སྟག་རྩེར་བཟོ་གྲྭ་ཆེན་པོ་ཞིག་རྒྱག་བཞིན་འདུག

政务   2024-12-13 09:57   西藏  

    2023ལོའི་ཟླ་8པར། ཅང་སུའུ་ཡིས་བོད་སྐྱོར་ནང་འདྲེན་བྱས་པའི་གཙོ་གནད་ཐོན་ལས་རྣམ་གྲངས་ཏེ། ལྷ་ས་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་སྐྲུན་འགོ་ཚུགས་ཤིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་10བཏང་ཡོད། ལོ་གཅིག་ལྷག་ཙམ་ཨར་ལས་བྱས་པ་བརྒྱུད། མིག་སྔར་རྣམ་གྲངས་དེའི་ལས་གྲྭ་གཙོ་བོ་ལས་མཇུག་འགྲིལ་ནས་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་2025ལོའི་ཟླ་6པར་གཉེར་སྐྱོང་བྱ་རྒྱུ་རེད།


    ལྷ་ས་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་དེ་སྟག་རྩེ་ཆུས་འབྲོམ་ཐོད་ཤང་དུ་གནས་ཤིང་། རྣམ་གྲངས་འཆར་འགོད་ཀྱི་ས་ཆའི་རྒྱ་ཁྱོན་ལ་མུའུ་167ཟིན་པ་དང་། འཛུགས་སྐྲུན་གྱི་ཁོངས་སུ་ཞིབ་སྤེལ་ལྟེ་གནས་དང་། ཆང་སྙོལ་འཁོར་ཁང་། རྫ་ཆས་མཛོད། ཐུམ་སྒྲིལ་འཁོར་ཁང་། ལས་བཟོའི་ལས་ཤག་དང་ཟ་ཁང་། དེ་བཞིན་ཞོར་གཏོགས་ཀྱི་ལེ་ལག་སྒྲིག་བཀོད་སོགས་ཚུད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་ལོ་རེར་ཨ་རག་ཏུན་5000ཡན་ཐོན་སྐྱེད་བྱས་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་རྒྱུ་ཡིན་པ་མ་ཟད། ལོ་རེ་བཞིན་མང་དུ་གཏོང་རྒྱུ་ཡིན་པས་ནས་ཆང་དང་འབྲེལ་བ་ཡོད་པའི་འདེབས་འཛུགས་དང་། མ་འཇོག རིག་གནས། ཡུལ་སྐོར་སོགས་ཀྱི་ཐོན་ལས་ལ་སྐུལ་ཁྲིད་ཐུབ་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད།

 

    སའི་གོ་ལའི་གླིང་སྣེ་གསུམ་པའི་ཆང་རག་ལས་རིགས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལུའུ་ཆི་ཀང་གིས་བརྗོད་དོན། མིག་སྔར། རྣམ་གྲངས་ཀྱི་ཆང་སྙོལ་འཁོར་ཁང་གི་ལས་གྲྭ་སྤྱིར་ན་ལེགས་གྲུབ་ཟིན་ནས་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་དང་། རྣམ་གྲངས་སྤྱིའི་ཆ་ནས་80%ལེགས་གྲུབ་ཟིན་ཡོད། སྔོན་དཔག་བྱས་ན་ཕྱི་ལོའི་ཟླ་དྲུག་པར་ཐོན་སྐྱེད་ཚོད་ལྟ་བྱ་རྒྱུ་དང་། རྣམ་གྲངས་བསྐྲུན་ཟིན་རྗེས་མི་500ལས་ཞུགས་ཐུབ་ནས་ས་གནས་དེ་གའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་རྒྱུ་རེད།  




བཟའ་ཟླས་ཉེས་རྡུང་བཏང་ཚེ་དཔང་རྟགས་འདི་དག་ངེས་པར་དུ་ཉར་དགོས།

ཅི་གོ་ཀང་ལ་འདྲི་གཅོད་ཐེངས་དང་པོ་བྱས་པའི་བཅད་ཁྲ་ཁྱབ་བསྒྲཊ་བྱས་པ།

2025ལོ་ནས་གློག་སྒུལ་སྦག་སྦག་འདི་རིགས་གཏོང་ཆོག་གི་མི་འདུག





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཤེས་རབ་རྡོ་རྗེ།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com




西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章