ལྷ་སའི་དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་བཀག་ཉར་བྱས་པ།

政务   2024-09-26 15:04   西藏  


ཟླ་9ཚེས་13ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་ལ་འཁོར་རྟགས་བོད་A****2ཡིན་པའི་རླངས་འཁོར་ཆུང་གྲས་ཤིག་གི་རླངས་འཁོར་རྒྱབ་མདུན་གྱི་འཁོར་རྟགས་གཅིག་པ་མིན་པར་འཁོར་རྟགས་རྫུན་མ་བསྒར་བའི་དོགས་པ་འདུག་ཅེས་པའི“དམིགས་བསལ་གྱི་ཉེན་དོན”བཀའ་རྒྱ་ཞིག་འབྱོར།

    ཉེན་དོན་འབྱོར་རྗེས། གྲོང་ལྷོ་རུ་ཆེན་གྱིས་འཕྲལ་མར་ཞིབ་འཇུག་ཐག་གཅོད་ཚོགས་ཆུང་བཙུགས་ཏེ་གྲངས་གཞི་ཆེན་པོར་བརྟེན་ནས་དོགས་ཡོད་རླངས་འཁོར་གང་དུ་བསྐྱོད་མིན་བཤེར་སྐབས་རླངས་འཁོར་དེ་ནི་དྲ་འབོད་རླངས་འཁོར་ཀུང་སི་ཞིག་དང་གན་རྒྱ་བཞག་པའི་འཁོར་རིགས་ཡིན་པ་ཤེས་རྟོགས་བྱུང་བ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་དུ་དེའི་ཁྲིམས་འགལ་གྱི་དཔང་རྟགས་ཉར་བ་དང་སྦྲགས་ཀུང་སི་དེའི་གཞོགས་འདེགས་འོག་རླངས་འཁོར་དེར་ལྟ་སྡོམ་ཞིབ་བཤེར་བྱས་པ་རེད།

    ཟླ་9ཚེས་16ཉིན། མི་དམངས་ཉེན་རྟོག་པས་བརྙན་ལམ་ནས་དོགས་ཡོད་རླངས་འཁོར་དེ་གང་དུ་ཡོད་མེད་གྲལ་བཤེར་གཏན་འཁེལ་བྱས་རྗེས་ཆུ་ཚོད་18ཙམ་ལ་ཚལ་གུང་ཐང་ཁྲོམ་གཞུང་གི་ལག་བརྒྱུད་རླངས་འཁོར་ཁྲོམ་ར་ནས་རླངས་འཁོར་དེའི་ཁ་ལོ་བ་དང་གྱོད་འབྲེལ་རླངས་འཁོར་རྩད་ཆོད་དེ་རུ་ཆེན་དུ་བརྟག་དཔྱད་གཏིང་ཟབ་བྱེད་པར་ཁྲིད་པ་རེད།

འཁོར་རྟགས་རྫུན་མ་བསྒར་བའི་འཁོར་རིགས་བཏང་ན་རྒྱུན་གཏན་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ཟང་ཟིང་ཚབས་ཆེན་བཟོ་ཡི་ཡོད་ལ། འགྲུལ་པའི་མི་ལུས་བདེ་འཇགས་ལ་དེ་བས་ཀྱང་ཐད་ཀར་ཉེན་ཁ་བཟོ་ཡི་ཡོད། མིག་སྔར་གྱོད་འབྲེལ་རླངས་འཁོར་གནས་སྐབས་བཙན་ཉར་བྱས་པ་དངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁ་ལོ་བ་ཀྲང་ཆེ་གེ་མོས་འཁོར་རྟགས་རྫུན་མ་བསྒར་བའི་རྐྱེན་གྱིས་སྲིད་འཛིན་བཀག་ཉར་ཉིན་15བྱ་རྒྱུ་དང་། དངུལ་ཆད་སྒོར་5000གཏོང་རྒྱུ་མ་ཟད། ཁ་ལོ་བའི་ལག་ཁྱེར་ནས་སྐར་མ་12གཅོག་རྒྱུའི་ཆད་པ་བཅད་པ་རེད།


འགྲན་བསྡུར་འདི་ཟླ་9ཚེས་29ཉིན་འགོ་འཛུགས་རྒྱུ་རེད།

གཟིཊ་དང་། གྲོང་ཚོ་འདིའི་འཕེལ་རྒྱས་ཁོང་རྣམས་དང་ཁ་བྲལ་ཐབས་མི་འདུག

ལོ་ལེགས་འབྲས་བཟང་སྨིན། དགའ་བའི་འཛུམ་མདངས་འཕྱུར།





རྩོམ་སྒྲིག་པ་གཙོ་བོ། དོན་གྲུབ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།
ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章