གཞིས་ཀ་རྩེའི་གྲོང་ཚོ་འདིའི་ཟ་ཁང་འདི་དངོས་གནས་དཔེ་ཡག་པོ་འདུག

时事   2024-09-15 17:06   西藏  



བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་ལྷ་ཁུད་གྲོང་ཚོའི་རྨོ་བུ་ཁྲིད་ལགས་ཀྱི་འཛུམ་གྱིས། ང་ད་ལོ་ལོ་༨༢ཡིན། བོད་རྙིང་པ་ནས་བོད་གསར་པར་བསྐྱོད་པར་མིག་མཐོང་ལག་ཟིན་བྱུང་ལ། ད་ཆ་ཟ་ཁང་བཙུགས་ནས་ང་ཚོར་རིན་མེད་ངང་ཟ་མ་མཁོ་འདོན་བྱས་ཡོད་ལ། ང་ཚོ་རྒན་རྒོན་ཚོར་བདེ་སྐྱིད་ལྡན་པའི་ཚེ་མཇུག་གི་འཚོ་བ་སྐྱེལ་ཐུབ་པར་བྱས་ཡོད། ཏང་དང་སྲིད་གཞུང་གི་དུས་རབས་བཟང་པོ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

“我今年82岁了,一路从旧西藏走进了新西藏,党让我们翻身做了主人,现在又开设了“幸福食堂”,免费为我们提供餐食,让我们这些老年人能够安享幸福的晚年生活,感谢党和政府,感谢这个好时代”。谈起刚刚开设的“幸福食堂”,桑珠孜区曲美乡拉贵村的“姆啦”莫普尺脸上洋溢着幸福的笑容。

སྤྱི་ཚོགས་ཡོངས་དགེ་བའི་ལས་ལ་ཞུགས་པ་དང་། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཐོག་རྒན་བཀུར་རྒན་གཅེས་ཀྱི་ཞི་མཐུན་རྣམ་པ་ཞིག་གཏོད་ཆེད། ཧྲན་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པའི་ལྟེ་གནས་དོ་དམ་ཚོགས་ཆུང་དང་། ཆིང་ཏའོ་གྲོང་ཁྱེར་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ཚོགས་ཆུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་། ཀྲུང་གོ་ཁུང་ཙི་ཐེབས་རྩ་ལྷན་ཚོགས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག དུས་འགོའི་གྲབས་གསོག་ཞིབ་ཚགས་བྱས་པ་བརྒྱུད། བོད་ཀྱི་རྒན་བཀུར་རྒན་གཅེས་ཀྱི་ཟ་ཁང་ཐོག་མ་བདེ་སྐྱིད་ཟ་ཁང་དེ་བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་ལྷ་ཁུད་གྲོང་ཚོར་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། དེ་ནི་ཀྲུང་གོ་ཁུང་ཙི་ཐེབས་རྩ་ལྷན་ཚོགས་དང་གཞིས་རྩེ་གྲོང་ཁྱེར་གཉིས་པོས་ཐུན་མོང་ཐོག་ཟུང་འབྲེལ་གཉིས་དང་གསར་གཏོད་གཉིས་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བའི་གསར་གཏོད་ལག་ལེན་ཞིག་རེད།

为汇聚全社会的善心善举,营造敬老爱老助老、共建共治共享的和谐氛围,在山东省第十批援藏干部中心管理组、青岛市第十批援藏干部人才组大力支持下,在中国孔子基金会鼎力资助下,经过前期精心筹措,西藏首家“孝心工程·幸福食堂”在桑珠孜区曲美乡拉贵村落地运营,这是中国孔子基金会与日喀则市共同坚持“第二个结合”,进一步推动文化“两创”工作的一次创新实践。

