གཅེས་སེམས་ཞོགས་ཟས་ཀྱིས་ཁོར་ཡུག་གཙང་སྦྲ་པར་དྲོད་ཁོལ་སྦྱིན་པ།

文摘   2024-11-04 18:26   青海  

ཀོས་ནན་གྱི་གཅེས་སེམས་ཞོགས་ཟས་ཁོར་ཡུག་གཙང་སྦྲ་པར་དྲོད་ཁོལ་སྦྱིན་པ།


   དྲོད་ཁོལ་ལྡན་པའི་གྲོང་ཁྱེར་ཆུང་ཆུང་འདི་རུ་ཡིད་དུ་འོང་བའི་ཡུལ་ལྗོངས་ཤིག་ཡོད།ཞོགས་པའི་ཉི་ཟེར་ཀོས་ནན་གྱི་སྲང་ལམ་གྱི་ཆེ་ཆུང་ཀུན་ཏུ་འཕྲོས་པ་ན།ཧིན་ཞིན་ཁོར་ཡུག་སྲུང་སྐྱོང་ཚད་ཡོད་ཀུང་ཟིའི་ཁོར་གཙང་སྦྲ་བཟོ་པར་སྔ་མོ་ནས་ཉིན་གཅིག་གི་ཞོགས་ཟས་ལས་མགོ་བརྩམས་ཤིང་།གྲོང་ཁྱེར་གྱི་གཙང་སྦྲའི་ཆེད་དུ་རྔུལ་ཆུ་འདོན་ཐུབ་པ་དང་དཀའ་སྤྱད་འབད་བརྩོན་གྱི་གཙང་སྦྲ་པར་སྤྱི་ཚོགས་ཀྱི་ཐུགས་ཁུར་དང་དྲོད་སྐྱིད་ཚོར་ཐུབ་པའི་ཆེད་དུ། ཀོས་ནན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལོ་བཞི་ལ་བསྟུད་མར་འཐབ་ཕྱོགས་དང་པོའི་ཁོར་ཡུག་གཙང་སྦྲ་པར་གཅེས་སེམས་ཀྱི་ཞོགས་ཟས་མཁོ་འདོན་བྱས་པ་རེད།

   གསར་འགོད་པས་དྲི་ཞིམ་གྱི་ཧན་པའོ་ཝང་ཟ་ཁང་དུ་བསྐྱོད་སྐབས་ཕྱི་གསལ་ནང་གསལ་ཡིན་པ་མཐོང་ལ། གཙང་ཞིང་གྲལ་དག་པོའི་སྒོ་ནས་ཟ་མ་ལེན་སའི་སྟེགས་བུའི་སྟེང་མོག་མོག་དང་། འབྲས་ཐུག  སྲན་ཁུ། འོ་མ། བྱ་སྒོང་སོགས་ཡོད་བཞག་ཡོད་ལ། ཁོར་ཡུག་གཙང་སྦྲའི་བཟོ་པ་རྣམས་ཀྱིས་རང་གི་དགའ་ཕྱོགས་ལྟརཟ་མ་ལེན་སའི་སྟེགས་བུའི་འགྲམ་དུ་ནངས་ཇ་འཐུང་བཞིན་ཡོད་ལ།ཁོ་ཚོས་ནངས་ཇ་འཐུང་ཞོར་དུ་ཉེ་འགྲམ་དུ་བྱུང་བའི་སྤྲོ་སྣང་ལྡན་པའི་དོན་དག་རེ་གླེང་བཞིན། ཟ་ཁང་ནང་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་་ཡོད།

   ཀོས་ནན་རྫོང་ཧིན་ཞིན་ཁོར་ཡུག་སྲུང་སྐྱོང་ཚད་ཡོད་ཀུང་ཟིའི་ཁོར་ཡུག་གཙང་སྦྲ་པ་ཧི་མེན་ལན་གྱིས་ང་ཚོས་ཉིན་ལྟར་སྔ་མོ་ལངས་ནས་གཙང་སྦྲ་བྱས་ཚར་རྗེས་ནངས་ཇ་ཞིམ་པོ་འཐུང་ཐུབ་པས། ངོ་མ་དགའ་སྐྱིད་ཀི་ཟེར།

