ཁུལ་དམངས་ཆེན་གྱིས་འགྱིག་རྫས་དོ་དམ་སྲོལ་ཡིག་ལ་ཞིབ་བཤེར་བྱས་པ།

文摘   2024-11-20 20:20   青海  

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབེབས་འབྱེད་མི་ཐུབ་པའི་འགྱིག་རྫས་དོ་དམ་སྲོལ་ཡིག》ལ་ཁྲིམས་བསྟར་ཞིབ་བཤེར་བྱས་པ།

 

    ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབེབས་འབྱེད་མི་ཐུབ་པའི་འགྱིག་རྫས་དོ་དམ་སྲོལ་ཡིག》ལ་ཁྲིམས་བསྟར་ཞིབ་བཤེར་བྱས་པ།

  ཟླ11པའི་ཚེས12ནས་ཚེས14ཉིན་བར། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་དཔལ་ལྡན་གྱིས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་སྣེ་ཁྲིད་དེ་ཐུན་ཏེ་རྫོང་དང་གུང་ཧོ་རྫོང་དུ་བསྐྱོད་དེ《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དབྱེ་ཕྲལ་མི་ཐུབ་པའི་འགྱིག་རྫས་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྲིམས་འཛིན་ཞིབ་བཤེར་བྱས་པ་རེད།

    ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་སྔ་རྗེས་སུ་སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཐོན་ཟོག་ཁྲོམ་ར།སྨན་ཁང་།བཟའ་བཏུང་ཚོང་ཁང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་སོགས་ཚབ་མཚོན་རང་བཞིན་ལྡན་པའི་ལས་རིགས་དང་ས་ཁུལ་དུ་སོང་ནས་ཡུལ་དངོས་སུ་ལྟ་ཞིབ་དང་བཅར་འདྲི་བྱས་ནས་བསམ་བློ་བརྗེ་རེས། དཔྱད་ཡིག་ལྟ་ཀློག་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྲིམས་འཛིན་ཞིབ་བཤེར་དེ་ཡུལ་དངོས་སུ་དྲིལ་སྒྲོག་དང་གནས་ཚུལ་ངོ་མ་རྒྱུས་ལོན།བཅའ་ཁྲིམས་ལག་བསྟར་སོགས་ཁྱབ་པར་བྱས་པ་དང་། ལོ་སྟོད་དུ་སྤེལ་བའི་ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་འབྲེལ་མཐུད་བྱས་ཏེ།དྲིལ་སྒྲོག་ཁྲིད་སྟོན་དང་།འགན་འཁྲི་དོན་འཁྱོལ།ཚབ་བྱེད་དངོས་པོ་བེད་སྤྱོད།མ་དངུལ་འཇོག་པ།ཁྲིམས་བསྟར་གནས་ཚུལ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་དང་དུས་མཚུངས་སུ།ལོ་སྟོད་དུ་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཐག་གཅོད་ཐུབ་མིན་དང་།ལམ་སྲོལ་དང་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་ཐུབ་མིན།ལས་དོན་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཐུབ་མིན། དེ་བཞིན《སྲོལ་ཡིག》ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་བསམ་འཆར། གྲོས་མགོ་སོགས་ལ་ཞིབ་བཤེར་བྱས།

  དཔལ་ལྡན་གྱིས་རྫོང་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ནས་ཐོན་པའི་ཉམས་མྱོང་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་།ཁོང་གིས་རྫོང་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ནི་ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་བྱ་རྒྱུ་གཙོར་བཟུང་བའི་ཐོག་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས།ཁྲིམས་ཀྱི་གཏན་འཁེལ་ནང་ལྟར་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ་བྱ་བ་སོ་སོའི་བྱེད་ཐབས་དང་ཁྲིམས་ཀྱི་ལག་བསྟར་ཤུགས་ཆེར་བསྐྱེད་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། འཛད་སྤྱོད་བྱེད་སྟངས་ཁྲོད་ལྗང་མདོག་འཕེལ་རྒྱས་གཙོར་འཛིན་དགོས་པའི་འདུ་ཤེས་མཐོ་རུ་གཏོང་བར་ཕན་འབྲས་མངོན་གལས་ཐོན་ཡོད་པ་རེད།ཁོང་གིས《སྲོལ་ཡིག》ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་དང་འཕྲད་པའི་དཀའ་ངལ་ལ་ངོས་འཛིན་ཡང་དག་བྱས་ཏེ།གཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ལ་དམིགས་ཏེ་རིམ་པ་སོ་སོའི་སྲིད་གཞུང་དང་འགན་ནུས་སྡེ་ཁག་གིས་སྡེ་ཁག་སོ་སོར་གཞོགས་འདེགས་བྱས་ནས་མགོ་ཁྲིད་ལ་རྩ་འཛུགས་དང་དྲིལ་སྒྲོག་གིས་ཁྲིད་སྟོན།སྒྲིག་སྲོལ་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ།བྱ་བར་འགན་ལེན་བཅས་བྱས་ནས།《སྲོལ་ཡིག》དོན་འཁྱོལ་གྱི་བྱེད་ཐབས་ཞིབ་ཚགས་བཟོ་བ་དང《སྲོལ་ཡིག》ལག་བསྟར་གྱི་འགན་ནུས་འདོན་སྤེལ་བྱས་ཏེ་འགྱིག་ཤོག་གི་ཐོན་རྫས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་ཤུགས་འདོན་དགོས་ཞེས་བསྟན།།


ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།



海南州电视台藏语平台
海南州电视台藏语新闻平台,提供时政、民生、生活资讯、民俗文化等信息。
 最新文章