ལོ་18ལ་སླེབས་པའི་གཞོན་པ་ཚང་མ་ཐོ་རྒྱག་པར་འགྲོ་དགོས་འདུག

政务   2024-12-11 16:35   西藏  

     2025ལོའི་དམག་ཞབས་ཐོ་འགོད་ཀྱི་ལས་དོན་2025ལོའི་ཟླ་1ཚེས་1ཉིན་ནས་འགོ་ཚུགས་རྒྱུ་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་བཅའ་ཁྲིམསནང་རྒྱལ་ཁབ་ཀྱིས་དམག་ཞབས་ཐོ་འགོད་ཀྱི་ལམ་ལུགས་ལག་བསྟར་བྱས་ནས་ལོ་18ལ་སླེབས་པའི་གཞོན་པ་ཚང་མས་དམག་ཞབས་ཐོ་འགོད་ཀྱི་འོས་འགན་སྒྲུབ་དགོས་པ་ཁ་གསལ་བཏོན་ཡོད།
    ལོ་དེའི་ཟླ་12ཚེས་31ཉིན་གྱི་གོང་དུ་ལོ་17ཟིན་པ་དང་ལོ་18ལ་སླེབས་མེད་པའི་གཞོན་པས་རང་ཉིད་འདོད་བློ་ཡོད་ཚེ་དམག་ཞབས་ཐོ་འགོད་ཐོག་མ་དེ་བྱས་ཆོག
    དམག་ཞབས་ཐོ་འགོད་ནི་ལོ་ཚད་ལོན་པའི་གཞོན་ནུས་སྒྲུབ་དགོས་པའི་བྱ་བ་ཡིན་པ་དང་། ལོ་ཚད་ལོན་པའི་སྤྱི་དམངས་ཚང་མར་དམག་ཞབས་ཐོ་འགོད་ཀྱི་འོས་འགན་ཡོད། དམག་ཞབས་ཐོ་འགོད་བྱས་ཚེ་ངེས་པར་དུ་དམག་དཔུང་ལ་ཕྱིན་ནས་དམག་མི་བྱེད་དགོས་པའི་ངེས་པ་མེད། འདི་ནི་རྒྱལ་ཁབ་ཀྱིས་ལོ་ཚད་ལོན་པའི་སྤྱི་དམངས་ལ་ཁྲིམས་ལྟར་ཐོ་འགོད་དོ་དམ་གྱི་ལས་དོན་སྤེལ་ཏེ། དམག་མིའི་མི་མངོན་པའི་སྟོབས་ཤུགས་ཁོང་དུ་ཆུད་པ་དང་ཛ་དྲག་ཆེ་བའི་གནས་ཚུལ་ཐོན་ཚེ་ཁ་གཏད་གཅོག་པའི་ཆེད་དུ་ཡིན་པ་རེད།
    ལོ་18ལ་སླེབས་པའི་གཞོན་པ་ཚོས་རྒྱལ་ཡོངས་དམག་བསྡུའི་དྲ་ཚུགས་སམ་ཡང་ནཀྲུང་གོའི་དམག་རྟགས་Appནང་འཛུལ་ནསདམག་ཞུགས་མིང་འགོདཀྱི་འཕྲིན་ལམ་བརྒྱུདདམག་ཞབས་ཐོ་འགོདཅེས་པ་མནན་ནས་ཐོ་འགོད་ཆོག་པ་དང་། དམག་ཞབས་ཐོ་འགོད་བྱས་ཟིན་ནས་དམག་མིར་ཞུགས་འདོད་ཡོད་མཁན་ཚོས་ཐད་ཀར་དྲ་ཐོག་ནས་དམག་ཞབས་དང་ལེན་གྱི་ཐོ་འགོད་ཆོག


མཐའ་མཚམས་བཅོས་སྐྱོང་གི་ལས་དོན་སྐོར་ལ་ཞི་ཅིན་ཕིང་གིས……

༄༅། །སྦག་ཞྭ་ལས་འཕྲོས་པའི་གཏམ།

བོད་ཀྱིས་ནད་གཞི་དམིགས་བསལ་ཕོག་པའི་བྱིས་པ་ཞིག་སྐྱོབ་བཅོས་བྱས་པ།





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com


西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章