    ཁོར་ཡུག་གཙང་སྦྲ་པར་ཟས་ཡག་པོ་ཟ་བ་སོགས་འགན་ལེན་བྱེད་ཆེད། ཀོས་ནན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞོགས་ཟས་ཆས་མཁོ་འདོན་ཕྱོགས་ལ་ཉིན་རེའི་ཟས་ཐོ་བཟོ་འགོད་བྱེད་པ་དང་ལུགས་མཐུན་གྱིས་བཀོད་སྒྲིག་དང་།ཆ་བགོས་འདང་ངེས་དང་འཚོ་བཅུད་དོ་སྙོམས་ཡོང་བར་བྱས།གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་ཁོར་ཡུག་གཙང་སྦྲའི་བཟོ་པར་ཉིན་རེར་བློ་བདེ་བག་ཕེབས་ངང་ཟས་ཟ་བར་འགན་ལེན་བྱས་པ་དང་།དུས་མཚུངས་སུ་དུས་ངེས་མེད་དུ་ལས་ཡུལ་དངོས་སུ་ལྟ་ཞིབ་དང་ཁ་པར་གྱི་འཚམས་འདྲིའི་རྣམ་པའི་ཐོག་ནས་དུས་ཐོག་ཏུ་བསམ་འཆར་བསྡུ་ལེན་བྱས། གནད་དོན་ལ་ཞིབ་འཇུག་བྱས་ནས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    ཀོས་ནན་རྫོང་གི་དྲི་ཞིམ་ཧན་པའོ་ཝང་གི་འགན་འཁུར་བས་ཧྥིའུ་ཅོན་གྱིས་ང་ཚོས་ཁོར་ཡུག་གཙང་སྦྲ་པར་ཞོགས་ཟས་ལོ་བཞི་ལ་མཁོ་འདོན་བྱས་པ་དང་།ཉིན་རེའི་ཞོགས་ཟས་ཟ་མཁན་ཧ་ཅང་མང་བ་དང་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་དང་ཆུ་ཚོད་དགུ་བར་མི་གྲངས་ཅུང་མང་བས། ང་ཚོས་དུས་ཚོད་བསྣོལ་ནས་ཟ་མ་ཟ་རུ་བཅུག་པ་ཡིན།རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ང་ཚོར་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཧ་ཅང་བཀའ་དྲིན་ཆེ། ང་ཚོས་དུས་ནམ་ཡིན་ཡང་ཁོར་ཡུག་གཙང་སྦྲ་པར་གཅེས་སེམས་ཀྱི་ཞོགས་ཟས་སྔར་ལས་ལེགས་པར་མཁོ་འདོན་བྱེད་ངེས་ཡིན་ཟེར།

   ཤེས་རྟོགས་བྱུང་བ་ལྟར་ན། ཁུལ་སྤྱིའི་བཟོ་ཚོགས་ཀྱིས་སྣེ་ཁྲིད་དང་ཀོས་ནན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཅེས་སེམས་ཞོགས་ཟས་དེ2021ལོ་ནས་བཟུང་ལག་བསྟར་བྱེད་མགོ་ཚུགས་ཤིང་། ཀོས་ནན་རྫོང་དུ་ཞོགས་ཟས་མཁོ་འདོན་ས་ཚིགས2དང་། མགོ་མང་གྲོང་རྡལ་དང་སུམ་མདོ་གྲོང་རྡལ། ཐར་ཤུལ་ཤང་བཅས་སུ་སོ་སོར་ཞོགས་ཟས་མཁོ་འདོན་ས་ཚིགས1བཙུགས་ནས་རླུང་གཡུགས་ནས་ཆར་འབབ་པ་དང་། གཟའ་མཇུག་གི་དུས་ཆེན་གང་ཡིན་རུང་ཉིན་ལྟར་ཞོགས་ཟས་མཁོ་འདོན་བྱེད་ཅིང་། གཅེས་སེམས་ཞོགས་ཟས་དེ་དམངས་སེམས་དང་དམངས་ཀྱི་འདོད་བློ་དང་མཐུན་པ། དམངས་ཀྱི་འཚོ་བར་ཕན་པ་བཅས་ཀྱི་དྲོད་ཁོལ་ལས་གཞི་ཞིག་ཏུ་བསྒྲུབས་ནས་བརྩེ་སེམས་ཁོར་ཡུག་གཙང་སྦྲ་པར་འབུལ་ངེས་རེད།།


  
ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།


海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章