི་བོད་དུ་ཐེངས་དང་པོ་ཡིན་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཚན་ཁག་མང་པོས་མཉམ་ལས་ཐོག་ལེགས་སྒྲུབ་བྱུང་བ་ཞིག་ཡིན་པས། བོད་དུ་གཟུགས་པོའི་ལྗིད་ཚད་ཧ་ཅང་དམའ་བའི་སྐྱེ་ཤོར་ཐེབས་པའི་ཕྲུ་གུར་གཤགས་བཅོས་བྱེད་པའི་ལག་རྩལ་གྱི་སྟོང་ཆ་ཡང་བསྐངས་ཡོད་པ་རེད། 
མངལ་ཆགས་ཕྲུ་གུ་ཟླ་ཆེ་གེ་མོ་ནི་ཁྱིམ་ཚང་དེའི་ཕྲུ་གུ་གསུམ་པ་དེ་ཡིན་ལ། མངལ་ཆགས་ནས་ཟླ་བདུན་ཙམ་ལ།  ཨ་མའི་བུ་སྣོད་ནང་ཁྲག་འཁྱིལ་བ་དང་ཁྲི་མ་བརྡོལ་བ་སོགས་གནས་ཚུལ་ཛ་དྲག་ཅན་མང་པོ་ཞིག་བྱུང་ཡོད།   ཕྲུ་གུ་དེ་སྐྱེས་དུས་ངུ་ཤུགས་ཆུང་བ་དང་། ཤ་མདོག་སྨུག་པོར་གྱུར་བ། ལུས་པོའི་ལྗིད་ཚད་ལ་ཁེ༨༠༠ཙམ་ལས་མེད་པས་མི་དར་མའི་ལག་མཐིལ་ཙམ་གྱི་ཆེ་ཆུང་ལས་མེད།

近日,在全体医护人员的共同努力下,拉萨市人民医院小儿外科联合NICU、手麻科等科室成功救治一胎龄29周、800g超低出生体重并发肠穿孔患儿。该手术为西藏首例,是拉萨市人民医院多学科协作的又一次重大突破,填补了西藏自治区超低出生体重早产儿手术的技术空白。

小患儿达某作为家中的第三胎,在胎龄仅约29周时,便因胎儿宫内窘迫、疑似胎盘早剥、慢性高血压并发重度子痫前期等多种紧急情况。出生时,他哭声微弱,肤色青紫,体重仅800g,如同成人一手掌般大小。

ཚེ་སྲོག་ཉམས་ཆུང་འདི་ལྟ་བུ་ཞིག་གི་མདུན་དུ། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་བུད་མེད་དང་བུ་བཙའི་ཚན་ཁག བྱིས་པའི་ཕྱི་བཅོས་ཚན་ཁག གཤགས་བཅོས་དང་སྦྲིད་སྨན་ཚན་ཁག་བཅས་ཀྱི་སྨན་དོན་མི་སྣས་འཕྲལ་དུ་སྨན་བཅོས་བྱས་པ་རེད། 
སྐྱེས་མ་ཐག་པའི་ཕྲུ་གུའི་གློ་བ་ཡོངས་སུ་འཚར་མེད་པས། དབུགས་གཏོང་ལེན་འཕྲུལ་ཆས་ཀྱིས་རམ་འདེགས་བྱས་ནས་དབུགས་གཏོང་ལེན་བྱེད་དགོས་བྱུང་ཡོད། ཉིན་༢༠རིང་ལ་སྨན་བཅོས་བྱས་པ་བརྒྱུད། དབུགས་གཏོང་ལེན་འཕྲུལ་ཆས་མི་དགོས་པར་བྱིས་པས་དབུགས་བཏང་ཐུབ་པ་བྱུང་ཡོད་རུང་། འཕྲུལ་ཆས་ཕྱིར་འཐེན་བྱས་རྗེས་ཀྱི་ཉིན་གསུམ་པར། ཕྲུ་གུ་དེ་གྲོད་ཁོག་སྦོས་པ་དང་གཉན་ཁ་བྱས་པ་སོགས་ཀྱི་ནད་རྟགས་ཐོན་པས། བརྟག་དཔྱད་བྱས་རྗེས་ཕྲུ་གུ་དེའི་རྒྱུ་མར་གཉན་ཁ་ཡོད་པ་དང་། རྒྱུ་མར་རྨ་བྱུང་བ། རྒྱུ་མ་བརྡོལ་པ་སོགས་ཀྱི་ནད་ཡིན་པས་མྱུར་དུ་གཤགས་བཅོས་བྱེད་དགོས་བྱུང་ཡོད།
རིགས་གཅིག་མཁས་ཅན་མང་པོ་ཞིག་གིས་གྲོས་བསྡུར་དང་ཞིབ་འཇུག་བྱས་ནས། གཤགས་བཅོས་ཀྱི་ཇུས་གཞི་བཟོས་པ་དང་འབྲེལ།   ཕྲུ་གུ་དེའི་ནང་མིའི་མོས་མཐུན་ཐོབ་རྗེས། ཟླ་༨ཚེས་༢༡ཉིན་གྱི་ཐོ་རེངས་སུ་གཤགས་བཅོས་བྱེད་འགོ་ཚུགས་པ་རེད། གཤགས་བཅོས་ཀྱི་བརྒྱུད་རིམ་ཡོངས་ལ་ནད་ཐོག་སྨན་པ་དང་། སྦྲིད་སྨན་སྨན་པ། ནད་གཡོག་རུ་ཁག་བཅས་ཡོད་ལ། སྨན་དོན་ཚོགས་པས་བྱང་ཆུབ་པའི་ལག་རྩལ་དང་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ནས། དཀའ་ཚད་ཆེ་བའི་གཤགས་བཅོས་དེ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་རེད།

