སྨན་རྫས་ཁང་འདིར་སྒོར་༢༠༠༠༠ཉེས་ཆད་བཏང་འདུག

时事   2024-09-12 14:51   西藏  


སྲིད་འཛིན་ཆད་གཅོད་ཀྱི་གྱོད་གཞི་ཡོངས་བསྒྲགས་བྱས་པ།


     ༢༠༢༤ལོའི་སྤྱི་ཟླ་༤ཚེས་༢༢ཉིན། གཞིས་ཀ་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་བོད་ལྗོངས་ཧྥུའུ་ཅུན་སྨན་རྫས་ཁང་ཚད་ཡོད་ཀུང་སི་རྒྱ་མཚོ་གཞུང་ཤང་ཡན་ལག་ཀུང་སིར་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། ཐོ་འགོད་བྱས་པའི་སྨན་ཕྱིར་ཚོང་ཟིན་ཐོའི་ནང་སྨན་ཐོ་བྲིས་མེད་པ་ཤེས་རྟོགས་བྱུང་བས། ཁྲིམས་འཛིན་མི་སྣས་དུས་བཀག་ནང་བཅོས་སྒྲིག་བྱ་དགོས་པའི་རེ་བ་བཏོན་པ་རེད། སྤྱི་ཟླ་༦ཚེས་༡༩ཉིན། བསམ་གྲུབ་རྩེ་ཆུད་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་ཀུང་སི་དེར་སླར་ཡང་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། སྤྱི་ཟླ་༦ཚེས་༡ཉིན་ཀུང་སི་དེས་བཙོངས་པའི་སྨན་ཐོ་ཡོད་པའི་གློ་སྨན་མང་སྦྱོར་ཤིང་མངར་རིལ་བུར་ད་དུང་སྨན་ཐོ་བྲིས་མེད་པ་ཤེས་རྟོགས་བྱུང་བ་རེད། སྤྱི་ཟླ་༧ཚེས་༡ཉིན། གཞིས་ཀ་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་ཀུང་སི་དེས་དུས་བཀག་ལས་ཡོལ་ཡང་ཡོ་བསྲང་མ་བྱས་སྟབས། གཏན་འབེབས་ལྟར་སྨན་ཐོ་ཁྱེར་ནས་སྨན་ཐོ་བཞིན་སྨན་བཙོངས་མེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་གྱོད་གཞིའི་ཁོངས་སུ་བཅུག་པ་རེད། 

     གོང་དུ་གསལ་བ་ལྟར། དོ་བདག་གིས་གོང་གསལ་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་༼ སྨན་རྫས་གཉེར་སྐྱོང་དང་བཀོལ་སྤྱོད་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱ་ཐབས ༽ཀྱི་དོན་ཚན་ཞེ་གཉིས་པའི་ནང་གསེས་དང་པོའི་གཏན་འབེབས་དང་འགལ་ཡོད་པས། ༼ སྨན་རྫས་གཉེར་སྐྱོང་དང་བཀོལ་སྤྱོད་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཐབས ༽ཀྱི་དོན་ཚན་དོན་གཉིས་པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་སྟེ། གཞིས་ཀ་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་དོ་བདག་ལ་མི་དམངས་ཤོག་སྒོར་༢༠༠༠༠༼ སྒོར་ཁྲི་གཉིས ༽ཡི་སྲིད་འཛིན་ཆད་པ་བཅད་པ་རེད། 

      སྲིད་འཛིན་ཁྲིམས་འཛིན་ཡོངས་བསྒྲགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ད་ཐེངས་ཀྱི་སྲིད་འཛིན་ཆད་གཅོད་དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།


行政处罚案件公示

2024年4月22日,日喀则市市场监督管理局对西藏阜君大药房有限公司甲措雄乡分公司开展日常监督检查中发现其处方药销售记录中未开具处方执法人员要求其限期整改。6月19日,桑珠孜区市场监管局对该公司再次监督检查时发现,6月1日其销售的处方药复方甘草片仍未开具处方。7月1日,日喀则市市场监督管理局对该公司逾期不改正未按规定凭处方销售处方药的违法行为依法予以立案。

综上,当事人上述违法行为违反了《药品经营和使用质量监督管理办法》第四十二条第一款的规定,依据《药品经营和使用质量监督管理办法》第七十二条第一款的规定,日喀则市市场监督管理局给予当事人罚款人民币20000元(贰万元整)的行政处罚

根据行政执法公示的相关规定对本次行政处罚向社会公示。



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། དབང་མོ།


主编:吾见才让

副主编:平多  桑布  

编辑:晋美  旺姆

 来源:西藏商报  日喀则市场监督管理局微信公众号

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章