ཀྲུང་དབྱང་གིས་ཆོག་མཆན་སྤྲད་ནས་བཙུགས་པའི་རྒྱལ་ཡོངས་རང་བཞིན་གྱི་ཡོངས་བསྒྲགས་སུ་ཞལ་འདེབས་བསྡུ་བའི་ཐེབས་རྩ་ལྷན་ཚོགས་སྔ་ཤོས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། ཀྲུང་གོ་ཁུང་ཙི་ཐེབས་རྩ་ལྷན་ཚོགས་༡༩༨༤ལོར་བཙུགས་པ་ནས་ད་བར་ལོ་༤༠ཡི་ལོ་རྒྱུས་ཀྱི་ལམ་བུའི་ཐོག  ཁུང་ཙི་སློབ་གྲྭ་དང་རྒན་བཀུར་རྒན་གཅེས་ཀྱི་སྤྱི་ཕན་རྣམ་གྲངས་བཏོད་པ་དང་། བདེ་སྐྱིད་ཟ་ཁང་དེ་ནི་ཀྲུང་གོ་ཁུང་ཙི་ཐེབས་རྩ་ལྷན་ཚོགས་ཀྱིས་རྒན་བཀུར་རྒན་གཅེས་ཀྱི་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏང་ཆེད། རྒྱལ་ཁབ་ཀྱིས་མི་འབོར་རྒན་རྒོན་དུ་འགྱུར་བར་ཁ་གཏད་གཅོག་པའི་འཐབ་ཇུས་དང་ལེན་ཧུར་ཐག་ཞུས་པ་ཞིག་ཡིན་པ་དང་། གཙོ་གནད་ཐོག་བཏོད་པའི་རྒན་བཀུར་རྒན་གཅེས་ཀྱི་སྤྱི་ཕན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་རེད། ཟླ་༩ཚེས་༩ཉིན། ཉི་ཧྲན་འཛམ་གླིང་རུའུ་ལུགས་རིག་པའི་ལྟེ་གནས་ཀྱི་ཏང་ཨུད་ཨུ་ཡོན། ཀྲུང་གོ་ཁུང་ཙི་ཐེབས་རྩ་ལྷན་ཚོགས་དྲུང་ཡིག་ཁྲུའི་དྲུང་ཆེ་གཞོན་པ་སྨི་ཧོའེ་ཡུང་གིས་སྣེ་ཁྲིད་དེ། ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ཁུང་ཙི་སློབ་གྲྭར་བརྟག་ཞིབ་བྱས་རྗེས། ཆུ་མིག་ཤང་ལྷ་ཁོད་གྲོང་ཚོར་ཕེབས་ནས་བསམ་གྲུབ་རྩེ་ཆུས་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་གཞུང་གི་ཆུས་ཀྲང་གཞོན་པ། ཆིང་ཏའོ་བོད་སྐྱོར་ཚོགས་ཆུང་གི་སྣེ་འཁྲིད་མཁན་གཞོན་པ་ཀྲང་པིན་ཁྲེང་བཅས་གཉིས་ཀྱིས། གྲོང་ཚོ་དེའི་སྲི་ཞུའི་ལས་གྲྭ་བདེ་སྐྱིད་ཟ་ཁང་གི་སྒོ་བྱང་བཀལ་བ་དང་འབྲེལ། བདེ་སྐྱིད་ཟ་ཁང་དུ་བསྐྱོད་དེ་གྲོང་ཚོའི་ནང་གི་རྒན་རྒོན་ཚོ་དང་མཉམ་དུ་ཁ་ལག་མཆོད་ནས། ཟ་ཁང་གི་ཟ་མའི་བྲོ་བ་དང་ཞབས་ཞུར་ཤེས་རྟོགས་བྱས་པ་རེད།

作为中央批准成立的最早的全国性公募基金会之一,中国孔子基金会自1984年成立至今已走过40年历程,创建了“孔子学堂”“孝心工程”公益项目,“幸福食堂”是中国孔子基金会为弘扬孝亲敬老的中华传统美德,积极响应国家应对人口老龄化战略,所重点打造的“孝心工程”公益项目之一。9月9日,尼山世界儒学中心党委委员、中国孔子基金会秘书处副秘书长米怀勇,在带队调研江洛康萨社区“孔子学堂”后来到曲美乡拉贵村,与桑珠孜区委常委、政府副区长、青岛援藏组副领队张本成,为该村“孝心工程·幸福食堂”揭牌,并走进“幸福食堂”,与村里老人们共同开餐,了解大家对饭菜口味和食堂服务的满意度。