面对如此脆弱的生命,拉萨市人民医院妇产科、新生儿科及小儿外科、手麻科的医护人员迅速行动起来,展开了一场与时间赛跑的救援行动。

由于新生患儿肺未完全成熟,需要呼吸机辅助呼吸。经过20天的精心治疗,终于脱离了呼吸机的支持,但撤机后的第三天,患儿出现腹胀、感染加重症状,综合患儿的体征及辅助检查,诊断为坏死小肠结肠炎、肠坏死、肠穿孔,需要紧急进行手术治疗。

经多位专家深入讨论、研究制定了手术治疗方案,并征得患儿家属的理解与同意后,8月21日凌晨手术开始。整个手术过程,临床医师、麻醉医师及护理团队配合紧密,有条不紊。医护团队凭借精湛的技术和不懈努力,成功完成了这一高难度手术。

སྨན་པས་སྨན་བཅོས་དང་ལྟ་རྟོག་ཞིབ་ཚགས་བྱས་པ་བརྒྱུད། དབུགས་རྔུབ་གཏོང་དང་། ཁྲག་འཁོར་རྒྱུན་བརྟན་པོ་མེད་པ། གཉན་ཁ་ཡོད་པ་སོགས་ཀྱི་དཀའ་ངལ་རབ་དང་རིམ་པ་བསལ་ནས། གཟུགས་པོའི་གྲངས་གཞི་ཁག་བརྟན་པོར་གནས་པ་དང་འབྲེལ། ཕྲུ་གུའི་ཨ་མས་འོ་མ་སྟེར་འགོ་བཙུགས་པ་དེའི་ཐོག་ནས་ཕྲུ་གུ་དེ་ཉེན་ཁ་ནས་འགྲོལ་ཡོད་པ་མཚོན་ཐུབ། 
ང་ཚོས་ཕྲུ་གུ་དེའི་སྙིང་སྟོབས་དང་བློ་སྟོབས་ལ་བསྔགས་བརྗོད་བྱ་རྒྱུ་མ་ཟད། ཐེངས་འདིའི་སྲོག་སྐྱོབ་ནང་ཞུགས་མཁན་སྨན་པ་ཡོངས་ལ་ཚད་མཐོའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན།

在医护人员的精心治疗和细心照料下,患儿逐渐克服了呼吸、循环不稳定、感染等一系列挑战,生命体征逐渐平稳,并开始经口喂奶,这标志着他又向健康迈出了坚实的一步。

为这位小天使的勇敢与坚强点赞,也为所有参与救治的医护人员致以崇高的敬意。














ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ།  དབང་མོ། འཇིགས་མེད།


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 拉萨市人民医院

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章