ཕོ་བྲང་པོ་ཏ་ལ་ནི་ཕྱི་ལོ་༦༣༥ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་ས་དམར་པོ་རིའི་སྟེང་དུ་མཁར་ལས་ཀྱི་རྨང་བཏིང་ནས་གསར་དུ་བཞེངས། སྔར་ཕོ་བྲང་འདི་ལ་མཁར་༩༩༩ དང་། རྩེའི་རྒྱལ་པོའི་དབུ་མཁར་བརྩིས་པས་༡༠༠༠ ཡོད་པ་གྲགས།
ཕོ་བྲང་པོ་ཏ་ལ་འདི་ལ་ཐོག་བརྩེགས་བཅུ་གསུམ་ཡོད་ཅིང་། མཐོ་ཚད་ཧྥི་ཐྲི་༡༡༠ ཡོད། རྒྱ་ཁྱོན་ལ་ཧྥི་ཐྲི་གྲུ་བཞི་མ་ཆིག་འབུམ་སུམ་ཁྲི་༡༣༠༠༠༠ ལྷག་དང་། དེའི་ཕྱི་ནང་གི་འཛུགས་སྐྲུན་ལ་ཁྱད་ཆོས་ཆེན་པོ་གསུམ་ཡོད་པ་ནི། དང་པོ། ས་འགུལ། དྲག་ཆར། རླུང་ཆེན་པོ་སོགས་རང་བྱུང་གི་གནོད་པས་མི་ཚུགས་པ་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ་ཞིག་ཡིན། གཉིས་པ། མཐོ་ཞིང་བརྗིད་ཉམས་ཆེ་ལ་ཡིད་དུ་འོང་བ། གསུམ་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། སྒྱུ་རྩལ་གྱི་ཉམས་དང་ལྡན་པ་བཅས་ཡོད།
རི་བོ་གྲུ་འཛིན་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་ཡིན།
གཤམ་ལ་པར་རིས་ནས་དེ་རིང་གི་སྐུ་དཀར་གསོལ་བའི་རྣམ་པར་གཟིགས་དང་།