རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་བཏང་བའི་འཚམས་འདྲི་ཡི་གེ

文摘   2024-11-08 17:31   青海  

  
 ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པ་རྣམས་ལ།  
ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཞིང་ཆེན་ཨུ་ལྷན་གྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་པའི་སྐབས་འདིར།  ང་ཚོས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས25པ་བསུ།  དམིགས་བསལ་དང་གཟི་བརྗིད་ལྡན་པའི་དུས་སྐབས་འདིར་གསར་འགྱུར་འཐབ་ཕྱོགས་སུ་འབད་འཐབ་བྱེད་བཞིན་པའི་རང་ཞིང་གི་རྒྱ་ཆེའི་གསར་འགྱུར་ལས་དོན་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་ཆབས་ཅིག  དུས་ཡུན་རིང་པོར་མཚོ་སྔོན་གྱི་གསར་འགྱུར་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།     
ལོ་གཅིག་གི་རིང་ལ།  ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱིས་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ཏེ། “དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་ལམ་ཆེན་དུ·གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་པ”དང་།  “ དེང་རབས་ཅན་དུ་སྒྱུར་བའི་བཅོས་བསྒྱུར་བྱ་བ་ཡང་ཡང་གཏིང་ཟབ་ཏུ་སྤེལ།”“ཀྲུང་གོའི་རིག་གནས་ཀྱི་འགྲུལ་བཞུད”སོགས་ཀྱི་གཙོ་དོན་དྲིལ་སྒྲོག་རབ་དང་རིམ་པ་སྤེལ་ཏེ།  བྱེད་སྒོ་གལ་ཆེན་དང་དུས་ཚིགས་གལ་ཆེན་ཁྲོད་ཏང་གི་གསུང་སྐད་བརྒྱུད་སྤྲོད་དང་།  མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་དེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་གྱི་ས་གཞི་ཆེན་པོར་རྩ་བ་ཚུགས་ཤིང་།  མེ་ཏོག་བཞད། འབྲས་བུ་སྨིན་པའི་རྣམ་པ་གསོན་ཉམས་དང་བཅས་ཕྱོགས་ཡོངས་ནས་ངོམ་བཞིན་ཏང་གི་གསར་གཏོད་གཞུང་ལུགས“མི་སེར་དཀྱུས་མའི་ཁྱིམ་དུ་སྤེལ”།  ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་ལྟེ་བར་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་།  དྲིལ་སྒྲོག ལག་བསྟར་བཅས་ཡག་པོ་བྱས་ཏེ“མཚོ་སྔོན་ལ་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན།  མཚོ་སྔོན་དྲིལ་སྒྲོག་ཡག་པོ”བཅས་ཀྱི་ལས་འགན་སྒྲུབ་པའི་བློ་རྩ་བརྟན་པོ་བཅངས་ནས་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་།  ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། དམངས་ཚིས་བདེ་སྐྱིད་སྔར་ལས་ལྷག་ལ།    མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བ་དང་། འབད་འཐབ་ལྷོད་མེད་དང་འོད་སྟོང་འཕྲོ་བའི་ལེའུ་བརྩེ་བས་བརྩམས་ཏེ་དྲང་ནུས་སྔར་བས་ཇེ་ཆེར་དང་བརྗོད་དོན་གཙོ་བོ་སྔར་བས་ཇེ་མཐོར་བཏང་། ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་བཅོས་སྒྱུར་གྱི་འགན་འཁྲི་འཁུར་སེམས་ཆེ་ཆེར་བསྐྱེད་པ་དང་། གསར་གཏོད་ཀྱི་གསོན་ཤུགས་ནུས་ལྡན་ངང་འཕེལ་བ།  སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ཏེ།  གཙོ་རྒྱུགས་དམག་འཐབ་གཙོ་བོར་སྐྱོད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་།  སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་བར་གྱི་ལེགས་ཆ་གསབ་རེས་དང་དགེ་མཚན་མཉམ་ཐོན་གྱི་འཕེལ་རིམ་ལ་འཕེལ་རྒྱས་གསར་པ་བྱུང་ནས་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྤེལ་ནུས་པ་དང་།  ཁྲིད་སྟོན་ནུས་པ།  ཤུགས་རྐྱེན་གྱི་ནུས་པ། དེ་མིན་ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་སྔར་བས་ཇེ་ཆེར་ཕྱིན་ཡོད། 
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཙོ་རྒྱུགས་སྨྱན་སྦྱོར་ལ་རིམ་གྱིས་འཕོ་འགྱུར་བྱུང་བར་སྐུལ་འདེད་སོགས་ཀྱི་བཅོས་སྒྱུར་བཀོད་སྒྲིག་རབ་དང་རིམ་པ་བྱས་ནས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན།     ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་ཁུར་ཏེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་།    ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས།    དྲང་སྐྱོང་གསར་གཏོད་མཐའ་འཁྱོངས་བཅས་བྱས་ནས“ཤུགས་བཞི”རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་།    ཞིང་ཆེན་ཏང་ཨུའི“ ལས་བྱེད་པས་སྒྲུབ་དགོས། རིགས་ལམ་གསལ་དགོས། རང་གཅུན་ནན་དགོས།”བཅས་ཀྱི་བླང་བྱ་གཞིར་བཟུང་ངར་སེམས་ཆེར་སྐྱེད་དང་།  ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ།  ཞུམ་མེད་འབད་འཐབ་བཅས་ཀྱི་རིག་གནས་ཀྱི་སྒྲིག་སྲོལ་ལམ་སྲོལ་བཅོས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྨྱན་སྦྱོར་མཉམ་འདྲེས་དུས་རབས་ཀྱི་དྲ་ཐོག་དང་དྲ་འོག་ཀུན་བློ་སེམས་གཅིག་ཏུ་སྒྲིལ་བར་སྐུལ་འདེད་བཏང་ནས་ཏང་གི་གསར་འགྱུར་བྱ་གཞག་ཐད་སླར་ཡང་བྱས་རྗེས་གསར་པ་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་པའི་རེ་བ་ཡོད།
མཐར་རྒྱ་ཆེའི་གསར་འགྱུར་ལས་དོན་པ་རྣམས་ལ་དུས་ཆེན་ལ་སྤྲོ་པོ་ཡོང་བ་དང་།  ལུས་ཕུང་བདེ་ཐང་ཡོང་བ།  བྱ་བ་ལམ་འགྲོ་ཡོང་བ།  ཁྱིམ་ཚང་འཆམ་ཞིང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ།     
མཚོ་སྔོན་ཞིང་ཆེན་གསར་འགྱུར་ལས་སྒྲུབ་པའི་མཐུན་ཚོགས།
2024ལོའི་ཟླ11པའི་ཚེས7ཉིན།    



ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章