གྲོང་ཁྱེར་འདིའི་དགུན་ཁའི་གུང་གསེང་འཇོག་པའི་དུས་ཚོད་གཏན་འཁེལ་འདུག

政务   2024-12-12 09:48   西藏  

    ལྷོ་ཁ་གྲོང་ཁྱེར་གྱི་2024ལོའི་དགུན་ཁའི་གུང་གསེང་དང་2025ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་བཀྲམ་འདུག 
    བརྡ་ཐོའི་ནང་བླང་བྱ་བཏོན་དོན། 2024ལོའི་སློབ་གྲྭ་འབྲིང་ཆུང་གི་དགུན་ཁའི་གུང་གསེང་སླེབས་གྲབས་ཡོད་པས། སློབ་མ་ཚོར་བདེ་འཇགས་དང་། བདེ་ཐང་། སྤྲོ་སྣང་ལྡན་པ་བཅས་ཀྱི་གུང་གསེང་ཞིག་གཏོང་ཐུབ་པ་བྱ་ཆེད། གུང་གསེང་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས། 
    བརྡ་ཐོའི་ནང་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི(བུ་བཅོལ་ཁང་ཚུད་པ)དགུན་ཁའི་གུང་གསེང་འཇོག་པའི་དུས་ཚོད་ནི་2024ལོའི་ཟླ་12ཚེས་31ཉིན་ནས་2025ལོའི་ཟླ་3ཚེས་10ཉིན་བར་ཡིན་པ་དང་།  མཐོ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་གུང་གསེང་འཇོག་པའི་དུས་ཚོད་ནི་2025ལོའི་ཟླ་1ཚེས་3ནས་ཟླ་3ཚེས་10ཉིན་བར་ཡིན་པ་དང་། མཐོ་འབྲིང་ལོ་རིམ་གསུམ་པའི་གུང་གསེང་འཇོག་པའི་དུས་ཚོད་ནི་2025ལོའི་ཟླ་1ཚེས་15ཉིན་ནས་ཟླ་3ཚེས་10ཉིན་བར་ཡིན་པ་རེད།  


༄༅། །སྦག་ཞྭ་ལས་འཕྲོས་པའི་གཏམ།

གོ་རྒྱུ་ལྷག་པར་ཆེ་བའི་ཀོང་ཏོང་ཆང་གི་སྐད་ཆ་ཚིག་10

ལོ་18ལ་སླེབས་པའི་གཞོན་པ་ཚང་མ་ཐོ་རྒྱག་པར་འགྲོ་དགོས་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章