མཚོ་སྔོན་གྱིས“ཕྱིར་སྡོད་རང་མིའི་ཁྱིམ་ཚང”27བསྐྲུན་པ།

文摘   2024-11-18 19:56   青海  

མཚོ་སྔོན་གྱིས“ཕྱིར་སྡོད་རང་མིའི་ཁྱིམ་ཚང”27བསྐྲུན་པ།

ཟླ11པའི་ཚེས13ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པ་ལྟར་ན། མིག་སྔར་མཚོ་སྔོན་དུ“ཕྱིར་སྡོད་རང་མིའི་ཁྱིམ་ཚང”27བསྐྲུན་ནས་གྲོང་ཁྱེར་དང་ཁུལ་ཡོངས་སུ་ཁྱབ་ཡོད།

“ཕྱིར་སྡོད་རང་མིའི་ཁྱིམ་ཚང”ནི་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རྒྱ་ཆེའི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིར་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་གཡུལ་ས་གལ་ཆེན་ཞིག་རེད། ཞིང་ཆེན་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐབ་ས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་ཤུགས་སྣོན་བརྒྱབ་སྟེ“ཏང་འཛུགས་སྐྱོང་གིས་ཕྱིར་སྡོད་རང་མིའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱ་རྒྱུ”ཁྲིད་སྟོན་དུ་བྱེད་པ་དང“ཁྱིམ་ཚང”ལ་དམ་པོར་དམིགས་ནས་ལས་དོན་ཧུར་ཐག་བསྒྲུབས་ཏེ“ཕྱིར་སྡོད་རང་མིའི་ཁྱིམ་ཚང”དེ་ཏང་འཛུགས་སྐྱོང་གིས་ཕྱིར་སྡོད་རང་མིར་སྣེ་ཁྲིད་དེ་འཛུགས་སྐྲུན་བྱེད་པའི་གཞི་རྟེན་གསར་པ་དང་། མཐུན་འབྲེལ་བྱེད་སའི་ལྡུམ་ར་ཡག་པོ། ཕྱིར་སྡོད་རང་མིའི་ལས་རིགས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྟེན་གཞི་དངོས་པོ། ཕྱིར་ སྡོད་རང་མིའི་དམངས་འདོད་ཤར་གཏོང་ཐུབ་པའི་གཡུལ་ས་སྟོབས་ཆེན་བཅས་སུ་བཏོད་ནས་ཞིང་ཆེན་ཡོངས་ཀྱི“ཕྱིར་སྡོད་རང་མིའི་ཁྱིམ་ཚང”གི་རྩ་འཛུགས་ཀྱི་རྨང་གཞི་དང་རྩ་འཛུགས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས།

ཞིང་ཆེན་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཕྱིར་སྡོད་རང་མིའི་ཁྱིམ་ཚང”ལ་བརྟེན་ནས་དུས་བཅད་ལྟར་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་ཏེ་རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་བསམ་ཤེས་དང་ཁས་ལེན་བྱེད་ཤུགས་ཆེ་རུ་གཏང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཕྱིར་སྡོད་རང་མིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་འགན་འཁྲི་འཁུར་སེམས་འཕེལ་བ་བྱེད་དགོས། སྲོལ་རྒྱུན་གྱི་དུས་ཆེན་ཉིན་མོ་དང་དྲན་གསོའི་ཉིན་མོ་སྣ་ཚོགས་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་མཐུན་འབྲེལ་དང་། སྙིང་གཏམ་གླེང་མོལ། འཚམས་འདྲི་དང་རོགས་སྐྱོར་སོགས་ཀྱི་ལས་དོན་རྒྱ་ཁྱབ་ཏུ་སྤེལ་ནས་ཕྱིར་སྡོད་རང་མིའི་ལས་རིགས་ཁག་གི་བདེ་སྐྱིད་ཀྱི་བསམ་པ་དང་། ཐོབ་སེམས། གཏོགས་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། “ཕྱིར་སྡོད་རང་མིའི་ཁྱིམ་ཚང”དུ་དཔེ་དེབ་ལྟ་ཁང་དང་། ཕྱིར་སྡོད་རང་མིའི་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་ཁུལ།ཕྱིར་སྡོད་རང་མིའི་ཉམས་འགྱུར་འགྲེམས་སྟོན་ཁུལ་སོགས་བཙུགས་ནས་ཕྱིར་སྡོད་རང་མིའི་སེམས་པ་གཅིག་ཏུ་འགྲིལ་བའི་མཐུན་འབྲེལ་གྱི་ཁྱིམ་ཚང་དང་། ཞི་མཐུན་གྱི་ཁྱིམ་ཚང། དྲོ་སྐྱིད་ཀྱི་ཁྱིམ་ཚང་བཅས་ནུས་ཤུགས་ཡོད་རྒུས་བཏོད་ཡོད། མཐོ་སློབ་ཁྲོད་མེས་རྒྱལ་དུ་ཕྱིར་ལོག་བྱས་པའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་བལྟོས་བཅས་ཀྱིས་གཅིག་སྡུད་ཆེ་ཞིང་། ཞིང་ཆེན་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ཚོགས་པས་སྔ་རྗེས་སུ་མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་མཐོ་སློབ་གསུམ་དུ“ཕྱིར་སྡོད་རང་མིའི་ཁྱིམ་ཚང”བཙུགས་ནས“ས་གནས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་དང་། སློབ་ཆེན་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས། སློབ་གྲྭའི་མཛའ་གྲོགས་ལྷན་ཚོགས”བཅས་ཀྱི་ལེགས་ཆར་གང་ལེགས་བརྟེན་ནས་སེམས་མཐུན་དང་། ཕྱོགས་མཚུངས། གཞོགས་འདེགས་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་བཏོད་ཡོད་པ་རེད། དེ་དང་དུས་མཚུངས“ཕྱིར་སྡོད་རང་མིའི་ཁྱིམ་ཚང”ལ་བརྟེན་ནས་ཕྱིར་སྡོད་རང་མིའི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། ཕྱིར་སྡོད་རང་མི་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དང་ཁྲིམས་སྲོལ་ཁྱབ་གདལ་གཏོང་རྒྱ་ཆེ་རུ་བཏང་ནས་ཕྱིར་སྡོད་རང་མིའི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་རེད། 2023ལོར་ཟི་ལིང་གྲོང་ཁྱེར་གྱི“ཕྱིར་སྡོད་རང་མིའི་ཁྱིམ་ཚང”དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི“ཕྱིར་སྡོད་རང་མིའི་ཁྱིམ་ཚང”དེ2021ལོ་ནས2022ལོའི་བར་གྱི་རྒྱལ་ཡོངས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ཁོངས་གཏོགས་ཀྱི“ཕྱིར་སྡོད་རང་མིའི་ཁྱིམ་ཚང”གི་དཔེ་མཚོན་འདེམས་འཛུགས་ཚན་པར་བདམས། །

ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章