གནངས་ཉིན་ནོར་བུ་གླིང་གར་ཕེབས་དང་། གཞས་པ་གཞས་མ་མང་པོས……

政务   2024-12-13 17:56   西藏  

    ཟླ་12པའི་ཚེས་15ཉིན་གྱི་ཆུ་ཚོད་14:00ལ“ཉི་འོད་གྲོང་ཁྱེར། གླུ་གཞས་གླིང་གའི་འདུ་ཚོགས”ཞེས་པའི་བྱེད་སྒོ་འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་གར་སྤེལ་རྒྱུ་རེད་འདུག

    བྱེད་སྒོ་སྤེལ་བའི་ཉིན་དེར། དབང་སྒྲོན་མཚོ་དང་། ANU(ཨ་ནུ) དཔལ་ཆེན་དབང་རྒྱལ། བསྟན་འཛིན་ནོར་བུ་སོགས་ཀྱིས་གཟིགས་མོ་བ་ཚོར་ལྟད་མོ་ཆེ་བའི་གླུ་གཞས་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། གཟིགས་མོ་བ་ཚོས་འཁྲབ་སྟོན་བྱ་ཡུལ་ནས་གླུ་གཞས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པ་ཕུད། ད་དུང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྲོལ་ཉམས་སུ་མྱོང་ཆོག་པ་དང་ཆབས་ཅིག ཕུན་སུམ་ཚོགས་པའི་ཞིམ་ཟས་དང་དེ་བཞིན་རིག་གནས་བསམ་བཀོད་ཀྱི་ཚོང་འདུས་སོགས་ལ་སྐོར་ཆོག་གི་ཡོད་པ་རེད། 

    ད་ཐེངས་ཀྱི་བྱེད་སྒོར་སྤ་སེ་ཉོ་དགོས་མི་འདུག་པས། མགྱོགས་པོ་ཁྱོད་ཀྱི་གྲོགས་པོ་དང་མཉམ་དུ་གླུ་གཞས་འདུ་ཚོགས་དེར་ཞུགས་པར་ཕེབས་དང་།


བཟའ་ཟླས་ཉེས་རྡུང་བཏང་ཚེ་དཔང་རྟགས་འདི་དག་ངེས་པར་དུ་ཉར་དགོས།

ཅི་གོ་ཀང་ལ་འདྲི་གཅོད་ཐེངས་དང་པོ་བྱས་པའི་བཅད་ཁྲ་ཁྱབ་བསྒྲཊ་བྱས་པ།

2025ལོ་ནས་གློག་སྒུལ་སྦག་སྦག་འདི་རིགས་གཏོང་ཆོག་གི་མི་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章