སྨི་ཧོའེ་ཡུང་གིས། ང་ཚོས་བོད་རང་སྐྱོང་ལྗོངས་དང་གཞིས་རྩེ་གྲོང་ཁྱེར་དང་མཉམ་དུ་བདེ་སྐྱིད་ཟ་ཁང་དང་ཁུང་ཙེའི་སློབ་གྲྭའི་སྤྱི་ཕན་རྣམ་གྲངས་འཛུགས་སྐྲུན་དང་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ནས། དམངས་འཚོའི་དགོས་མཁོ་བསྐངས་བ་དང་། གཞི་རིམ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་དང་འབྲེལ་འདྲིས་དང་། ཁྱབ་གདལ་བཅས་ཀྱི་རྒན་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འཐུས་ཚང་དུ་གཏང་འདོད་ཡོད། དེ་དང་ཆབས་ཅིག ང་ཚོས་ཁུང་ཙི་སློབ་གླིང་དང་བདེ་སྐྱིད་ཟ་ཁང་གི་རྣམ་གྲངས་དུས་གཅིག་ཏུ་འཆར་འགོད་འཛུགས་སྐྲུན། ལག་བསྟར་བཅས་བྱ་རྒྱུ་ཡིན་པས། གཞིས་ཀ་རྩེ་གྲོང་ཁྱེེར་གྱིས་ཁུང་ཙི་སློབ་གྲྭ་ནས་ཡོན་ཏན་ཤེས་པ་དག་སྤྱི་ཚོགས་ཐོག་བེད་སྤྱོད་ཡག་པོ་བྱས་ནས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དང་དར་སྤེལ་གཏོང་བ། གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་རམ་འདེགས་བྱས་ཏེ། རྒན་བཀུར་རྒན་གཅེས། ཤང་གྲོང་དར་སྤེལ་བཅས་ཀྱི་བོད་ཀྱི་མ་དཔེ་གསར་པ་ཞིག་ཏུ་འགྱུར་བར་བྱས་ནས། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྟོབས་ཤུགས་སྔར་བས་མང་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། 

米怀勇表示,“我们愿与西藏自治区、日喀则市一道,做好“幸福食堂”“孔子学堂”公益项目的建设和维护工作,满足民生需求,增强基层凝聚力,不断探索完善接地气、可持续、可推广的养老新模式。同时,我们也将把“孔子学堂”与“幸福食堂”项目同步规划、同步建设、同步运行,希望日喀则用好“孔子学堂”阵地,传播弘扬中华优秀传统文化,助力乡村基层治理,打造成为敬老孝亲、乡村振兴的西藏新样板,为新时代西部大开发贡献更多力量”。

རྒན་གསོའི་ལས་དོན་ནི་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། དེའི་གོང་བདེ་སྐྱིད་ཟ་ཁང་ཚོད་ལྟའི་འཁོར་སྐྱོད་བྱེད་སྐབས། ལྷ་ཁུད་གྲོང་ཚོའི་གྲོང་མི་དང་། ལྷག་པར་དུ་ཁྱིམ་དུ་ལོ་༦༥ལ་སླེབས་པའི་རྒན་རྒོན་གྱི་བུ་ཕྲུག་ཚོས་ཟ་ཁང་ནང་གི་ཁ་ལག་དང་ཁོར་ཡུག་སོགས་ཤེས་རྟོགས་བྱུང་རྗེས། བདེ་སྐྱིད་ཟ་ཁང་ལ་བསྔགས་བརྗོད་ཀྱང་ཐོབ་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ཁུད་གྲོང་ཚོའི་བདེ་སྐྱིད་ཟ་ཁང་དངོས་སུ་ལས་གཉེར་བྱས་རྗེས། གཟའ་འཁོར་རེའི་གཟའ་ཟླ་བ་དང་། གཟའ་ལྷག་པ། གཟའ་པ་སངས་བཅས་ལ་གྲོང་ཚོའི་ནང་གི་ལོ་༦༥ཡན་གྱི་རྒན་རྒོན་༢༨ལ་རིན་མི་དགོས་པར་ཉིན་གུང་ཁ་ལག་དང་དགོང་ཟས་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག འགྲོ་སྐྱོད་མི་བདེ་བའི་རྒན་རྒོན་ལ་ནང་གི་སྒོ་འགྲམ་དུ་ཁ་ལག་སྐྱེལ་བའི་ཞབས་འདེགས་ཞུས་ནས། རྒན་རྒོན་གྱི་ལྟོ་ཆས་བཟའ་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

“老吾老以及人之老”,养老是重要的民生工作,承载着无数家庭的期盼。此前,在“幸福食堂”试运行时,拉贵村全村村民前往食堂观看这种新奇的助老模式,尤其是家中有65岁老人的子女,特意在食堂了解了饭菜、环境等,最终对助老食堂纷纷伸出了大拇指。据介绍,拉贵村“孝心工程·幸福食堂”正式运营后,将会每周一、三、五为村内28名65岁以上老年人免费提供午餐、晚餐,同时为行动不便的老人提供送餐上门服务,切实解决老年人的就餐难题。
















ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། དབང་མོ། འཇིགས་མེད། 


主编:吾见才让

副主编:平多 桑布

编辑:旺姆 晋美

来源 | 西藏发布

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章