སྲོལ་རྒྱུན་གྱི་ལག་བཟོས་ལས་བྱུང་བའི་བྱ་མདོའི་གོ་རེ།

文摘   2024-10-24 18:15   青海  

སྲོལ་རྒྱུན་གྱི་ལག་བཟོས་ལས་བྱུང་བའི་བྱ་མདོའི་གོ་རེ།


    ཀོས་ནན་རྫོང་བྱ་མདོ་ཤང་གོར་མདོ་སྡེ་བར་བསྐྱོད་ན། གོ་རེ་ཡི་དྲི་མ་ཞིམ་པོ་དེ་ཕྱོགས་བཞིར་འཐུལ་ནས་ཡོད། འདི་ནི་རོ་བཅུད་ཀྱི་དགྱེས་སྟོན་ཞིག་ཡིན་པར་མ་ཟད། མང་ཚོགས་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པའི་ལས་བཏོད་ཀྱི་མགོ་རྩོམ་སའང་ཡིན་ལ། སྲོལ་རྒྱུན་ཟས་མཆོག་དང་དེང་རབས་ཚོང་སྤོགས་ཀྱི་གཞི་འདྲེས་ས་ཡག་པོ་ཞིག་ཀྱང་ཡིན་པས། གོར་མདོ་སྡེ་བས་གྲུབ་འབྲས་ཀྱི་ལེའུ་གསར་བ་ཞིག་འབྲི་བཞིན་ཡོད།

    མིག་སྔར། གསར་འགོད་པ་ཀོས་ནན་རྫོང་བྱ་མདོ་ཤང་གོར་མདོ་སྡེ་བའི་སྡེ་མི་གཡང་མཚོ་སྐྱིད་ཀྱི་གོ་རེ་འཚོང་ཁང་དུ་ཡོང་ནས་རྒྱུས་ལོན་བྱས་པ་ལྟར་ན། གཡང་མཚོ་སྐྱིད་ཀྱིས་སྔོན་ཆད་འཚོ་བའི་ཆེད་དུ་ས་ཆ་གཞན་དུ་སོང་ནས་ཞོར་ལས་བྱས་པ་ཡིན་ལ། ཕ་ཡུལ་གྱི་ཁྱད་ལྡན་གོ་རེ་ལ་བཅངས་བའི་དུངས་བ་ཟབ་མོ་དང་ཚོང་ལས་ཀྱི་ཁ་ཕྱོགས་བཟང་བོར་བརྟེན་ནས་ལས་བཏོད་ཀྱི་ལམ་དུ་བསྐྱོད་པ་ཡིན་ཞེས་བཤད། ཁོ་མོས་གནའ་བོའི་ལག་ཤེས་རྒྱུད་འཛིན་དང་གསར་གཏོད་བྱས་ཏེ་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་སྒོས་ཁྱད་ཆོས་ལྡན་ཞིང་བྲོ་བ་ཤིན་ཏུ་བཟང་བའི་གོ་རེའི་ཐོན་རྫས་ལ་ཚང་མས་དགའ་བསུ་ཐོབ།

    ད་ལྟ་བྱ་མདོའི་གོ་རེའི་ཐོན་ལས་ལ་གཞི་ཁྱོན་ཅུང་ལྡན་པ་མ་ཟད། ཐོན་རྫས་ས་གནས་སོ་སོར་ཕྱིར་འཚོང་བྱེད་བཞིན་ཡོད་ལ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་དང་ལུག་ཤའི་ཟས་མཆོག་གསོལ་སྟོན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། མཚོ་སྔོན་རྩེ་རིམ་འགྲན་བསྡུར་བཅས་ཀྱི་སྟེང་རྒྱ་ཆེའི་འཛད་སྤྱོད་པ་དང་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པས། ས་གནས་ཀྱི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་ཞིག་བཏོད་ནས་བྱ་མདོ་ཤང་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྩལ།


  
ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།



海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章